ཉེ་ལམ་༼སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་བརྟེན་ཏེ། ལན་འདེབས་ཚོགས་ཆུང་གི་ལས་བྱེད་བློ་བཟང་ཆོས་འབྱོར་ལགས་མུ་མཐུད་ཉིན་གླའི་ལས་བྱེད་ཀྱི་ངོ་བོར་འདུག་མ་ཐུབ་པར་ལས་མཚམས་འཇོག་དགོས་བྱུང་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་བརྒྱུད་དེ། དབུས་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ལན་འདེབས་ཚོགས་ཆུང་དུ་ཉིན་གླའི་ངོ་བོར་ཕྱག་ལས་གནང་བཞིན་པའི་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྤེལ་བའི་གསལ་བཤད་ཅིག་གི་ནང་དུ། ཉེ་ལམ་ཁོང་གིས་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ཚན་པར་༼ སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་དེ་༼ བོད་གཞུང་གི་ལས་བྱེད་རྣམས་ཀྱི་ཐོབ་ཐང་དང་བླང་དོར་སྒྲིག་གཞི ༽དང་འགལ་ཡོད་པའི་ངོས་འཛིན་ཐོག ཁོང་གིས་མུ་མཐུད་ལས་ཀ་བྱ་ཐུབ་མ་བྱུང་བའི་སྐོར་དང་། ཐག་གཅོད་དེ་དྲང་བདེན་བྱུང་མེད་ཚུལ། རྩོམ་ཡིག་དེའི་ནང་སྒྲིག་འགལ་གྱི་གནས་ཚུལ་གང་ཡང་མེད་སྐོར་བཅས་ཀྱི་གསལ་བཤད་གནང་འདུག
བློ་བཟང་ཆོས་འབྱོར་ལགས་ཀྱི་གསལ་བཤད་ནང་། “ གུས་བ་བློ་བཟང་ཆོས་འབྱོར། སྨྱུག་མིང་ཤར་ཕྱོགས་ཁུག་རྟས་ཉེ་སྔོན་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ལེ་ཚན་དུ།༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་ཡུན་རིང་མ་ལོན་པར། བཀའ་ཤག་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་ནས་ ༢༠༡༡། ༡༠། ༡༢ ཉིན་འབྱོར་བའི་བཀོད་ཁྱབ་ནང་། “ཉིད་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་དུ་( སེང་གེའི་བཀའ་ཤག་གི་མདུན་ལམ )ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་མུ་མཐུད་རྒྱབ་གཉེར་ཞུ་ཐབས་བྲལ་འདུག” ཅེས་བཀོད་པ་ཕྲན་ལ་གནང་སྟེ། ལས་མཚམས་འཇོག་དགོས་པའི་བཀའ་ལྕི་ཕེབས།
རྩོམ་ཡིག་དེ་བླང་དོར་སྒྲིག་གཞིའི་དོན་ཚན་གང་དང་འགལ་ཡོད་མེད་དང་། གུས་བ་གཞུང་ཞབས་དང་རང་ཁོངས་ལས་བྱེད་གང་ཡང་མིན་པས་བླང་དོར་སྒྲིག་གཞི་སྲུང་དགོས་ཀྱི་མེད་པ། བཀའ་ཤག་སྐབས་གོང་མས་ཕྲན་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོ་གནང་བ་ནས། སྒེར་གྱི་རྩོམ་ཡིག་ལ་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་གི་མེད་པ། ༼ བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་། ༽ཞེས་པ་དང་། ༼ སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ༽སོགས་བྲིས་ཡོད་པ་དེས་ཡོངས་སུ་གསལ་བཤད་བྱེད་ཐུབ་ཀྱང་། ད་ལམ་བདག་ལ་ཁྲིམས་དང་ལམ་ལུགས་གང་ལའང་མི་མཐུན་པར། སྤྱི་མཚུངས་གདམ་ག་སྟེ། ཉེན་བརྡ་གསལ་བཤད་སོགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་ཐད་ཀར་ལས་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་བ་འདིའི་རྒྱབ་ལྗོངས་ཅི་ཡིན་ངེས་རྟོགས་མ་བྱུང་།
ཡིན་ནའང་། དེ་མ་ཐག་ཕྲན་ནས་གང་ཡོང་ཡོང་གིས་བསམ་བློ་བཏང་སྟེ། ༧གོང་ས་མཆོག་གི་གསབ་ཐབས་མེད་པའི་བཀའ་དྲིན་དང་རང་གཞུང་རྩ་ཆེན་ཡིན་པ་རུས་པས་ར་སྤྲོད་བྱ་ཕྱིར། ཕྲན་གྱི་དགོངས་སེལ་དང་གསལ་བཤད་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོས་བཀའ་ཤག་ལ་བསྐྱར་དུ་དགོངས་པ་བཞེས་རྒྱུའི་སྙན་ཞུར་ཕུལ་བ་དང་། ཕྲན་རང་བཀའ་བློན་རེ་རེའི་སར་བཅར་ཏེ་གསལ་བཤད་དང་སྦྲགས་དགོངས་སེལ་ངེས་འདྲོངས་ཐོན་པ་ཞུས་པ་ཡིན་ལ། བཀའ་ཁྲི་མཆོག་དང་ཕྱོགས་ཕེབས་བཀའ་བློན་ཕུད། བཀའ་བློན་གཞན་རྣམས་ཀྱིས་གུས་བས་གསལ་བཤད་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་བྱུང་།
ཕྲན་ནས་བཀའ་ཁྲིའི་སྒེར་དྲུང་བརྒྱུད་ཐེངས་གསུམ་ལ་བཀའ་ཁྲི་མཆོག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཞུས་ཀྱང་། ‘ཞུ་ན་ཞུ་ས་ཡོད་པའི་བཀའ་ཤག་ཡིན་’’ཟེར་མཁན་གྱི་ཁྲི་པ་མཆོག་གིས་ཕྲན་ལ་ཡ་ལན་ཚུལ་མཐུན་ཞིག་ཀྱང་མ་གནང་བའི་ཁར། ཚོགས་གཙོ་མཆོག་ལའང་བཀའ་དྲུང་བརྒྱུད་ནས་ཐག་གཅོད་བྱས་ཟིན་དེ་ལ་འགྱུར་བ་མེད་ཚུལ་བསྐྱར་དུ་ངག་ཐོག་ནས་གསུངས་འདུག ”ཅེས་བཀོད་འདུག
ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པ་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་བཅར་ཏེ། གནས་ཚུལ་དེ་བདེན་པ་ཡིན་མིན་བཀའ་འདྲི་ཞུས་པར་བཅར་འདྲི་དང་ལེན་གནང་མ་སོང་བས། སླར་ཡང་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་གི་དྲུང་དུ་བཅར་ཏེ་བཀའ་འདྲི་ཞུས་པར། ཁོང་གིས་ཀྱང་འདིའི་ཐད་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ཅེས་བཅར་འདྲི་དང་ལེན་གནང་མ་སོང་། ཕྱི་ཚེས་ ༢༧ ཉིན་དོ་བདག་བློ་བཟང་ཆོས་འབྱོར་ལགས་ལ་ཐུག་འཕྲད་ཀྱིས་བཅར་འདྲི་ཞུས་པར། ཁོང་གིས་གནས་ཚུལ་དེ་དག་དངོས་ཡོད་ཡིན་པ་མ་ཟད། དེ་རིང་ནས་ཁོང་གིས་ལས་མཚམས་བཞག་སྟེ་ལས་ཁུངས་ནས་འཐོན་གྱི་ཡོད་སྐོར་བརྗོད་བྱུང་།
སྐབས་དེར་གསར་འགོད་པས་ཁོང་ལ། གནས་ཚུལ་དེའི་བྱུང་རིམ་དང་། རྩོམ་ཡིག་དེ་བོད་གཞུང་གི་ལས་བྱེད་རྣམས་ཀྱི་བླང་དོར་སྒྲིག་གཞི་དང་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ སོ་སོར་ཤེས་འཇོན་ཡོད་མེད་གང་ལྟར་ཡང་། གངས་ཅན་སྐྱིད་གཤོངས་ནས་ལོ་བཞི་ལྷག་གི་རིང་ཞབས་ཞུ་ཞུས་བསྡད་པ་ཡིན། བཀའ་ཤག་གི་ཐག་གཅོད་དེ་ཚོར་དྲི་བ་གཏོང་བའི་ལམ་སྲོལ་ཞེ་དྲག་མེད་པ་གོ་ཐོས་ཡོད། སོ་སོས་གནས་སྟངས་དེ་དག་ཤེས་པའི་སྒང་ནས་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེའི་ནང་། རང་ཉིད་སྒེར་གྱི་ལངས་ཕྱོགས་དང་ལྟ་གྲུབ་ཡིན་ན་འདྲ་ལ། གཞུང་གི་སྲིད་བྱུས་ལངས་ཕྱོགས་ཡིན་ནའང་འདྲ། དེ་དག་ཚང་མའི་རྒྱ་ལས་མ་བརྒལ་བ་ཞིག་ལ་བསམ་བློ་བཏང་སྟེ་བྲིས་པ་ཡིན། ད་ལྟའི་ཆ་ལ་ཡིན་ནའང་། རྩོམ་ཡིག་གི་ནང་དོན་ཐད་ནས་མགོ་བོ་ནམ་མཁར་བཏེགས་ཏེ་འགྲེལ་བཤད་རྒྱག་རྒྱུའི་སྤོབས་པ་ཡོད” ཅེས་བརྗོད་བྱུང་།
ཡང་ཁོང་ལ་རྩོམ་ཡིག་དེར་སྒྲིག་འགལ་གྱི་ཆ་མེད་ན་ཚོགས་གཙོ་ལ་གསལ་བཤད་དང་། མུ་མཐུད་ལས་ཀ་བྱ་ཐུབ་པའི་ལམ་ཁ་འཚོལ་ཡོད་མེད་དྲིས་པར། ཁོང་གིས་ “གནས་ཚུལ་དེ་བྱུང་མ་ཐག་ང་རང་བཀའ་བློན་རྣམ་པའི་སར་བཅར་བ་ཡིན། ཆོས་རིག་བཀའ་བློན་དང་འཕྲོད་བསྟེན་བཀའ་བློན་གཉིས་བཞུགས་མི་འདུག བཀའ་བློན་གཞན་དག་གིས་ངའི་རྩོམ་ཡིག་དེ་བཀླགས་འདུག་ལ། སོ་སོས་ལྷག་བསམ་རྣམ་དག་གིས་གསལ་བཤད་བྱས་སྐབས། ཁོང་རྣམ་པའི་གསན་ཞིབ་གནང་གི་འདུག ཡིན་ནའང་། བཀའ་བློན་ཁྲི་པ་མཆོག་གི་སྒེར་དྲུང་ཡོད་སར་སྔ་ཕྱིར་ཐེངས་ ༡༤ ལ་བཅར་ཏེ་རང་ངོས་ནས་དགོངས་སེལ་དང་གསལ་བཤད་ཞུ་རྒྱུའི་རེ་སྐུལ་ཞུས་ཀྱང་གོ་སྐབས་སྤྲད་མ་བྱུང་། རང་གི་ཚོད་ཀྱིས་བསམ་བློ་གང་ཡོང་བཏང་སྟེ་གལ་སྲིད་རྩོམ་ཡིག་གི་ཚིག་འགྲོས་སོགས་ཀྱི་ཐད་ཐུགས་མོས་གནང་གི་མེད་པ་ཡིན་ན། རྦད་དེ་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་རང་ངོས་ནས་དགོངས་སེལ་ཞུ་ཆོག་པའི་སྙན་ཞུ་ཕུལ་ཏེ་དགོངས་པ་ཞིག་བཞེས་རོགས་ཞུས་པ་ཡིན་ལ། གལ་སྲིད་དགོངས་བཞེས་གནང་ཐབས་མ་བྱུང་བ་ཡིན་ནའང་། ཟླ་བ་དྲུག་གི་དུས་ཚོད་ནང་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་སྙན་ཞུ་ཞིག་དང་མཉམ་དུ། འབྲེལ་ཡོད་ཚོགས་གཙོའི་རྒྱབ་གཉེར་བཅས་བཀའ་ཤག་ལ་ཕུལ་བ་ཡིན། ཕྱི་ཚེས་ ༢༠ ཉིན་བཀའ་དྲུང་བརྒྱུད་ང་ཚོའི་ཚོགས་གཙོ་མཆོག་ལ་ངག་ཐོག་ནས་སྔོན་མའི་ཐག་གཅོད་དེར་འགྱུར་བ་མེད་སྐོར་གསུངས་འདུག ང་ལ་ཐར་ལམ་གཞན་གང་ཡང་མ་རག་སྟབས། སོ་སོའི་རྩོམ་ཡིག་དེ་ཁྲིམས་དང་བླང་དོར་སྒྲིག་གཞིའི་རྒྱ་ལས་བརྒལ་མེད་པ་དང་། བོད་སྤྱི་བའི་རྩ་དོན་ལ་གནོད་གཞི་ཏིལ་འབྲུ་ཙམ་ཡང་མེད་པ་ར་སྤྲོད་བྱ་ཆེད་རྩོམ་ཡིག་ཧྲིལ་བོ་དབྱིན་ཡིག་ཐོག་བསྒྱུར་ཏེ། ཕྱི་ཚེས་ ༢༦ ཉིན་སྒེར་དྲུང་བརྒྱུད་བཀའ་བློན་ཁྲི་པ་མཆོག་ལ་འབུལ་དུ་བཅར་སྐབས། བཀའ་བློན་ཁྲི་པ་མཆོག་ཀྱང་དེ་གར་ཕེབས་བཞིན་པ་དང་དངོས་སུ་མཇལ་བྱུང་། སྐབས་དེར་རྩོམ་ཡིག་དབྱིན་སྒྱུར་མ་དེ་ཁོང་ལ་ཕུལ་བ་དང་མཉམ་དུ་ངག་ཐོག་ནས་ཀྱང་གསལ་བཤད་ཞུས་པ་ཡིན། འོན་ཀྱང་། ཁོང་གིས་ངའི་སྐད་ཆར་གསན་འཇོག་མ་གནང་བ་མ་ཟད། ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་གསུངས་བྱུང” ཞེས་བརྗོད་བྱུང་།
དེའི་རྗེས་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་ཡང་བསྐྱར་བཅར་ཏེ། བློ་བཟང་ཆོས་འབྱོར་ལགས་ཀྱི་རྩོམ་ཡིག་དེ་གཞུང་གི་ལས་བྱེད་སྒྲིག་གཞིའི་དོན་ཚན་གང་ལ་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ཅེས་གསུངས་བྱུང་། ཡང་ཁོང་ལ། ཉིན་གླའི་ལས་བྱེད་ལ་གཞུང་ཞབས་སྒྲིག་གཞིའི་ཁྱབ་ཀྱི་ཡོད་མེད་དྲིས་པར། “གཞུང་གིས་ཕོགས་གནང་གི་ཡོད་སྟབས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་གཅིག་མིན་གཅིག་འགྲོ་དགོས་གྱི་ཡོད་པ་རེད། ངས་གོང་དུ་ཞུས་པ་ནང་བཞིན་ཉིན་གླ་དེ་རྫོགས་ཚར་པ་རེད། བསྐྱར་དུ་ཉིན་གླའི་ལས་བྱེད་བསྐོ་བཞག་མ་གནང་པ་རེད།” ཅེས་བརྗོད་སོང་།
མཇུག་དུ་ཁོང་ལ། རྩོམ་ཡིག་དེའི་ནང་སྒྲིག་གཞིའི་བླང་དོར་དང་འགལ་བའི་བརྗོད་བྱ་གང་ཡོད་མེད་དང་། གལ་སྲིད་གཞུང་གི་སྲིད་བྱུས་ལ་སྐྱོན་ཆ་དང་ནོར་འཁྲུལ་ཡོད་ཚེ་ལས་བྱེད་ཚོས་དེ་ཐེར་འདོན་བྱ་ཆོག་མིན་དྲིས་པར། ཁོང་གིས་ “ རྩོམ་ཡིག་དེའི་ནང་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་དག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ལས་བྱེད་ཅིག་གིས་སོ་སོ་བཀའ་བློན་ཁྲི་པ་དང་། སོ་སོའི་སྒང་གི་བཀའ་བློན་ཚོའི་སྲིད་ཇུས་དང་དགོངས་པ་བཞེས་ཕྱོགས་ལ་མོས་མཐུན་མེད་པ་ཡིན་ན། སོ་སོའི་ལྟ་བ་དང་མཐུན་གྱི་མི་འདུག་ཅེས་ལབ་སྟེ་ལས་བྱེད་ནས་དགོངས་པ་ཞུ་དགོས་པ་རེད། ལས་བྱེད་ཟེར་བ་དེ་སྒང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་བསྟར་མཁན། མི་མང་ལ་འགྲེལ་བཤད་རྒྱག་མཁན་རེད།” ཅེས་དང་། “ སྲིད་བྱུས་ལ་ནོར་འཁྲུལ་འདུག་བསམ་ན། སོ་སོས་བཀའ་བློན་ལ་ཐད་ཀར་ཞུ་དགོས་པ་རེད། ང་རང་གི་བསམ་ཚུལ་ལྟར་ན། མི་མང་དང་སྤྱི་ཚོགས་ལ་དངོས་གནས་སེམས་ཁྲལ་ཡོད་པ་ཡིན་ན། བཀའ་བློན་ཡོད་སར་བཅར་དེ་སོ་སོའི་བསམ་ཚུལ་གང་ཡོད་མེད་དང་། ལས་དོན་གནང་སྟངས་ག་འདྲ་བྱ་དགོས་མིན་ཞུ་དགོས་པ་རེད། དེ་ལྟར་མ་བྱས་པར་ཕྱི་ལོག་ལ་བཤད་བསྡད་པ་ཡིན་ན་དེ་སྒྲིག་གཞི་དང་འགལ་གྱི་ཡོད་པ་རེད།” ཅེས་གསུངས་བྱུང་།
གསར་འགོད་པ། ཚེ་རིང་རྒྱལ།
ལྷ་སྨོན་ཟེར་བ་དེ་བོན་རྒན་སྨོན་ལམ་མཐར་ཕྱིན་རེད།
ཐུབ་ལེགས་ལགས་ཀྱིས་ལྷ་སྨོན་གྱི་མཆན་བུ་ཚུར་བཀོག་ནས་སླེབས་པ་དེ་བཀླགས་པ་ཡིན། ལྷ་སྨོན་འདི་བ་ཚང་རྙོག་གླེང་གི་རུ་འདྲེན་ཡིན་པ་བཙན་བྱོལ་བོད་མི་ཚོར་གསལ་ཞིང་གསལ་བ་ལྟར། ད་ལམ་ཡང་། གང་ཟག་ལ་ལྟོས་ཏེ་ཟེར་བའི་རྙོག་གླེང་བཟོ་འདོད་ན་ཡང་། སྤྱིར་རུས་པ་དོར་ནས་རུ་དཔུང་འཛིན་པ་འདིའི་ཁུངས་འཁྱོལ་རྒྱུ་མེད་དུས་ཙ་ན། ལྷ་སྨོན་འདི་བས་ལུང་ཚན་དང་གྲུབ་མཐའི་དར་ཆ་ཤུགས་ཀྱིས་འཕྱར་བ་འདིའང་། སྐུ་ཞབས་བློ་སེང་ལ་རྒྱབ་སྐྱོར་བྱེད་སྟངས་ཤིག་ཡིན་པ་འདྲ་ནའང་། ཤར་ཁུག་གི་རྩོམ་གྱི་བརྗོད་དོན་ཡང་ལྷ་སྨོན་འདྲ་བ་ཁ་ཤས་ཀྱིས་བློ་སེང་ལ་ཤ་ཚ་ནས་རྣ་བར་དོགས་པ་སྣ་དགུའི་གཡོ་གཏམ་བང་དུ་སྒྲིག་པ་ལས། བློ་སེང་རང་ངོས་ལ་རྩོམ་ཡིག་དེ་ཀློག་རྒྱུའི་ཡིག་རྩ་གང་དུ་ཡོད་དམ།
གང་ཟག་ལ་ལྟོས་པའི་ལམ་དབུ་མ་དང་རྩ་དོན་ལྟོས་པའི་ལམ་དབུ་མ།
ལྷ་སྨོན་པ།
http://www.tibetexpress.net/bo/blog/viewpost/6980
དབུ་མའི་ལམ་གྱི་ལས་འགུལ་ཁང་གི་བྱེད་སྟངས་ལ་བལྟས་པའི་ཚོར་སྣང་།
སྤྱིར་དབུ་མའི་ལམ་ནི་ད་ལྟ་རྒྱ་ནག་གིས་བཙན་གྱིས་དབང་བསྒྱུར་བྱེད་བཞིན་པ་ལྟ་བུ་མཐའ་གཅིག་དང་། བོད་རང་བཙན་གཙང་མ་དགོས་པ་མཐའ་གཅིག མཐའ་དེ་གཉིས་ཀྱི་གང་རུང་དུ་མ་ལྷུང་པའི་དཀྱིལ་ལམ་དབུས་ནས་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ལ་གོ་དགོས་པ་ཡིན། བར་ལམ་ནས་དབུ་མའི་ལམ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་སྐྱོང་ཞིག་ལ་གོ་བ་ལེན་དགོས་པ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སུའང་གྱུར་ཟིན་པ་རེད། དེ་ལྟ་བུའི་ལམ་དེ་དབུ་མའི་ལམ་ཡིན་ནམ་མཐའ་ལ་ལྷུང་བའི་ལམ་ཡིན་བཤད་ཚོད་ཐིག་དཀའ་ཡང་གཞུང་འབྲེལ་གྱི་གོ་བ་ལེན་སྟངས་འདི་རང་ཡིན་པས་ཆ་འཇོག་བྱེད་དགོས་པ་ང་ཚོའི་ལས་འགན་དུ་གྱུར་ཡོད།
དབུ་མའི་ལམ་སྲིད་ཀྱི་སྲིད་བྱུས་ཀྱི་ཐ་སྙད་རང་སྟེང་ནས་གོ་བ་ལེན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་ལ། མི་མང་གི་སེམས་ནང་དུའང་གོ་དོན་རྟོགས་དང་མ་རྟོག་གི་ཁྱད་པར་ཆེན་པོ་ཡོད། ཉེ་བའི་ལོ་ཤས་སྔོན་ནས་བཞུགས་སྒར་དུ་དབུ་མའི་ལམ་གྱི་ལས་འགུལ་ཁང་ཞེས་པ་ཞིག སྤྱི་འཐུས་དང་སྤྱི་ཟུར། དེ་བཞིན་སྤྱི་ཚོགས་ནང་གི་དང་བླངས་ཆབ་སྲིད་པ་དང་། རང་མོས་དབུ་ཁྲིད་ཁག་ཅིག་སོགས་ཀྱིས་བཙུགས་སོང་། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་དང་། ལྷག་དོན་བོད་རིགས་མི་མང་དང་། རྒྱ་མི་རིགས་ལའང་དབུ་མའི་ལམ་གྱི་གོ་རྟོག་སྤེལ་ཐབས་ཀྱི་ཆེད་དུ་ཡིན་ཚུལ་ཡང་ཡང་གསུངས་སོང་། སྐབས་དེའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་སྒོ་ལ་ཕེབས་རྒྱུ་ནི་སྲིད་མཐའ་མ་བཀག་ཙམ་ཡིན་མོད། དབུ་མའི་ལམ་གྱི་ལས་འགུལ་ཁང་འདིའི་འགུལ་བསྐྱོད་ཆེ་ཆུང་ག་འདྲ་ཞིག་བྱས་ཀྱང་དེའི་རྒྱབ་ལོགས་སུ་ཡོད་པའི་བྱུས་འགོད་པ་དང་། ལས་འགུལ་ཁང་འདིའི་མཛད་སྒོ་ཆེ་ཆུང་ག་འདྲ་ཞིག་ཡོད་ཀྱང་དེའི་སྐུ་མགྲོན་དང་ལམ་སྟོན་གནང་མཁན་གཙོ་བོ་རུ་གྱུར་སོང་བ་ལྟ་བུར་མཐོང་།
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ལས་འགུལ་ཁང་དེར་གསུང་འཕྲིན་བསྩལ་གནང་མཛད་སོང་། དེར་བརྟེན་ལས་འགུལ་ཁང་དེའི་ཚོགས་མི་འམ་ལས་བྱེད་རྣམས་ས་གནས་སུ་ལས་འགུལ་སྤེལ་བར་བསྐྱོད་པའི་སྐབས། གཞིས་ཆགས་མང་པོ་ཞིག་གི་གཞིས་འགོས་ཀྱང་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་རྣམས་ཕྱོགས་བསྐྱོད་དུ་ཕེབས་པ་དང་གཅིག་མཚུངས་བཞིན་གཞུང་འབྲེལ་གྱིས་སྣེ་ལེན་གོ་སྒྲིག་གནང་ཡོད་པ་དང་། ཚོགས་པ་དེའི་ཚོགས་འདུ་ལ་ས་གནས་ཁག་ཅིག་ནས་ཚོགས་བཅར་བ་ཡང་གཞུང་འབྲེལ་ས་གནས་འགོ་འཛིན་གྱིས་གོ་སྒྲིག་འོག་ཆེད་གཏོང་གནང་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་སྐབས་དེའི་བཀའ་བློན་ཁྲི་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་མཁས་དབང་ཟམ་གདོང་རིན་པོོ་ཆེའི་ཐག་གཅོད་དང་ལམ་སྟོན་ཡིན་པ་ནི་སྨྲོས་མི་དགོས་པ་ལས། བཀའ་ཤག་གི་སྲིད་བྱུས་དེའི་འོག་ནས་གཞིས་འགོ་རྣམས་ཀྱིས་དེ་ལྟར་ཐག་གཅོད་གནང་མི་ཕོད་པ་ཧ་ཅང་གསལ་པོ་རེད་སྙམ།
ད་དུང་ཉེ་ཆར་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེས་ས་གནས་ཁག་ཏུ་དབུ་མའི་ལམ་ངོ་སྤྲོད་གནང་བའི་སྐབས། དབུ་མའི་ལམ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་གལ་ཆེན་པོ་ཡིན་པ་གསུངས་པའི་སྐབས་སུ། བདག་ཉིན་ཆེན་པོ་གན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་གཅིག་མཚུངས་བཞིན། ང་ཚོའི་དབུ་མའི་ལམ་འདི་ཡང་བོད་རྒྱ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཙམ་མ་ཡིན་པར། གོ་ལ་རང་བཞིན་གྱིས་མ་འོངས་པར་ལག་བསྟར་དང་རྩ་འཛིན་བྱེད་དགོས་པའི་སྲིད་བྱུས་ཤིག་གལ་ཆེན་ཞིག་ཡིན་པས། དེ་ལྟར་མངོན་འགྱུར་ཡོང་བར་བོད་པ་རྣམས་ལ་འགན་འཁྲི་ཆེན་པོ་ཡོད་ཚུལ་གསུང་གི་འདུག
དོན་དངོས་ང་ཚོའི་དབུ་མའི་ལམ་ཞེས་པ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་ཙམ་ཡོང་ཐབས་ཀྱི་སྲིད་བྱུས་ཡིན་པ་ཡོངས་གྲགས་ཀྱིས་གོ་བ་ལེན་བཞིན་ཡོད་སྟབས། སྲིད་བྱུས་འདི་སའི་གོ་ལ་རང་བཞིན་གྱིས་ལག་བསྟར་དགོས་པ་ཞིག་ཡིན་ན། སྟོབས་ཆེན་ཨ་མེ་རི་ཀ་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་ངོ་བོར་གནས་དགོས་པས། གསུང་སྟངས་དེ་ནི་ཧ་ཅང་མི་འོས་པ་ཞིག་ཡིན་མོད། དེ་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དམིགས་ཡུལ་ཡིན་ནམ། ཡང་ན་དྲུང་ཆེ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སྐུ་སྒེར་གྱི་དགོངས་པ་བཞེས་སྟངས་ཡིན་གསལ་པོ་ཤེས་རྟོགས་བྱུང་མ་སོང་།
བར་ལམ་ནས་ཚོགས་པ་དེའི་ནང་སྤྱི་ཚོགས་ནང་གི་གྲུབ་ཆ་མང་པོ་ཞིག་ཚང་བའི་བཟོ་ལྟ་བུ་མཐོང་སོང་ལ། སྤྱི་འཐུས་མང་པོ་ཡོད་པ་སྨྲོས་མེད་ཐོག ད་དུང་དཔེར་ན་སྨན་རྩིས་ཁང་གི་སྨན་པ། ས་རཱ་སློབ་གྲྭའི་དགེ་རྒན། ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་པ་ཟུར་པ་དང་དཔེ་མཛོད་ཁང་གི་ལས་བྱེད། བལ་ཡུལ་གྱི་ཚོང་པ། འབྲས་སྤུངས་སྒྲོ་མང་གྲྭ་ཚང་ནས་གནས་དབྱུང་བཏང་ཡང་མདོ་སྨད་སྤྱི་འཐུས་སུ་སླེབས་པའི་བཀུར་འོས་སྤྱི་འཐུས་རྨོག་རུ་བསྟན་པ། དགའ་ལྡན་གྱི་ཚོགས་ཆེན་དབུ་མཛད་ཆེན་མོ་སྤྱིའི་ཡོན་ཏན་ཆེན་པོ་གསུམ་པ་ལྡན་པ་སོགས་མང་པོ་ཞིག་བྱུང་སོང་བས། བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་འགྲོ་སོང་དང་ལས་འགུལ་རབས་དང་རིམ་པ་ཞིག་སྤེལ་ཡོད་ཀྱང་། དེ་ལས་ཀྱང་ལྷག་པའི་ནུས་པ་ཆེན་པོ་ཞིག་ལས་འགུལ་ཁང་འདིའི་ཐོག་ནས་འཐོབ་མི་ཡོང་ངམ་བསམ་པའི་ཚོར་སྣང་ངམ་རེ་བ་ཆེན་པོ་ཞིག་རང་བཞིན་གྱིས་སླེབས་སོང་།
བཀའ་བློན་ཁྲི་པ་སུ་ཞིག་འདེམས་ཐོན་བྱུང་ཡང་། བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་ཡིན་ཡིན་པ་རེད་ཟེར་བ་དང་། རང་བཞིན་གྱིས་ཡིན་དགོས་པ་རེད་ཟེར་བ་འདི། བཙན་བྱོལ་བོད་པའི་མཐོ་རིམ་གྱི་དཀྱིལ་འཁོར་ནང་རང་བཞིན་གྱིས་ཡོད་པའི་བཀའ་མོལ་ཞིག་ཡིན་ལ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་མ་བཞེངས་པའི་སྔོན། ཕྱི་ལོ་༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་ང་དབུ་མའི་ལམ་གྱི་ལངས་ཕྱོགས་ཁོ་ན་འཛིན་མཁན་ཞིག་མིན་ལ། རང་བཙན་ཁོ་ནའི་ལངས་ཕྱོགས་འཛིན་མཁན་ཞིག་ཀྱང་། རྩ་དོན་གྱི་ཆེད་དུ་ལངས་ཕྱོགས་གཉིས་ཀ་དགོས་པ་ཞིག་རེད། ད་ལྟའི་ཆར་འདི་གཉིས་ཀྱི་ཆེད་དུ་རྩོད་བརྒྱབ་ནས་ཕན་ཐོགས་མེད་པར་མཉམ་དུ་འགྲོ་ཐུབ་དགོས་པ་རེད། མདོར་བསྡུས་ན་ངའི་ལངས་ཕྱོགས་དེ་“དབུ་རང་”ཡིན་ཞེས། ཞལ་རྩེད་དང་སྦྲགས་ནས་ལམ་དབུ་མ་དང་རང་བཙན་གཉིས་ཀར་མོས་མཐུན་ཡོད་པ་ལྟ་བུ་གསུངས་པ་རེད།
རྗེས་སུ་མཐོ་རིམ་དཔོན་རིགས་ཀྱི་སྤྱི་ཚོགས་ཁོར་ཡུག་གི་དབང་གིས་ཡིན་ནམ། ཡང་ན་དགོས་མཁོ་གཞན་ཞིག་གིས་ཡིན། ཡང་ན་དེ་མ་གཏོགས་དེ་ལས་ལྷག་པའི་ལམ་ཁ་གཞན་མེད་པའི་དོན་དངོས་ཀྱི་གནས་ལུགས་ཟབ་མོ་ཞིག་རྟོགས་སོང་བ་ཡིན་གང་ཤེས་ཀྱང་། བཀའ་ཁྲིར་ཕེབས་པའི་རྗེས་སུ་དབུ་མའི་ལམ་མམ། བཀའ་ཤག་སྔོན་མའི་སྲིད་བྱུས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་རྩོད་རྒྱུའི་ཐོག་ཤར་བསྐྱོད་བྱེད་རྒྱུ་ཡིན་པ། བཀའ་ཁྲིའམ་སྲིད་སྐྱོང་གསར་པའི་ཁ་གསལ་གཏིང་གསལ་གྱིས་གསུངས་པའི་སྲིད་བྱུས་རེད།
རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཁང་གི་མཛད་གཙོ་རྣམས་ད་ལྟའི་བཀའ་ཁྲི་ལས་ཐོག་པའི་ཆབ་སྲིད་བཞེངས་ཕྱོགས་ལ་དགའ་དགོས་པ་དང་། རྒྱབ་སྐྱོར་ངེས་པར་དུ་དགོས་པ་ཞིག་ཡིན་མོད། དེ་ལས་ཟློག་སྟེ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་བཟོ་བཅོས་སྐབས། ༧གོང་ས་མཆོག་གི་དགོངས་བཞེད་བཞིན་རང་ཐག་རང་གཅོད་ཀྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་ཞེས་པ་དེའི་ཐོག་བགྲོ་གླེང་མང་པོ་བྱུང་བ་དང་། སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་༧གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མ་ཡིན་པ་ལས། རང་ཐག་རང་གཅོད་མིན་པ་དང་༧གོང་ས་མཆོག་གིས་གང་དུའང་རང་ཐག་རང་གཅོད་དགོས་ཚུལ་གསུངས་མེད་ཚུལ་དང་སྦྲགས། སྒྲིག་གཞི་དེའི་ནང་༧གོང་ས་མཆོག་གི་དགོངས་བཞེད་རང་ཐག་རང་གཅོད་ཡོང་ཐབས་ཞེས་པའི་ཚིག་དེར། ༧གོང་ས་མཆོག་གི་དགོངས་བཞེད་དབུ་མའི་ལམ་ཞེས་བཟོ་བཅོས་དགོས་པའི་དགོངས་ཚུལ་ཚོར་ཤུགས་ཆེན་པོའི་ཐོག་ནས་གསུངས་ཡོད་པ་དང་། དེ་ལ་སྤྱི་འཐུས་ཁག་ཅིག་གིས་མོས་མཐུན་མེད་ཚུལ་གྱིས་བསམ་ཚུལ་གསུངས་པར་བརྟེན། མཐའ་མ་ཐག་གཅོད་ཀྱི་ལག་པ་འགྱོགས་སྐབས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་གཙོ་འཛིན་སྤྱི་འཐུས་ཡོངས་གླིང་ཟླ་བ་ཚེ་རིང་ལགས་དང་། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་རྒྱུན་ལས་སྨན་པ་མཁྱེན་རབ་གཉིས་ཀྱིས་གཙོས་དེ་དང་འབྲེལ་ཡོད་རྣམས་ཀྱིས་ཏག་ཏག་དབུ་མའི་ལམ་གྱི་སྲིད་བྱུས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་འགོད་རྒྱུར་རྒྱབ་སྐྱོར་མ་གནང་བར། རང་ཐག་རང་གཅོད་ལ་རྒྱབ་སྐྱོར་གནང་སོང་།
དེར་བརྟེན་སྒྲིག་གཞིའི་ནང་དུ་མུ་མཐུད་༧གོང་ས་མཆོག་གི་དགོངས་གཞི་རང་ཐག་རང་གཅོད་ཅེས་འཁོད་ཡོད་པ་རེད། ད་བར་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་གི་ནང་དུ་རྩ་དོན་གྱི་ལངས་ཕྱོགས་འཁོད་པ་དེ་དང་པོ་ཡིན་པ་ལས། དབུ་མའི་ལམ་དང་རང་བཙན་གྱི་སྲིད་བྱུས་སྐོར་ཚིག་གཅིག་ཙམ་ཁྲིམས་སྒྲིག་གང་གི་ནང་དུའང་འཁོད་ཡོད་པ་མ་རེད། དེར་བརྟེན་བཀའ་བློན་ཁྲི་པའི་གྲོས་ཚོགས་ནང་ལམ་དབུ་མ་ཞེས་པའི་ཚིག་དེ་སྒྲིག་གཞིའི་ནང་དགོས་ཚུལ་ཤུགས་ཆེ་གསུངས་ཀྱང་། དུས་རྒྱུན་དབུ་མའི་ལམ་གྱི་སྐུ་སྲུང་ལྟ་བུ་ཡིན་གསུངས་མཁན་ཚོས་ཀྱང་དེ་ལ་རྒྱབ་སྐྱོར་མ་གནང་བར་མཐར་དབུ་མའི་ལམ་ཞེས་པའི་ཚིག་དེ་བཅུག་མ་ཐུབ་པར་རང་ཐག་རང་གཅོད་ཀྱི་དོན་དག་དེ་རང་འཇགས་ལྷག་པ་རེད། གསུང་མཁན་གྱི་བཀའ་ཁྲི་དེ་གང་ཟག་གཞན་ཞིག་ཡིན་ན་སྐབས་དེ་དུས་བཀུར་འོས་སྤྱི་འཐུས་ཁག་ཅིག་གི་དགོངས་པའི་ནང་དུ་དབུ་མའི་ལམ་ཞེས་པའི་ཚིག་དེ་ཡང་དེ་ལྟ་བུའི་ཉམ་ཆུང་ངང་ལྷག་མི་དགོས་པ་ལྟ་བུ་རེད།
འོན་ཀྱང་རང་ཐག་རང་གཅོད་ཅེས་པ་སྤྱི་མོས་རེད་དམ་ཞེ་ན་དེ་ཡང་མ་རེད། སྤྱི་མོས་འགྲོ་བར་མདོ་སྟོད་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གཅིག་པུས་དགག་པའི་ལག་པ་འཕྲེད་དུ་བརྐྱངས་པར་བརྟེན་སྤྱི་མོས་སུ་འགྲོ་མ་ཐུབ་ཀྱང་། མང་མོས་ཚད་མཐོའི་ཐོག་ནས་དབུ་མའི་ལམ་ཞེས་པའི་ཚིག་དེ་སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་འཁོད་རྒྱུར་དགག་བྱ་བྱས་པ་རེད་ཅེས་བརྗོད་ཆོག གནད་དོན་འདི་ལ་བརྟེན་ནས་ཐེ་ཚོམ་དང་དྲི་བ་ག་རེ་སླེབས་པ་རེད་ཅེ་ན། ད་ལྟའི་ཆར་གྲོས་ཚོགས་ནང་བཀའ་བློན་ཁྲི་པའི་ལམ་དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་མཁན་ག་ཚོད་ཅིག་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་འདི་དུས་ཡུན་རིང་ཐུང་ག་ཚོད་ཅིག་ལ་གྲོས་ཚོགས་ནང་གནས་ཐུབ་མིན་ལའང་ཐེ་ཚོམ་དང་དྲི་བ་སླེབས་འོས་པ་ཞིག་ཏུ་གྱུར་ཟིན་པ་རེད།
ད་དུང་དྲི་བ་གཞན་ཞིག་ནི་དབུ་མའི་ལམ་གྱི་ལས་འགུལ་ཁང་ཞེས་པ་འདིས་གང་ཟག་ལ་ལྟོས་པའི་ཐོག་ནས་ལམ་དབུ་མ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད་དམ། ཡང་ན་རྩ་དོན་ལ་ལྟོས་པའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད་ཅེས་པ་དེ་རེད། གལ་སྲིད་རྩ་དོན་ལ་ལྟོས་ནས་ཡིན་ན་༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་ཁོ་ནས་ལམ་དབུ་མ་གསུངས་པར་རྒྱབ་སྐྱོར་ཡོད་པ་དང་། གཞན་སུས་བཤད་ཀྱང་མོས་མཐུན་མེད་པ་ལྟ་བུ། ལྷག་དོན་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ལམ་དབུ་མ་གསུངས་པའི་སྐབས་སུ་དེའི་ལྡོག་ཕྱོགས་ནས་ཏག་ཏག་ལངས་ཡོང་བའི་སྐབས་སུ་རྩ་དོན་ལ་ལྟོས་ནས་མ་ཡིན་པར། གང་ཟག་ལ་དམིགས་ནས་ཡིན་པ་ལྟ་བུར་མཐོང་སོང་། ༧གོང་ས་མཆོག་གི་མཚན་དང་མཉམ་དུ་དབུ་མའི་ལམ་གསུངས་པའི་སྐབས་སུ་ཐལ་མོ་སྦྱར། མིག་ཆུ་ཤོར་གྱི་ཡོད་པའི་བཟོ་ལྟ་བསྟན། བཀའ་ཁྲི་བློ་བཟང་སེང་གེས་དབུ་མའི་ལམ་གསུངས་པའི་སྐབས་སུ་དབུ་མའི་ལམ་གྱི་དགག་ཕྱོགས་སུ་ལངས་པའི་གནས་སྟངས་འདི་ལ་བལྟས་ན་མི་དེ་དག་གི་ཕུགས་དམིགས་ལ་ཐེ་ཚོམ་དང་དོགས་པ་ཆེན་པོ་ཡོད་ལ། བཀའ་ཁྲིའི་འོས་བསྡུའི་སྐབས་སུ་དམིགས་ཡུལ་བཟུང་བ་བཞིན་མ་འགྲུབ་པའི་ན་ཚ་ཡང་ད་དུང་སེམས་ནང་དུ་ཉར་ནས་ལས་དོན་བྱེད་པའི་སྐབས་སུ་བེད་སྤྱོད་བྱེད་བཞིན་པའི་ཚོར་སྣང་རང་ཤུགས་ཀྱིས་སླེབས་སོང་།
དེར་བརྟེན་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་འབྲེལ་ཡོད་མང་པོ་ཞིག་གི་སེམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ནི། ཚོང་པ་ཞིག་གི་ཚོང་རྫས་དང་། ཆབ་སྲིད་པ་ཞིག་གི་ཁེ་བཟང་རག་པའི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱེད་བཞིན་པ་ལས། དོན་དམ་པ་དང་ཡང་དག་པའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་འདུག འོན་ཀྱང་དེ་གནད་འགགས་ཆེན་པོ་གང་ཡང་མ་རེད། སྤྱི་ཚོགས་ནང་དེ་དང་འདྲ་བ་མང་པོ་ཞིག་ཡོང་སྲིད་པ་དང་། ཡོང་བཞིན་པ་ཡིན་པས་ཁོང་རྣམས་ཁོ་ན་ལས་གཞན་ལ་མེད་པའི་དམིགས་བསལ་ཞིག་གང་ཡང་མ་ཡིན་ནོ།།
འོན་ཀྱང་བཀའ་ཁྲི་ལ་ཁ་གཏད་གཅོག་ཆེད་དབུ་མའི་ལམ་གྱི་ལས་འགུལ་ཁང་ནས་དེང་སྐབས་སྤྱི་ཚོགས་ནང་བཀའ་ཁྲི་ལ་རང་ནུས་གང་ཡོད་ཀྱིས་མཚན་ཤས་བཟོ་ཨེ་ཐུབ་བལྟ་མཁན། དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་རུ་ཁེས་འཆེ་བའི་བློ་བཟང་ཆོས་འབྱོར་ཡང་། ཁོ་རང་གི་ཡིག་ངག་གཉིས་ནས་ང་གཞུང་གིས་ཕྱིར་འཕུད་བཏང་སོང་ཞེས་ཆེད་མངག་གསར་ལམ་ཁག་ཏུ་སྡུག་སྐད་རྒྱག་འགོ་བཙུགས་པ་དང་། ཁོ་པ་དབུ་མའི་ལམ་གྱི་ལས་འགུལ་ཁང་གིས་ལམ་སེང་གཅེས་ཉར་གནང་སོང་། སྤྱིར་སྒྲིག་འཛུགས་ཤིག་གི་ལས་བྱེད་དམ། ཡང་ན་ཚོགས་པ་ཞིག་གི་ཚོགས་མིའི་འོས་ཆོས་ནང་གཞུང་སྒེར་གྱི་སྡེ་ཚན་གང་རུང་ནས་ཕྱིར་འཕུད་བྱས་པ་མ་ཡིན་པ་ཞེས་འཁོད་ཡོད་པ་བཞིན་ལག་བསྟར་བྱེད་བཞིན་ཡོད་མོད། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་གྱི་བཀའ་བློན་ཁྲི་པར་མཚན་ཤས་བཟོ་ཨེ་ཐུབ་བལྟ་མཁན་ཤར་ཕྱོགས་ཁུག་རྟའམ། བློ་བཟང་ཆོས་འབྱོ
དུག་གི་སྐྱེད་ཚལ།
བཀའ་ཁྲི་བློ་སེང་དང་ཤར་ཕྱོགས་ཁུག་རྟ། ད་དུང་ཁོང་ཚོ།
ཆབ་བྲག་ལྷ་མོ་དང་ཤར་ཁུག་གི་གནད་དོན།
རྒན་ཆབ་བྲག་ལགས་ནས་ཤར་ཁུག་བཀའ་ཤག་གིས་གནས་དབྱུངས་ཐད་ཐོག་མའི་གསལ་བསྒྲགས་བྱས་པ་དང་མཉམ་དུ་འགན་ཁུར་མེད་པའི་སྐད་ཆ་ཞིག་སྟེ། “ཁྱེད་རང་བཀའ་ཤག་ནས་གནས་དབྱུངས་བཏང་ཡང་རྩོམ་པ་པོའི་མཐུན་ཚོགས་ལ་དགོས”རབས་བཤད་པ་རེད།དྲང་མོར་བཤད་ན་རྒན་ཆབ་བྲག་གིས་སྐད་ཆ་འདི་འགན་ཆེ་མདོག་གིས་བཤད་པས་བླང་དོར་མི་ཤེས་པའི་མི་མང་པོ་ཞིག་རི་བོང་ཅལ་འདྲོགས་བྱས་ནས་བཀའ་ཤག་གསར་བ་དང་བཀའ་བློན་ཁྲི་བར་རང་རང་གི་ལྕེ་ཡིས་ཅི་འཁྱོངས་ཀྱིས་ངན་སྨྲས་བྱས་ཡོད་ལ།ལོ་མང་རིང་དགུན་གྱི་ཕྱི་བ་རུ་གྱུར་བའི་རབ་གསལ་ཀྱང་ཆབ་བྲག་གི་འབྲུག་སྐད་འདིས་གཉིད་དཀྲོགས་ཡོད།དེའི་མཇུག་འབྲས་ལ་མདོ་སྟོད་སྨད་ཀྱི་མི་མང་པོ་ཞིག་སེམས་ཐག་རྒྱང་ཇེ་རིང་དུ་བཏང་ཡོད།འདི་ནི་གོང་གི་སྐད་ཆ་དེས་ནང་ཁུལ་མཐུན་སྒྲིལ་ལ་ཐེབས་པའི་ཤུགས་རྐྱེན་རེད།བཀའ་ཤག་གསར་བ་འདི་གནད་འགག་གི་དུས་ཚོད་ཅིག་ལ་ཁེལ་ཡོད་དེ།དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་སྒྲིལ་བ།༧གོང་ས་མཆོག་གིས་སྐུ་དབང་རྩིས་འབུལ་ཞུས་པ།མི་རབས་གསར་བའི་དབུ་ཁྲིད་གསར་བ་སླེབས་པའི་དུས་ཚོད་ཅིག་ཡིན།རྒྱ་གཞུང་གིས་ཀྱང་རེ་ཞིག་བོད་ཀྱི་གླུ་གར་གསར་བ་འདི་ལ་རོལ་མོའི་རམ་འདེགས་ཅི་ལྟར་བྱེད་དགོས་མ་ཤེས་པའི་དུས་འདིར་རྒྱ་གཞུང་ལ་གོ་སྐབས་བླ་མེད་ཅིག་བསྐྲུན་ཡོད། འདི་ནི་ཁྱེད་ཚོས་དགྲ་བོ་རྒྱ་དམར་ལ་བསྐྲུན་པའི་མཐུན་རྐྱེན་རེད།
རྒན་ཆབ་བྲག་དང་ཤར་ཁུག་གི་འབྲེལ་བ།
རྒན་ཆབ་བྲག་དང་ཤར་ཁུག་གཉིས་ལ་འབྲེལ་བ་དམིགས་བསལ་ཅན་ཞིག་ཡོད་པ་བཤད་མི་དགོས་པ་ཞིག་སྟེ།རྒན་ཆབ་བྲག་གིས་ཤར་ཁུག་དགེ་ཆོས་ཀྱི་ཡང་སྲིད་ཡིན་རབས་དང་བརྩམ་ཆོས་དག་དགེ་ཆོས་ཀྱི་རྩོམ་རྩལ་ལས་ཁྱད་དུ་འཕགས་ཚུལ་འུར་བརྗོད་བྱེད་མྱོང་ཡོད།ཤར་ཁུག་གི་རྩོམ་རྩལ་ཡག་པོ་མི་འདུག་ཅེས་ངས་ནམ་ཞར་ཡང་བརྗོད་ཀྱིན་མེད་མོད།རྒན་ཆབ་བྲག་གི་སྐད་ཆ་འདིར་གནས་ལུགས་ཡོད་མེད་ཀུན་གྱིས་གསལ་བོར་ཤེས་པས་ངས་གསལ་བཤད་བྱེད་དོན་མི་འདུགཤར་ཁུག་དགེ་ཆོས་ཀྱི་ཡང་སྲིད་ཡིན་མིན་ཐད་ང་ལ་ང་ལ་ཇུས་གཏོགས་མེད་མོད།ལོ་ཤས་གོང་ཤར་ཁུག་གིས་དགེ་ཆོས་ཀྱི་ཡང་སྲིད་ཀྱི་མིང་ཐོག་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས།སྐུ་སྒེར་དྲུང་ཡིག་ཅིག་གིས་ཁོང་ལ་ཁྱེད་རང་དགེ་ཆོས་ཀྱི་ཡང་སྲིད་ཡིན་ཅེས་འདིར་འབྱོར་བའི་མི་བདུན་པ་དེ་རེད་ཅེས་བཤད་སོང་།ང་དེ་དུས་ཤར་ཁུག་གི་གམ་དུ་ཡོད།དགེ་ཆོས་ཀྱི་ཡང་སྲིད་དུ་གྲགས་པའི་མི་མང་པོ་ཞིག་ཡོད་པའི་གྲས་ནས་ཆབ་བྲག་གིས་ཁོང་ཡང་སྲིད་དུ་ངོས་འཛིན་ལྟ་བུ་ཞིག་བྱས་ཡོད།འདི་ནི་ཁོང་གཉིས་ཀྱི་འབྲེལ་བའི་སྐོར་རེད།
རྒན་ཆབ་བྲག་སོགས་ཀྱིས་རྗོད་བཞིན་པའི་ཤར་ཁུག་གི་གནད་དོན།
ཐེངས་འདིའི་ཤར་ཁུག་གི་གནད་དོན་ནི་མི་རིགས་སམ་ཡང་ན་རང་དབང་གི་གནད་དོན་ཞིག་མིན་པར་མི་སྒེར་བ་ཞིག་གི་ལྟོ་གོས་ཀྱི་གནད་དོན་ཡིན།རྒྱུ་མཚན་ནི་བཀའ་ཤག་གིས་ཤར་ཁུག་གི་ཉིན་གླའི་ལས་ཀ་མཚམས་འཇོག་བྱས་པ་ལས་རྩོམ་འབྲི་བའི་རང་དབང་ཕྲོགས་མེད། དེ་འཕྲོག་ཐུབ་པ་ཞིག་ཀྱང་མ་རེད།འོན་ཀྱང་རྒན་ལྷ་མོ་སྐྱབས་ཀྱིས་འགན་ཁུར་མེད་པའི་སྐད་ཆ་ཞིག་སྟེ་ཁྱེད་བཀའ་ཤག་ལ་མི་དགོས་ན་རྩོམ་པ་པོའི་མཐུན་ཚོགས་ལ་དགོས་རབས་བཤད་པ་རེད།མཐུན་ཚོགས་ཀྱིས་ཁོང་ལ་ལྟོ་གོས་སྤྲོད་ཐུབ་བམ།ཐུབ་ན་སྐད་རྒྱག་དགོས་དོན་མེད་པར་གནད་དོན་དེ་ཐག་ཆོད་པ་རེད།མ་ཐུབ་ན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མགྲོན་ཤོག་དེ་ཡང་མིང་རྫིག་དོན་སྟོང་ཞིག་མ་རེད་དམ།
རྒན་ཆབ་བྲག་གི་སྐད་ཆ།
རྒན་ཆབ་བྲག་གིས་ཉོག་དྲ་ལུང་པ་གང་གི་སྒོ་ཕྱེས་ཤིང་རང་ཉིད་ཀྱི་བརྗོད་འདོད་པ་ཆ་ཚང་བརྗོད་ཚར་བ་རེད།བློ་ཕངས་པ་ཞིག་ལ་མི་མང་ཆེ་བས་ཁོའི་སྐད་ཆར་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཡོད།ཁོང་དང་འདོད་བློ་མི་མཐུན་པ་རེ་ཟུང་བྱུང་བ་རྣམས་ནི་རྩོད་པ་ཕོར་ཁ་ནས་ཤོར་དུས་དགག་ལན་གྲི་རིང་གི་འཇལ་མཁན་ཤ་སྟག་ལས་གནས་ལུགས་ཤོད་ཐུབ་མཁན་ཞིག་བྱུང་མེད།འོན་ཀྱང་དྲང་ཐད་ནས་བསམ་བློ་གཏོང་མཁན་སྐུ་ཞབས་རང་དབང་རྒྱལ་ནས་གནས་ལུགས་དང་ཆེས་ཐག་ཉེ་བའི་སྐད་ཆ་ཞིག་ཐོན་པ་དང་།ཆབ་བྲག་ལན་མེད་པར་གྱུར་སྟབས་‘‘སྐད་ཆ་གསར་བ་མེད་ན་དོན་དག་དེ་གླེང་འདོད་མེད’’ ་པར་བཤད་པ་རེད།དོན་དངོས་ཐོག་གླེང་འདོད་མེད་པ་རེད་དམ་གནས་ལུགས་ཀྱིས་ཕོང་བ་རེད།ཁོང་ལ་སྐད་ཆ་འདི་གླེང་འདོད་ཡོད་པར་མ་ཟད་གླེང་མཁན་ཐོག་མའང་ཁོང་རེད།འོན་ཀྱང་ད་ལྟ་གློ་བུར་དུ་སྐད་ཆ་འདིར་ཡི་ག་ཆད་དགོས་དོན་ནི་ལས་སླ་བོར་ལན་འདེབས་བྱེད་ཐུབ་པའི་དྲི་བ་ཞིག་རེད།
བཀའ་ཤག་དང་བཀའ་བློན།
བཀའ་སྤྱི་གཉིས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆ་གལ་ཆེ་ཤོས་དེ་ཡིན་ལ།མཐར་གཏུགས་ན་བཀའ་ཤག་ནི་བཙན་བྱོལ་བོད་མིའི་སྟོབས་ཤུགས་ཡིན་ཞིང་དགྲ་བོར་ཁ་གཏད་གཅོག་བྱེད་ཀྱི་ང་ཚོའི་སྟོབས་ཤུག་གཅིག་བུ་དེའང་ཡིན།གཞིས་བྱེས་གཉིས་ཀྱི་རེ་བའི་བློ་ཕུགས་གཏོད་ཡུལ་ཀྱང་བཀའ་ཤག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་འདི་ཡིན། སྒྲིག་འཛུགས་འདིའི་དབུ་ཁྲིད་བློ་སེང་ལ་འབུམ་རམས་པའི་ཤེས་ཚད་མེད་ཀྱང་རུང་།བོད་ཡིག་མི་ཤེས་ནའང་ཆོག ཁོང་ནི་ང་ཚོའི་དབུ་ཁྲིད་ཡིན་ལ།མཐར་གཏུགས་ན་ས་ཡ་དྲུག་གི་དབུ་ཁྲིད་ཡིན།དེ་ཡང་ང་ཚོ་ཐུན་མོང་གིས་ཁོང་ཁྲི་འཕང་འདིར་བསྐྱོན་པ་ལས།ཁོང་གིས་བཙན་དབང་གིས་བཀའ་བློན་ཁྲི་བའི་འོས་སྒམ་ཕྲོགས་མེད་པ་ང་ཚོས་ཤེས་དགོས།ཐེངས་འདིའི་བཀའ་ཁྲིའི་འོས་བསྡུའི་ཁྲོད་བཙན་བྱོལ་བའི་ལོ་རྒྱུས་ལས་བརྒལ་བའི་འོས་ཤོག་གི་རྒྱལ་ཁ་ཁོང་ལ་ཐོབ་ཡོད།འདི་ནི་བོད་མི་མང་གིས་བློ་སེང་ལ་ལྟ་སྟངས་རེད། ‘‘ཡུན་རིང་སྙིང་ལ་བརྣག་པའི་འདོད་དོན་གྲུབ་སོང་’’ཞེས་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་བའི་དབུ་ཁྲིད་ཐོག་མ་དེའང་བློ་སེང་ཡིན།ད་ལྟའི་བར་༧གོང་ས་མཆོག་གིས་ཚད་མཐོའི་བསྔགས་བརྗོད་འདི་འདྲ་བློ་སེང་ལས་སུ་ལའང་གནང་མྱོང་མེད། འདི་ནི་༧གོང་ས་མཆོག་གིས་བློ་སེང་ལ་གཟིགས་སྟངས་རེད།
དམངས་གཙོ་དང་སྒྲིག་འཛུགས།
གཞུང་དང་ཚོགས་པ་གང་ཞིག་ཡིན་ཀྱང་སྒྲིག་འཛུགས་ཤིག་ཡོད་པ་ཡིན།སྒྲིག་འཛུགས་ཟེར་བ་དེ་མིའི་རང་འདོད་ལ་བཀག་སྡོམ་བྱེད་པའི་ཐབས་ལམ་ཞིག་རེད།སྒྲིག་འཛུགས་གང་ཞིག་དང་འགལ་ན་འགལ་མཁན་རང་ཉིད་ཚོགས་པ་དེ་དང་རང་བཞིན་གྱིས་ཁ་གྱེས་པ་རེད།གནས་ལུགས་འདི་རྒན་ཆབ་བྲག་ལ་ཤོད་ཀྱི་མེད་པར་གནས་ལུགས་མི་ཤེས་ཤིང་ཅལ་འདྲོགས་ལ་དགའ་མཁན་ཚོར་ཤོད་ཀྱིན་ཡོད།རྒན་ཆབ་བྲག་ལ་གནས་ལུགས་འདི་ཤོད་མི་དགོས་པ་ངས་གསལ་བོར་ཤེས་ཀྱི་ཡོད།
དྲན་སྐུལ།
གཅིག
ད་ལྟའི་བར་བོད་ཡིག་གི་རྩོམ་པ་པོ་མི་ཉུང་བ་ཞིག་བཀའ་ཤག་གིས་མཚོན་པའི་གཞུང་སྒེར་གྱི་ཚོགས་པ་ཁག་དང་། དགོན་སྡེ་ཁག་ནས་ཚོད་འཛིན་བྱས་པ་དང་། ཉེས་ཆད་བཏང་བ།གནས་ནས་དབྱུངས་པ་སོགས་རབ་དང་རིམ་པར་བྱུང་ཡོད་མོད།རྒན་ལགས་དང་མཐུན་ཚོགས་ཀྱིས་ཟུར་མིག་ཙམ་ཡང་ལྟ་མྱོང་མེད།དེ་རིང་གློ་བུར་དུ་འབྲུག་འདྲ་ཞིག་གྲག་དགོས་དོན་འདི་ཡང་དགོད་སྤྱད་ཅིག་མ་རེད་དམ།
གཉིས།
རྩོམ་པ་པོའི་མཐུན་ཚོགས་ཡིན་ན་འདྲ། སྙུ་གུ་འཆང་བའི་བོད་རིགས་ཤིག་ཡིན་ཕྱིན།སྙུག་རྩེ་གཏོད་ས་དེ་རང་གཞུང་བཀའ་ཤག་དང་ནང་ཁུལ་མ་ཡིན་པར།རྣོ་ཞིང་མྱུར་བའི་སྙུག་རྩེ་དེ་པེ་ཅིན་ཀྲུང་ནན་ཧེ་རུ་ཡོད་པའི་ལག་དམར་གྱི་དཔུང་ཚོགས་དེར་གཏོད་དང་། གནས་དེ་ན། བོད་མི་རིགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་།དྲང་བདེན་ལ་འཁྱོག་བཤད། དོན་དངོས་རྫུན་འགེབས།རིག་གཞུང་གཏོར་བརླག་གཏོང་དང་གཏོང་བཞིན་ཡོད།
ང་དང་རྒན་ཆབ་བྲག
ང་ལ་མཚོན་ན་རྒན་ཆབ་བྲག་ལ་གུས་ཞབས་བྱེད་མཁན་གྱི་མི་ཞིག་ཡིན།རྒྱུ་མཚན་ནི་ཁོང་ལོ་མང་རིང་བོད་ཀྱི་རིག་གཞུང་དང་ཁ་མ་བྲལ་བར་སློབ་གསོའི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་སློབ་ཕྲུག་བརྒྱ་སྟོང་མང་པོ་གསོ་སྐྱོང་གནང་ཞིང་།ད་དུང་བོད་མི་མང་སྤྱི་འཐུས་ཟུར་བ་ཞིག་དང་།རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ལོ་མང་རིང་བཞེས་མཁན་ཞིག་ཡིན་པས་ཆ་ནས་ངའི་སེམས་གཏིང་ནས་ཁོང་ལ་གུས་བཀུར་ཚད་མེད་ཞུ་བཞིན་ཡོད། འོན་ཀྱང་དྲང་བདེན་གྱི་ཆེད་དུ་ངས་སུ་ཞིག་ལ་གུ་ཡངས་གཏོང་མྱོང་མེད་ལ་ཕྱིས་སུའང་གཏོང་མི་སྲིད།འདི་ནི་ཕྲན་གྱི་རང་གཤིས་ཡིན་པས་གུས་ཤིང་བརྩེ་བའི་རྒན་ཆབ་བྲག་ལགས་ཀྱི་ཐུགས་དང་འགལ་རིགས་ཡོད་ཚེ་དགོངས་དག་ཞུ་གི་ཡིན། །
འདོན་སྤེལ།: ༢༠༡༡/༡༡/༠༣
རིག་པ་འདོན་པ།
རྒྱ་རྙི།
༢༠༡༡/༡༡/༡༠ ཉིན་འདོན་སྤེལ་བྱས། བློ་གཟུ་བོར་གནས་པའི་སྐད་ཆ་བཤད་རྒྱུ་ནི་ཧ་ཅིང་གལ་ཆེན་པོ་ཡིན་ཙང་། རྨ་དུག་ལྕེ་ཡིས་སྐད་ཆ་དེ་དག་ལ་གནས་ལུགས་དང་རྒྱུ་མཚན་གཉིས་ཀ་ལྡན་པས་ན་དེ་ལ་རྒྱབ་སྐྱོར་མི་བྱེད་པའི་ཤེས་ལྡན་སུ་ཞིག་ཡོད། རྣོད་ངར་ལྡན་པའི་རྩོམ་ཡིག་འདིས་ཆབ་བྲག་དང་ཤར་ཁུག་གཉིས་ཀྱིས་ངན་འཚང་དམར་རྒྱན་དུ་བྱུང་འདུག་པར་མ་ཟད། ད་དུང་ལན་གྱི་ཕོང་འདུག་པ་ནི་མངོན་སུམ་དུ་གྲུབ་བས་སོ།།
བློ་བཟང་།
༢༠༡༡/༡༡/༡༠ ཉིན་འདོན་སྤེལ་བྱས། དྲ་གྲོགས་ཚོ། འདྲེ་མགོ་ཤར་ཁུགས་ལ་ཐེ་ཝན་ནས་རྒྱ་དམར་གྱིས་ལས་འགན་ཞིག་སྤྲད་ཡོད་གི། ད་དུང་མུ་མཐུད་དུ་ལས་འགུལ་སྣ་ཚོགས་སྤེལ་འཆར་འདུག
ཚ་རོང་བུ།།
༢༠༡༡/༡༡/༡༠ ཉིན་འདོན་སྤེལ་བྱས། ལྐུག་གི་སྐྱག་པ་ཡག་པོ་ཕྱི་མི་ཤེས་མཁན་འབྲོག་རྒན་གསར་འབྱོར་འདྲེ་མགོ་རྡོ་ལགས། ཁྱེད་རང་གིས་༼ཤོག་སེང་༽ཞེས་པའི་རྩོམ་འཁྱམ་མང་པོ་ཞིག་སྤེལ་འདུག ཁྱེད་ཀྱིས་དོན་ངོ་མར་བོད་མི་རིགས་པ་ཕན་པའི་ལས་ཀ་ཅི་ཞིག་བྱས་ཡོད་བསམ་བློ་ཐོངས་དང་། མི་ལ་བཤད་པར་དང་པོ་རང་ཉིད་བརྡར་ཤ་གཅོད་དགོས། བོད་ཡིག་ཁྱ་རེ་ཁྱོ་རེ་ཤེས་པ་ཙམ་གྱིས་ང་རྒྱལ་མ་བྱེད་ལོ། དེ་གཅིག་པུས་བོད་རང་བཙན་ལེན་ཐུབ་རྒྱུ་ཕར་ཞོགས། ཁྱེད་རང་གི་གྲོད་ཁོག་དེ་ཡང་རྒྱོང་ཁག་སི་རེད་གོ འབྲོག་རྒན་གསར་འབྱོར་འདི་ཚོ་གྲས་ད་དུང་ཡང་ཀླད་པར་བཅིངས་འགྲོལ་ཐོབ་མི་འདུག བཅིངས་འགྲོ་ཡང་བསྐྱར་ཞིག་གཏོང་དགོས་ས་རེད། སྙིང་རྗེ་བོད་ནང་གི་ས་ཁུལ་ལུང་ཁུག་གྲངས་ངར་ཅན་གྱི་འབྲོག་སྡེ་ཁེར་རྐྱང་ཞིག་ནས་ཡིན་པ་འདྲ།
འབའ་སྲས།
༢༠༡༡/༡༡/༠༨ ཉིན་འདོན་སྤེལ་བྱས། ཐེངས་འགར་བཀླགས་པ་ཡིན། གནད་ལ་འཁེལ་ཡོད་ཀི།
འདྲེ་མགོ་རྡོ།
༢༠༡༡/༡༡/༠༧ ཉིན་འདོན་སྤེལ་བྱས། སྤྱིར་བཏང་ཅང་མི་ཤེས་མཁན་དག་ལ་སྐད་ཆ་བཤད་རྒྱུ་ལས་གཡུག་བཞག་ན་དགའ་མོད། འདིར་བློ་གཟུར་གནས་ཅན་རེ་ཤོས་ཀྱང་སླེབས་འདུག་པས། དབྱེ་ཞིབ་ཀྱི་བློ་མིག་ཞར་ནག་ཆགས་འདུག་པ་འདིས་ཀྱང་། བློ་སེང་དང་ཁུག་རྟའི་ཀླད་པའི་ནུས་ཚོད་ལ་རྨ་དུག་ལྕེ་འདྲ་བའི་གླེང་ཡུལ་རེད་མི་འདུག་པ་གསལ་བོ་རེད།
ངས་ཞོར་དུ་རྨ་དུག་ལྕེ་ཟེར་བར་དྲི་བ་འགའ་བཏང་འདོད་དེ།
༡ བླང་དོར་སྒྲིག་གཞི་ཟེར་ན་ག་རེ་རེད་དམ། ༢ རྩོམ་ཡིག་དེའི་དགོངས་དོན་ག་རེ་རེད། ༣ རྩོམ་ཡིག་ནང་གི་དབྱེ་ཞིབ་དངོས་ཡོད་གནས་ཚུལ་དང་མ་མཐུན་པ་གང་དག་རེད། ༤ ཆབ་བྲག་དང་ཁུག་རྟས་དཔུང་སྒྲིག་གི་ཡོད་ནའང་། སྐྱག་རྫུན་ཁུངས་མེད་བཤད་ནས་དཔུང་སྒྲིག་གྱིན་འདུག་ན། ཁྱེད་ནས་ང་འདྲའི་སྨྱུག་ཁ་གྲི་འདྲ་ཞིག་བཟུང་ནས་ས་ས་དང་རྡོ་རྡོ་སར་དམར་རྗེན་གྱིས་མི་འཇོག་པ་ག་རེ་ཡིན་ནམ། ཞོར་འཕྲོས་ཙམ་ཡིན། ལན་མ་གནང་ནའང་འགྲིག
རྗེས་ན། བོད་ཀྱི་ཡི་གེ་འདི་སྐྱག་པ་དང་རྫུན་མ་བསྣོག་མི་ཉན་ལགས།
ཚ་རོང་བུ།།
༢༠༡༡/༡༡/༠༧ ཉིན་འདོན་སྤེལ་བྱས། ཁཽ་རེ་བྱ་གཞུང་དཔལ་རྡོར། ཁྱེད་ཀྱིས་ཡག་པོ་བྱེད་ནས་ཉོན་ཨ། ངས་བཤད་པ་ཡིན། ངས་བལྟས་པ་ཡིན། ཤར་ཁུག་གི་སེང་གེའི་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེའི་ནང་། ཚིག་བེད་སྤྱོད་བྱེད་སྟངས་ཀྱི་ཆ་ནས། བཀའ་ཁྲི་མཆོག་མི་སྒེར་པར་དམའ་འབེབས་དང་ཚིག་རྩུབ་བེད་སྤྱོད་བྱས་འདུག དྲིལ་བསྒྲགས་དྲུང་ཆེས་གསུངས་པ་ལྟར། ཁོང་བོད་མི་མང་ལ་ཤ་ཚ་ཡོད་ན་དང་ཐོག་ནས་བཀའ་ཁྲིའི་མདུན་དུ་བཅར་ནས་གནས་ཚུལ་ཞུ་གཏུགས་དང་འགྲེལ་བརྗོད་བྱེད་དགོས་པ་རེད། འོན་ཀྱང་དེ་ལྟར་བྱས་མེད་པ་ཤེས་གསལ་རེད། གནས་ཚུལ་འདི་གཅིག་པུའི་ཐོག་ནས་ཤར་ཁུག་གིས་ནོར་འཁྲུལ་བྱས་པ་མང་པོ་བགྲངས་རྒྱུ་ཡོད། འོན་ཀྱང་བོད་རྩ་དོན་ལ་ཕན་པ་ཞིག་མིན་སྟབས། དུས་ཚོད་གཏོང་རིན་མི་འདུག་གོ།
ད་དགོས་མེད་ན་གེ་ནོག་གེ་དེ་ཚོ་གླེང་རྒྱུ་མཚམས་འཇོག་ན་ཡག་གི་རེད་དོ།
བྱ་གཞུང་དཔལ་རྡོར།
༢༠༡༡/༡༡/༠༧ ཉིན་འདོན་སྤེལ་བྱས། ཧང་སངས་བའི་གནད་དོན་ཞིག་ནི་མི་མང་པོ་ཞིག་གིས་ཤར་ཁུག་གི་རྩོམ་ཡིག་ནང་ག་རེ་བྲིས་ཡོད་མེད་ཐད་ནས་བཤད་མཁན་མེད་པ་རེད། དེ་ག་རེ་སྟོན་གྱི་ཡོད་རེད་ཅེས་ན་ང་ཚོའི་ཀླད་པ་ཡོངས་རྫོགས་ཞེན་ཁོག་དང་དགའ་མོས་དགའ་ཕྱོགས་ཁོ་ནས་ཁྱེར་བ་རེད། གཙོ་བོ་ང་ཚོས་ང་ཚོ་རང་ཉིད་ནི་རྒྱུ་མཚན་ལྡན་པ་ཡིན་བསམ་ཡོད་རེད། མི་ཁ་ཤས་ཀྱིས་ཤར་ཁུག་ཟེར་བ་ཆོས་འབྱོར་ཡིན་པ་ཤེས་བ་ཙམ་གྱིས་སེམས་ཀྱི་ནང་ལ་བཀུག་དྲན་ཡོད་རེད། གཞན་ཞིག་ནི་རྒན་ཆབ་བྲག་དང་ཤར་ཁུག་གཉིས་རེད། དེ་གཉིས་ཀྱི་འབྲེལ་བ་ནི་རྒྱུན་ལྡན་ཞིག་རེད། ཡིིན་ནའང་མི་ཁ་ཤས་ཀྱིས་རྐང་བཙུགས་ནས་གོ་སྐབས་ལ་སྒུག་ནས་རྒན་ཆབ་བྲག་གི་སྐོར་ལ་དཀྲོག་གཏམ་བཤད་རྒྱུ་རེག་པ་རེད། ད་དུང་ཁོ་རྒན་ཆབ་བྲག་ལ་བརྩི་བཀུར་ཡོད་མདོག་བསྟན་པ་རེད། སྨྱོན་པ་རང་རེད། གོང་དུ་རྩོམ་ཡིག་དེ་འདྲ་ཞིག་བྲིས། གཤམ་དུ་བསྟོད་པ་འདྲ་ཞིག་བྱས། ཆོ་ག་རེ་འདུག ད་དུང་བཀའ་ཤག་ནི་ང་ཚོའི་ཨ་ཡོད་ནང་གི་ད་ཡོད་རེད་ཟེར། མང་གཙོ་ལའང་འགྲེལ་བཤད་རྒྱབ། འོ་ན་ང་ཚོས་རྒྱ་ནག་ལ་སྨྱུག་ཁ་གཏད་ཆོག་ན་ཚུར་བོད་རང་གི་སྤྱི་ཚོགས་ལ་ག་རེ་བྱས་ནས་གཏད་ཆོག་གི་མ་རེད། ང་ཚོའི་མང་གཙོ་ནི་ཕར་རྒྱ་ནག་ལ་ག་རེ་བཤད་འདོད་བཤད། ཚུར་ང་ཚོའི་གཞུང་ལ་དོགས་འདྲི་ཙམ་ཡང་བྱེད་མི་ཆོག་པ་ཨེ་རེད། ལར་ནས་ཤར་ཁུག་གིས་རྒྱ་ནག་གི་འཁྱོག་བརྗོད་སྐོར་ལ་རྩོམ་ཡིག་མང་པོ་བྲིས་ཡོད་རེད། འོ་ན་ཁྱོད་ཀྱི་ཟིན་བྲིས་ནང་དུ་དེ་འདྲ་ཞིག་མཐོང་རྒྱུ་མི་འདུག དེ་ག་རེ་བྱས་བ་རེད། ཤར་ཁུག་གི་རྩོམ་ཡིག་ནང་གི་གང་ཞིག་མང་གཙོ་དང་བོད་མིའི་ཁེ་ཕན་ལ་གནོད་ཡོད་རེད་དམ། ཤར་ཁུག་ཕུད་དགོས་པའང་རྩོམ་ཡིག་དེ་རེད། རྩོམ་ཡིག་དེའི་ནང་གི་གནད་དོན་གང་ཞིག་ནི་བོད་གཞུང
གངས་ལྗོངས་མིང་ཅན་ནས་གསུང་པའི་བཀའ་བཞིན་དུ་སྐུ་དྲག་ཡིས་ཁྱད་ཆོས་ངོ་མ་ནི་གུས་པའི་ཞུ་མི་ཤེས། དེ་ཡང་གང་ཟ་གང་ཟའི་མི་ཤེས་གསུང་། ཡིན་ན་ཡང་སྔོན་ནས་ད་བར་རང་གཞུང་གིས་ལོ་རྒྱུས་ལྕོག་ལམ་ཕྲ་མོ་དེ་ལ་སྐུ་དྲག་གིས་ཁྱིམ་གཞི་ཁག་གྱིས་གསུང་བཤད་དང་གསུང་རྩོམ། མི་རབས་རིམ་པའི་བརྒྱུད་འཛིན་པ་སོགས་ལས་གསལ་པོ་རྟོགས་ཐུབ། སྐབས་དོན་ཞུ་ཡག་ལ་བློ་སེང་མཆོག་ནི་དེ་དང་འདྲ་འདུག་ཞུ་དགོན་དོན་གཅིག་ནི་བློ་ཆོས་ལ་ཁྱི་ཡི་འདུས་ཤེས་བཞིན་ཕར་རྒྱུགས་གསུང་འདུག གཉིས་པ་ནི་ཞལ་ནས་གོང་སའི་བཀའ་གསུང་བཞིན་གནང་གི་ཡིན་གསུང་བཞིན་དུ་མང་གཙོ་གིས་ཐོབ་ཐང་ནང་ནས་ཡག་ཤོས་བསམ་འཆར་ཞིག་ཀྱང་འདོན་མི་བཅུག་པ། གསུམ་ནི་ཁོང་གི་ཡོན་ཏན་དེ་དུག་སྡོམ་ལ་འགྱུར་མི་ཡོང་བ་བསམ་ནས་གུས་པའི་རེ་བསྐུལ་དུ་བྲིས་པ་ཡིན། གངས་ལྗོངས་ཁྱེད་སྐུ་དྲག་རིགས་སམ་ཡང་ན་སྦྱིན་བདག་དང་གྲོགས་པོ་སོགས་སྐུ་དྲག་གིས་རིགས་ཡིན་པའི་ཆ་ནས་ཡིན་ན་ནི་དགོང་དག་ཞུ། ཨེ་ཕན་བསམ་ནས་ཞུ་ལེ་ཡིན། ཨེ་གནོད་བསམ་ནས་བྲིས་ལེ་མིན།
དྲང་བདེན་ཡིན་གསུངས་ན་དགེ་མཚན་ཆེ་བའི་བཀའ་མོ་གནང་དགོས་པ་ལས་དོན་མེད་སྐད་ཆ་བཤད་ན་ཕན་ཐོག་མེད་པས་ཁྲིམས་ལུགས་བཞིན་ལག་ལེན་དགོས་པས་རང་གཞུང་ལ་རྒྱབ་སྐྱོར་ཡོད་།
ཤྰ་རིའི་བུ་ལགས་ཁྱེད་ཀྱི་གསུང་དང༌། སྐུ་དྲག་གི་ལྟ་བ་དང་མཁས་པའི་ལྟ་བ་ག་རེ་ཁྱད་པར་ཡོད་དམ། ཡང་ན་སྐུ་དྲག་གི་ཀླད་པ་ཆེན་པོ་དང་རྩ་མང་བ་ཡོད་དམ། འགྲེལ་བཤད་ཡོད་ན་དགེ་མཚན་ཆེན་པོར་མཐོང༌། མི་ཤེས་པ་ཚོས་ཤེས་འགྲོ་གི་རེད།
འདི་འདྲ་རིགས་ལ་དོ་སྣང་མེད་པ་བཞག་པ་ཡིན་ན་ནི་རང་དབང་དང་སྨྲ་བརྗོད་སོགས་གང་ཐད་ལ་མི་འཚམས་པ་འདུག་པའི་དེར་བརྟེན་ཚིག་གཅིག་མི་ཞུ་ཐབས་མེད་བྱུང་། དང་པོ་ནི་དམངས་གཙོ་ཟེར་བ་དེ་ངོས་འཛིན་ཐུབ་དགོས། རྒན་ཆབ་བྲག་ནི་མཁྱེན་ལྡན་པ་ཞིག་ངོས་འཛིན་ན་མི་འགྲིག་པ་ག་ལ་ཡོད། ཡིན་ན་ཡང་དམངས་གཙོ་དེ་ངོས་འཛིན་ཡག་པོ་གནང་མི་འདུག་པའི་དེ་ལ་བློ་དོགས་ཡོད། བློ་ཆོས་ཁོང་རྒྱལ་ཁབ་ལ་ཤ་ཞེན་ཡོད་ན་དེ་འདྲ་རང་གནང་རྒྱུ་ཨེ་ཡོད། བློ་སེང་མཆོག་མཁས་དབང་ཡིན་ཡང་ལྟ་བ་སྐུ་དྲག་འདྲ་པོ་ཡིན་་ས་འདུག་པའི་སེམས་འཚབ་བྱུང་།
བཀའ་བློན་ཁྲི་བའི་སྲིད་སྐྱོང་གི་ཐད་ནས་གླེང་སློང་བགྱི་བ་ནི་བོད་མི་བྱིངས་ཀྱི་འོས་འགན་ཡིན་པ་དང་། ལྷག་པར་དུ་ཁོང་ལ་འོས་འཕེན་ཚོའི་འགན་འཁྲི་གཡོལ་དུ་མེད་པ་ཞིག་ཡིན། རང་གི་འགོ་ཁྲིད་ལ་ལྟ་རྟོག་དང་རྒྱབ་རྫི་བྱེད་པ་འདི་ནི་བཙན་བྱོལ་བོད་ལ་མཚོན་ན་དེ་བས་ཀྱང་ཁ་ཚ་དགོས་གཏུག་ཏུ་མཐོང་། གང་ཡིན་ཞེ་ན། བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་ངང་བག་ལ་ཞ་ཡོད་པས་སོ།།
བོད་ནང་གི་གནས་སྟངས་ཛ་དྲག་པར་ཁ་གཡོགས་ནས་བཀའ་ཁྲིར་སྐྱོན་བརྗོད་མི་ཆོག་ཟེར་བ་དེ་སྨྲ་བརྗོད་རང་དབང་གི་ཁྲིམས་དང་འགལ། ང་ཚོས་ཕྱོགས་ཐམས་ཅད་ལ་བགྲོ་གླེང་དང་བསམ་ཚུལ་འདོན་རྒྱུ་ཤིན་ཏུ་ནས་གལ་ཆེ་སྙམ།
མི་མང་གི་གླེང་སློང་མེད་ན། བོད་གཞུང་གི་དབུ་ཁྲིད་མཐོ་དམན་བར་མ་ཀུན་ན་ཕོ་རོག་ནག་པོ་མང་བས། བློ་སེང་འདི་ཡང་དེང་རབས་རིག་གནས་ཀྱི་ཕྱི་ལྤགས་འོག་གི་རྣམ་པའ་འགྱུར་བའི་སྒེར་གཅོད་པ་ཞིག་ཏུ་འགྱུར་ཉེན་ཡོད་མི་སྲིད་པ་མིན། གལ་སྲིད་ཁོ་ལྟ་བུ་རྣམ་པ་འགྱུར་བའི་སྲིད་དབང་སྒེར་གཅོད་པར་གྱུར་ན། བོད་ཕྱི་ནང་གཉིས་ནས་བཙན་བྱོལ་བོད་ཀྱི་སྲིད་སྐྱོང་པར་རེ་བ་རྦད་དེ་ཆད་པའི་འཇིགས་ཉེན་ཀྱང་འབྱུང་ངོ་།།
རྟོགས་པ་ལྷ་དང་མཉམ་ཡང་། ཀུན་སྤྱོད་མི་དང་བསྟུན་དགོས། རང་ཉིད་སྡོད་སའི་ཡ་ག་བཅད་ན་ཡོང་རྒྱུ་རང་གིས་རང་ས་ལ་བརྒྱབ་རྒྱུ་དེ་མ་གཏོགས་ཨེ་ཡོད། བློ་རྣལ་དུ་ཕབ་སྟེ་བྱ་བ་བྱེད་མ་ཐུབ་ན་ཉིད་ཀྱི་བརྒྱུད་ལ་ཡོད་པའི་ཤེས་འཇོན་དེ་དུག་ཏུ་འགྱུར་སྲིད།
རྒྱུ་མཚན་གཞན་ཞིག་ཡོད་ན་མི་ཤེས། དེ་མིན་ཤར་ཁུག་གི་རྩོམ་ཡིག་དེ་ནི་དངོས་གནས་དོན་ལྡན་ཞིག་ཏུ་མཐོང་།
བསམ་ཚུལ་མང་པོ་ཀློག་པ་ཡིན་པས་བློ་ཆོས་ཟེར་བ་དེ་ལ་བདེན་པར་འདུག་སྙམ་སོང་།
བློ་སེང་དང་ཧོ་གཉིས་ཕྱིའི་རྣམ་པ་ཐོག་མི་འདྲ་ནའང་། དོན་ལ་ཕྱག་ལས་གནང་སྟངས་ཁྱད་པར་ཆེན་པོ་མི་འདུག
དྲ་གྲོགས་ཚོས་ཤར་ཕྱོགས་ཁུག་ཏའི་རྩོམ་ཡིག་ལ་ཞིབ་དཔྱད་ལེགས་པར་ཞིག་གཏན་ནས་མ་གནང་བའི་ཐོག་ནས།བཀའ་ཁྲི་གསར་པའི་ལས་དོན་བྱེད་ཕྱོགས་ལ་འཁྱོག་བཤད་དང་།སྐྱོན་བརྗོད་དེ་ཙམ་བྱ་དགོས་པ་ཞིག་མ་མཐོང་།
མང་གཙོ་ཞེས་པ་ནི་མི་མང་གི་དབང་སྒྱུར་བྱེད་པ་དེ་ཡིན།འོན་ཀྱང་དེའི་གོ་དོན་ཐད་ཆབ་སྲིད་ཚོགས་པ་དང་།སྲིད་དོན་པ་དག་གི་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་དང་མཐུན་ཐབ་ཁོ་ན་ལ་དམིགས་ནས་གོ་བ་ལོག་སྒྲུབ་དང་ལོག་བཤད་བྱེད་མཁན་ཡང་མང་དག་ཞིག་ཡོད།མང་གཙོའི་སྲིད་གཞུང་ཁག་ནས་སྤྱི་མཚུངས་སུ་ངོས་འཛིན་བྱེད་པའི་དམིགས་བསལ་རང་དབང་ཁག་གི་ཁོངས་སུ།སྨ་བརྗོད་རང་དབང་དང་།ཆོས་དད་རང་དབང་།གསར་འགོད་རང་དབང་བཅས་ཡིན།ཡིན་ནའང་།མང་གཙོ་ཞེས་པ་ནི།ཚད་བཀག་མེད་པའི་རང་སྣང་གང་དྲན་གྱི་བྱ་སྤྱོད་ཅིག་གཏན་ནས་བྱེད་ས་མེད།རྒྱུ་མཚན་ནི།མང་གཙོའི་སྤྱི་ཚོགས་ནི་རང་ཉིད་ཀྱི་གདམ་ཁ་དང་དམིགས་ཡུལ་འདྲ་མིན་ཅན་གྱི་ཡུལ་མི་མང་དག་ལས་གྲུབ་པ་ཞིག་ཡིན་སྟབས་སྐྱེ་བོ་བྱེ་བྲག་པ་ཞིག་གི་བྱ་སྤྱོད་ཀྱིས་གཞན་རྣམས་ལ་དོ་ཕོག་འགྲོ་གི་ཡོད་པ་སོང་ཙམ།དེ་བརྟེན་གང་ཟག་ཅིག་གི་ཐོབ་ཐང་ངམ་རང་དབང་གིས་སྐྱེ་བོ་གཞན་གྱི་ཐོབ་ཐང་ལ་བརྡལ་བཤིག་བཏང་ན་དེ་དག་ཁས་ལེན་བྱ་མི་རུང་བ་ཡིན།མང་གཙོའི་རང་དབང་འདྲ་མིན་སྲུང་སྐྱོབ་བྱེད་སྐབས་གང་ཟག་བྱེ་བྲག་པའི་ཁེ་ཕན་ཁག་གིས་མི་མང་དང་མང་ཚོགས་ལ་གནོད་སྐྱོན་དང་ཉམས་ཆག་གཏོང་མི་ཆོག་དཔེར་ན།སྨ་བརྗོད་རང་དབང་དང་གཏམ་བརྗོད་རང་དབང་ཡོད་ཀྱང་གཞན་ལ་འཁྱོག་བཤད་དང་ཕྲ་མ།ངན་སེམས་ཁོག་བཅུག་གིས་སྨད་ར་གཏོང་མི་ཆོག་པ་དེའང་གསལ་པོ་འཁོད་ཡོད་པར་མཁྱེན་པ་མཛོད།
འོ་ན།དུས་རྒྱུན་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ།མི་བདེན་བརྫུན་བཟོའི་ཐོག་འཁྱོག་བཤད་དང་ལོག་སྒྲུབ་བྱས་བསྡད་པ་དེ་དག་ལ།བཙན་བྱོལ་བོད་གཞུང་གི་ངོས་ནས་ལན་འདེབས་དང་གསལ་བཤད་བྱ་དགོས་ངན་ལ་སོང་།ལན་འདེབས་ཚོགས་ཆུང་གི་ཆེད་དུ་མངག་ནས་བློ་བཟང་ཆོས་འབྱོར་ལགས་སུ་གསོལ་ཕོགས་དང་མཐུན་རྐྱེན་བསྐྲུན་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་དེ་དག་ལ་ལན་འདེབས་བྱ་དགོས་པའི་བཀོད་མངག་གནང་ཡོད་པ་ལས།བཙན་བྱོལ་བོད་མི་མང་གི་བཀའ་ཁྲི་དང་བཀའ་བློན།མཛད་གཙོ་རྣམས་པའི་ལས་དོན་བྱེད་ཕྱོགས་ཐོག་འཁྱོག་བཤད་དང་།ལོག་སྒྲུབ།གསལ་བཤད་སོགས་བྱ་དགོས་པའི་བཀོད་མངག་གནང་ནས་གསོལ་ཕོགས་གནང་གིན་མེད་པ་དེ་འང་ཤེས་པར་གྱིས།
ལྷག་པར་དུ་ཁུག་ཏས་ཐལ་ཤ་ཆེ་དྲག་པ་ཞིག་ལ།དེང་གི་མཁས་དབང་བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་ཤེས་ཡོན་དང་འཇོན་ཐང་དེ་ཙམ་མེད་རབ་དང་།ཧ་སང་དགོས་པ་ཞིག་ལ་རྒྱ་རི་སྒྱོལ་མའི་ལྷག་བསམ་མིག་ཆུ་དང་པདྨ་ཆོས་འབྱོར་ན་རྒས་རྫི་ལྡིབ་དང་གསར་བུ་གསར་མོ་གཞན་བཅས་དུས་ཚོད་ལ་ལྟོས་ཏེ་ཅི་ཆགས་ལྟ་རྒྱུ་ལས་དཔྱད་གླིང་བྱེད་རིན་མ་མཐོང་ཟེར།དོན་དངོས་ཐོག་བཀའ་ཁྲི་རང་ཉིད་ལའང་་ཤེས་འཇོན་ཅི་ཡང་མེད་པས་ཐོག་ཕྱག་རོགས་བཀའ་བློན་སྒྲོལ་མ་རྒྱ་རི་མཆོག་ནི།ལྷག་བསམ་ཡོད་མདོག་གི་མིག་ཆུ་གཏང་རྒྱུ་ལས་དོན་དངོས་ཐོག་ནས།བོད་མི་རིགས་དང་མི་མང་ལ་ལྷག་བསམ་ཅི་ཡང་མི་ལྡན་མཁན་ཞིག་དང་།ཕྱག་རོགས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནི།ལོ་ན་ཆེ་བས་རྐྱེན་གྱིས་ལུས་ཀྱི་ཤེས་པ་ཉམ་བསྡད་མཁན་ཞིག་གི་ཁོང་སུ་གཞག་འདུག་པ་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་གི་ངོས་ནས་བླང་དོར་སྒྲིག་གཞི་དང་འགལ་བ་མ་ཡིན་ནམ་ཅི་ཡིན།
དེ་འདྲ་སོང་ཙམ་ལས་བྱེད་ཅིག་ཕྱིར་འབུད་བཏང་བར་ཧ་སང་དགོས་དོན་གང་ཡང་ཡོད་མ་རེད།དེ་དོན་དགོངས་འཇགས་ཡོད་པ་ཞུ།
འོ་ཤར་ཕྱོགས་ཁུག་རྟ་སེམས་སྐྱོ་སྐྱོ་མ་གནང་།
ཡིག་རྨོངས་བཀའ་ཤག་གི་ཤེས་ལྡན་མི་སྣ་ལག་སྐྱེས་འབུལ་སྟངས་འདི་འདྲ་རེད།
བོད་ཡིག་གི་ཤེས་ཚད་ཅུང་ཡག་པོ་ཡོད་མཁན་ཚོའི་གཟབ་གཟབ་བྱས།
དྲ་གྲོགས་ཚོ་
༸སྐྱབས་ཆེ་མཁས་དབང་ཟམ་དོང་རིན་པོ་ཆེ་མཆོག་གིས་དགོས་པ་རྒྱུ་མཚན་མང་པོར་གཟིགས་ཏེ་བློ་བཟང་ཆོས་འབྱོར་འམ་ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་དུ་བཀའ་བཀོད་གནང་ཡང་ཤོག་པོ་བཀའ་ཁྲི་བོད་ཡིག་ཡག་པོ་མི་ཤེས་པའི་བྱུལ་སོང་དེས་ལས་ཀ་ནོར་འཁྲུལ་ཚབ་ཆེན་བཟོས་འདུག
རྩོམ་པ་པོའི་སྨྲ་བརྗོད་རང་དབང་འཕྲོག་སོང་།
༸གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་ཚད་ལྡན་འདི་མེད་པ་བཟོ་ཉེན་འདུག
ངས་སྔོན་མ་ནས་ཆོལ་ཞེན་ཆེ་བའི་བྱོལ་སོང་ཁོ་ལ་རྒྱབ་སྐྱོར་བྱས་མེད། ཁོས་ད་དུང་ཡང་ནོར་འཁྲུལ་ཚད་མེད་བཟོ་ཡི་རེད། ཚང་མས་ཡག་པོ་ལྟོས་ཨ།
འདྲེ་མགོ་རྡོས་བར་བཅུག་འདི་ཡག་པོ་བྱུང། མཆན་འདེབས་པ་ཚོའི་བློ་སྣ་དགྲ་ཕྱོགས་ལ་སྒྱུར་ཐབས་ཀྱང་ལོས་ཡིན།
ཡེ་རྡོར་ཟེར་བ་འདིས་གནས་ལུགས་ཁུངས་བཙན་མེད་པའི་སྒོ་ནས་ལན་འདེབས་བྱེད་ཁུལ་འདྲ་བོ་མང་པོ་བྱེད་ཀྱིན་ཡོད། ཁོས་ཡིད་བཞིན་ནོར་བུའི་གསུང་གང་མང་ཞིག་ལུང་འདྲེན་བྱེད་པ་རེད། དེ་ནས་དེ་ནི་རྫུན་རེད་ཅེས་ཐག་གཅོད་ཙམ་བྱེད་པ་རེད། བོད་ནང་གི་ཀློག་མཁན་མང་པོ་དང་ལྷག་པར་བློ་གཟུ་བོར་གནས་མཁན་གྱི་ལོ་རྒྱུས་དཔྱད་བརྗོད་པ་མང་པོར་མཚོན་ན་ཡེ་རྡོར་གྱི་དཔྱད་ཁུལ་འདིས་ང་ཚོའི་ཕྱོགས་ཀྱི་གནས་ཚུལ་མཁོ་འདོན་ཐད་ལ་བློ་སྐྱེད་དང་ཕན་ཐོགས་ཡོང་གིན་ཡོད།
འདི་ངའི་ལྟ་སྟངས་གཞན་ཞིག་ནས་མཐོང་ཚུལ་རེད། གལ་ཏེ་ཁོའི་འབྲི་ཐབས་འདི་དགོས་དབང་དེ་འདྲ་ཞིག་མིན་ན་ཡང་དགོས་དོན་དེ་འདྲ་ཞིག་ཚང་གིན་འདུག དེ་བས་ཡེ་རྡོར་གྱིས་ཅི་ཙམ་བྲིས་ཀྱང་བདེན་པའི་རྒྱབ་རྩ་ལས་འགོག་རྡོ་ཆགས་མི་ཐུབ་པ་ཞིག་རེད།
ངས་འདི་ལྟར་བཤད་དུས་མཆན་འདེབས་པ་ལ་ལས་ཡང་ང་ཡེ་རྡོར་ཕྱོགས་གཏོགས་པར་ངོས་འཛིན་ལོས་བྱེད།
༦༥༽ ཤེས་རབ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡ གི་ཆུ་ཚོད་ ༥ སྐར་མ་ ༤༨
http://tb.tibet.cn/2010sy/xw/201110/t20111031_1151126.html, གོང་གི་དྲ་ངོས་འདི་ན་འདི་འདུག
ཏཱ་ལའི་ཡིས་ཡང་སྲིད་བཀོད་སྒྲིག་བྱེད་པའི་གཏམ་བརྗོད་སྤེལ་དོན་ནི་བོད་རང་བཙན་གྱི་ཆེད་རེད།
སྤེལ་དུས། 2011-10-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཡེ་རྡོ།
ཟླ༩བའི་ཚེས༢༤ཉིན་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བས་རང་ཉིད་ཀྱི་ཡང་སྲིད་སྐོར་གྱི་ གསལ་བསྒྲགས་ཤིག་སྤེལ་ཞིང་། གསལ་བསྒྲགས་དེ་དམ་པའི་ཆོས་ཀྱི་ཐ་སྙད་ཅི་སྙེད་ཅིག་གིས་སྤྲས་ཡོད་ན་ཡང་། དོན་གྱི་རྡོག་རྩ་ནི་ ཧ་ཅང་གསལ་བོ་ཡིན། དེ་ནི་ལོ་བརྒྱ་ལྷག་ལ་རྒྱུན་བསྐྱངས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ སྐོར་གྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལ་ཁས་ལེན་མི་བྱེད་པར། ཁོ་རང་ཉིད་ཀྱིས་ཡང་སྲིད་གང་དུ་ཡོད་པ་དང་། ཡང་སྲིད་ཅི་ལྟར་འཁྲུངས་པའི་སྐོར་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད། ཏཱ་ལའི་རྗེས་འབྲངས་པ་རྣམས་ཀྱིས་གསལ་བསྒྲགས་དེ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་གལ་ ཆེན་ཞིག་ཏུ་འགྱུར་ངེས་ཞེས་འུད་བསྟོད་ཆེན་པོ་རྒྱག་གིན་ཡོད། སྨྱུག་ཐོགས་པས་བལྟས་ན། ཏཱ་ལའི་ཡི་བྱེད་སྟངས་དེ་ནི་ལོ་རྒྱུས་རིང་བའི་བོད་བརྒྱུད་ནང་བསྟན་དེ་ཁོ་ གཅིག་པུར་གནང་བ་ཙམ་དུ་སྲིད་པས། བོད་དང་བོད་བརྒྱུད་ནང་བསྟན་ལ་མ་རུངས་ལོག་སྤྱོད་གྱི་ཁ་བྲལ་རིང་ལུགས་ཀྱི་ལོ་ རྒྱུས་ནག་ཉེས་སྟེང་ཡང་བསྐྱར་ཉེས་བ་ཞིག་བསགས་པ་ཡིན་པ་རེད།
ཏཱ་ལའི་བླ་མས་ཡང་བསྐྱར་རྫུན་གཏམ་ལབ་བྱུང་།
སྨྱུག་ ཐོགས་པས་ཐེངས་དུ་མར་བསྟན་དོན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ལ་འཆལ་གཏམ་སྨྲ་བའི་སྐྱོན་བསྒྱུར་དཀའ་བ་ཞིག་ ཡོད། ད་ཐེངས་ཀྱི་གསལ་བསྒྲགས་ཁྲོད་ཁོའི་སྐྱོན་དེས་ཉེས་པ་ཆེན་པོ་ཞིག་བསགས་ཡོད། འདིར་ཉེས་པ་ཆེ་བའི་དོན་འགའ་བཤད་ན།
རྫུན་གཏམ་གཅིག་ནི་གསེར་ བུམ་དཀྲུག་འདོན་གྱི་གཏན་འབེབས་དེ་ནི་མན་ཆིང་སྟོབས་ཤུགས་ཀྱི་དབང་ཤུགས་མཚོན་ སྟངས་ཤིག་ཡིན་པ་ལས། བོད་མིས་དད་པ་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་མ་ཡིན། དོན་དངོས་ནི། ༡༧༩༢ལོར་བོད་དུ་བསྐྱོད་དེ་ཀོར་ ཁར་བཙན་འཛུལ་བྱས་པའི་ཆིང་རྒྱལ་རབས་ཀྱི་བློན་པོ་ཧྥུ་ཁང་ཨན་དང་། རྒྱལ་དབང་སྐུ་ཕྲེང་བརྒྱད་པ། པཎ་ཆེན་སྐུ་ཕྲེང་བདུན་པ་སོགས་སེར་སྐྱའི་མི་སྣ་གལ་ཆེན་རྣམས་ཀྱིས་གོང་མ་ཆན་ ལུང་གིས་“ངེས་པར་དུ་ཁྲིམས་སྲོལ་བཙུགས་ནས་དུས་ནམ་ཡང་བརྩི་དགོས་པའི་” བཀའ་ ལྟར། མཉམ་དུ་བྱེད་ཐབས་དོན་ཚན་༢༩ལ་གྲོས་མོལ་བྱས་པ་དང་། དེའི་ནང་དུ་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་བཏོན་ཡོད། ༡༧༩༣ལོར་ཆིང་སྲིད་གཞུང་གིས་《ཨམ་བན་གྱིས་བོད་ནང་གཏན་འབེབས་བྱས་པའི་སྲོལ་ཡིག་དོན་ཚན་བཅུ་དགུ》དངོས་ སུ་གཏན་འབེབས་བྱས་ཤིང་། དོན་ཚན་དང་པོའི་ནང་དུ་དེང་ཕྱིན་ཏཱ་ལའི་དང་པཎ་ཆེན་ཚུད་པའི་བོད་བརྒྱུད་ནང་ བསྟན་གྱི་བླ་ཆེན་གྱི་ཡང་སྲིད་ངོས་འཛིན་དེ་ངེས་པར་དུ་གསེར་བུམ་དཀྲུག་འདོན་ལ་ བརྟེན་ནས་ཐག་གཅོད་དགོས་པ་གཏན་འབེབས་བྱས་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་གསལ་བསྒྲགས་ཁྲོད་ཏཱ་ལའི་སྐུ་ཕྲེང་བརྒྱད་པ་ འཇམ་དཔལ་རྒྱལ་མཚོས་མཛད་པའི་གསེར་བུམ་དཀྲུག་འདོན་གྱི་སྒྲུབ་སྟངས་དང་ཆོ་ག་ཁས་ བླངས་ཡོད་ན་ཡང་། ཐེངས་དུ་མར་ཡང་སྲིད་ངོས་འཛིན་བྱེད་པའི་དམིགས་བྱ་གཙོ་བོ་ནི་སྐུ་སྔོན་མའི་ མཛད་འཕྲིན་གྱི་རྒྱུན་སྐྱོང་དང་རྒྱུད་འཛིན་བྱེད་ཕྱིར་ཡིན་ཞེས་བཤད་ནས་ ཏཱ་ལའི་སྐུ་ཕྲེང་བརྒྱད་པ་དང་དེའི་ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་གྱིས་གསེར་ བུམ་དཀྲུག་འདོན་བྱས་པའི་ཐུགས་དགོངས་དང་སྲོལ་རྒྱུན་ལོགས་སུ་བཞག་པ་རེད། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བཞེད་དགོངས་ལས་ཕྱིན་ཅི་ལོག་པའི་ བྱ་སྤྱོད་ཁོ་ནར་གཏོགས།
རྫུན་ གཏམ་གཉིས་པ། གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་པའི་བླ་མ་ནི་ཏཱ་ལའི་བླ་མ་དང་པཎ་ ཆེན་བླ་མ། དེ་མིན་གཞན་བླ་མ་ཁག་ཅིག་ལ་མ་གཏོགས་ངོས་འཛིན་བྱས་མེད། དོན་དངོས་ནི་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་བཙུགས་རྗེས། བོད་ལྗོངས་ཀྱིས་ཐོག་མར་ཁས་ལེན་ཐོབ་པའི་བླ་སྤྲུལ་ནི་འཕགས་པ་ལྷ་སྐུ་ཕྲེང་ བརྒྱད་པ་ཡིན། ཆིང་རྒྱལ་རབས་ཀྱི་མཇུག་ཏུ། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་རིམ་བྱོན་༣༩ལ་དོ་དམ་མཛད་པ་དང་། སྔ་གཞུག་ཏུ་ཁྱོན་སྡོམ་སྤྲུལ་སྐུ་ཡང་སྲིད་༩༡ངོས་འཛིན་གནང་། དེའི་ནང་ནས་ཡང་སྲིད་༧༦གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་ཤིང་། ཡང་སྲིད་༡༥ཀྲུང་དབྱང་སྲིད་གཞུང་གིས་དམིགས་བསལ་གྱི་ཆོག་མཆན་གནང་ནས་གསེར་བུམ་ དཀྲུག་འདོན་མ་བྱས་པར་ཐག་བཅད། དེར་བལྟས་ན་ཡང་སྲིད་ངོས་འཛིན་མང་ཆེ་བ་གསེར་བུམ་དཀྲུག་འདོན་ལ་བརྟེན་ནས་ངོས་ འཛིན་བྱེད་དགོས་པ་དང་། གལ་སྲིད་དམིགས་བསལ་གྱི་ཆོག་མཆན་ཐོབ་ན་ཡང་། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་མ་ཐོབ་ཚེ་གང་འདོད་ལྟར་ཐག་གཅོད་པའི་དབང་ཆ་ སུ་ལ་ཡང་མེད་པ་ཤེས་ཐུབ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་མཚོན་ནས་བཤད་ན། སྐུ་ཕྲེང་བཅུ་བ་དང་། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཚང་མ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཐོབ། སྐུ་ཕྲེང་དགུ་བ་དང་། བཅུ་གསུམ། བཅུ་བཞི་ནི་ཀྲུང་དབྱང་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་མི་དགོས་པའི་ དམིགས་བསལ་གྱི་ཆོག་མཆན་གནང་ནས་ངོས་འཛིན་བྱས་པ་ཡིན།
རྫུན་ གཏམ་གསུམ་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བ་ངོས་འཛིན་ལ་གསེར་བུ་དཀྲུག་འདོན་མ་བྱས་ཀྱང་། མན་ཆིང་སྲིད་གཞུང་གི་ངོ་སོར་གཞིགས་ནས། ཕྱི་ཕྱོགས་ལ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱས་པ་ཡིན་ཞེས་ཁྱབ་ བསྒྲགས་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་ཡང་སྲིད་དེ་གསེར་བུམ་དཀྲུག་འདོན་གྱི་ ངོས་འཛིན་མ་བྱས་གོང་ནས་ཡང་སྲིད་གང་ཡིན་གཏན་འཁེལ་བྱས་ཡོད། ཡིན་ན་ཡང་སྐབས་དེའི་ཏཱ་ལའི་བླ་མའི་དྲུང་གི་མཁན་པོས་མཛད་པའི་ཏཱ་ལའི་བླ་མ་ སྐུ་ཕྲེང་བཅུ་བའི་རྣམ་ཐར་ནང་དུ་དེའི་སྐོར་གྱི་ལོ་རྒྱུས་གསལ་བོར་བཀོད་ཡོད་པ་ ལས། རྒྱལ་པོ་ཏའོ་ཀོང་གིས་ཆོག་མཆན་གནང་བ་ལྟར། ༡༨༢༢ལོའི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས༡༥ཉིན་ཕོ་བྲང་པོ་ཏ་ལར་རྒྱལ་པོའི་ བཞུགས་ཁྲི་དང་སྐུ་དཔར་བཤམས་པའི་ས་གསུམ་རྣམ་རྒྱལ་གླིང་ནས་གསེར་བུམ་དཀྲུག་ འདོན་གྱི་ཆོ་ག་སྤེལ་བ་ཡིན་ཞེས་བཀོལ་ཡོད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བ་དེ་ཉིད་དབུས་གཙང་གི་སེར་སྐྱ་མང་ཚོགས་ཀྱིས་གསེར་ བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱས་པ་དེ་ནི་ཡང་སྲིད་དབྱེར་མེད་ཡིན་པ་ཁས་ ལེན་པའི་གནད་གཙོ་བོར་བཞག་པ་རེད།
རྫུན་ གཏམ་བཞི་བ། ང་ནི་བོད་སྲིད་དབང་དང་མང་ཚོགས་ཚོགས་འདུ་བཅས་ཀྱིས་རྩད་འཚོལ་དང་ངོས་འཛིན་བྱས་ པ་ལས། ཀྲུང་གོའི་ཕྱོགས་ཀྱིས་ཐེ་གཏོགས་གང་ཡང་བྱས་མེད། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་རྣམ་ཐར་ནང་གསལ་བོར་བཀོད་ ཡོད་དེ། ༡༩༤༠ལོའི་ཟླ༡པའི་ཚེས༢༦ཉིན། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་ཐོབ་ཅིང་ཡང་སྲིད་རྩད་འཚོལ་གྱི་འགན་འཁུར་བ་ རྭ་སྒྲེང་མཆོག་གིས་བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་ཀྲུང་ཞིན་ལ་ ཀྲུང་དབྱང་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་གྱི་ངོས་འཛིན་མི་དགོས་པར་ མཛོད་ཅེས་པའི་སྙན་ཞུ་སྤྲད། ཟླ༢པའི་ཚེས༥ཉིན་ཀྲུང་དབྱང་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་མི་ བསྒྲུབ་པའི་བཀའ་བསྩལ་པ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་དམིགས་བསལ་གྱི་ངོས་འཛིན་གནང་བ་དང་། དེར་དངུལ་སྒོར་ཁྲི༤༠བཏང་ནས་བཞུགས་ཁྲི་མངའ་གསོལ། ཏཱ་ལའི་བླ་མས་ཝུའུ་ཀྲུང་ཞིན་གྱིས་ཁོའི་བཞུགས་ཁྲི་མངའ་གསོལ་བའི་མཛད་སྒོར་ འགོ་འཛིན་མཛད་པ་ཁས་མི་ལེན་ན་ཡང་། ཝུའུ་ཀྲུང་ཞིན་གྱིས་《བོད་ཀྱི་དོན་དངོས་ཟིན་བཀོད》ཀྱི་ནང་དུ་སྐབས་དེའི་དོན་དག་གི་འགོ་མཇུག་གསལ་བོར་བཀོད་ཡོད།
རྫུན་གཏམ་ལྔ་བ། བོད་ལྗོངས་དང་ཆིང་སྲིད་གཞུང་བར་ནི་མཆོད་ཡོན་གྱི་འབྲེལ་བ་ཡིན། དམངས་གཙོ་རྒྱལ་ཁབ་ཀྱི་དུས་སུ་བོད་དང་ཀྲུང་གོའི་བར་གྱི་མཆོད་ཡོན་གྱི་འབྲེལ་ བ་ཆད། དེའི་དོན་ནི་ཆིང་སྲིད་གཞུང་ལ་བོད་ལ་དབང་བསྒྱུར་བྱེད་པའི་དབང་ཆ་མེད་པ་དང་། དངུལ་ལོར་ཡོད་པའི་བོད་ཀྱི་མངའ་བདག་ཞིག་མ་གཏོགས་མེད་པ་བཤད་ཡོད། དམངས་གཙོ་རྒྱལ་ཁབ་ཀྱི་དུས་ལ་སླེབས་རྗེས་དེའི་མཚོན་བྱེད་རང་བཞིན་གྱི་འབྲེལ་ བ་ཏིལ་ ཙམ་ཡང་མེད། འདི་ལྟར་བཤད་དོན་ནི་ཏཱ་ལའི་ཡི་དབུ་མའི་ལམ་དུ་ཁྱབ་བསྒྲགས་བྱས་ པའི་མི་དམངས་བཅིངས་འགྲོལ་དམག་༡༩༤༩ལོར་བོད་ལྗོངས་སུ་བསྐྱོད་སྐབས། བོད་ལྗོངས་ནི་རང་རྐྱ་འཕེར་བའི་རྒྱལ་ཁབ་ཅིག་ཡིན་པའི་རྫུན་གཏམ་དེ་ཡིན། ལོ་རྒྱུས་ཀྱི་དོན་དངོས་ཕར་ཞོག ཆིང་སྲིད་གཞུང་གིས་ཐེངས་དུ་མར་བོད་ལྗོངས་ལ་ དམག་དྲངས་ནས་ཕྱི་དགྲར་ངན་འབྲེལ་བྱས་པའི་ཞྭ་དམར་བ་སྐུ་ཕྲེང་རིམ་བྱོན་མེད་པ་ བཟོས་ པ་ནས་བོད་ས་གནས་ཀྱི་མངའ་དབང་མཛད་མཁན་ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏེ་ནི་བཅས་བླ་སྤྲུལ་གྱིས་རྒྱལ་པོར་གུས་འབུལ་ཞུས་པ་དང་། རྒྱལ་པོས་བློན་ཆེན་མངག་ནས་བོད་ལ་བཀའ་བཀོད་གནང་བ་ལ་སོགས་པའི་ལོ་རྒྱུས་ཀྱི་ དོན་རྐྱེན་དེ་དག་གི་ཡིག་ཚགས་ད་ལྟའང་དངོས་སུ་འཇལ་རྒྱུ་ཡོད། ལོ་རྒྱུས་ངོ་མ་ནི་ནམ་ཡང་རྩོད་མེད་ཡིན་པས། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་ལ་འགྱུར་བ་ག་འདྲ་བྱུང་ཡང་། ནམ་ཡང་བོད་ས་གནས་ཀྱི་སྲིད་འཛིན་དང་། ཆོས་ལུགས། ཕྱི་དོན། བཅའ་སྡོད་དམག་སོགས་གང་ཅིའི་ཐད་ནས་མཐའ་མཇུག་གི་ཐག་གཅོད་དབང་ཆ་མངའ་བ་དང་། བོད་ཀྱི་བདག་དབང་གཉེར་བའི་དབང་ཆ་ཡོད་པ་གསལ་བཤད་བྱས་ཡོད།
ཏཱ་ལའི་ཡང་སྲིད་ཀྱི་དོན་དག་དེ་ངེས་པར་དུ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ནང་ལྟར་འགྲོ་དགོས།
ད་ལོའི་ཟླ༧པར་ཏཱ་ལའི་བླ་མས་ཨ་རི་ནས་ཐད་ཀར་དུ་བཤད་རྒྱུར། ངའི་ཡང་སྲིད་ལ་མཚོན་ན། ཆེས་མཐའ་མཇུག་གི་ཐག་གཅོད་བྱེད་མཁན་དེ་ང་ལས་གཞན་མེད་ཅེས་བཤད། ལྷ་མེད་སྨྲ་བའི་ཀྲུང་གོ་གུང་ཁྲན་ཏང་གིས་དད་པའི་ཕྱོགས་ཀྱི་དོན་དག་ཐག་གཅོད་ མི་ཐུབ་ཟེར།
ལོ་རྒྱུས་སྟེང་ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་མཛད་འཕྲིན་སྐྱོང་མཁན་རྣལ་མ་ཞིག་ མ་ཡིན་ལ། མི་སྒེར་གྱི་མཛད་འཕྲིན་སྐྱོང་མཁན་ཞིག་དེ་ལས་མིན། ཙོང་ཁ་པའི་ བུ་སློབ་དགེ་འདུན་གྲུབ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། ཁོང་རང་བཞུགས་པའི་དགོན་སྡེ་ནས་བྱིས་པ་ཞིག་བཙལ་ནས་ཁོང་གི་ཡང་སྲིད་དུ་བསྐོས། ཡིན་ན་ཡང་དེར་མིང་མེད། སྐུ་ཕྲེང་གསུམ་པ་འཚོལ་བའི་སྐབས། སོག་པོའི་ཚོ་བའི་མངའ་བདག་གིས་ཆོ་ལོ་བསྩལ་བ་ནས་བཟུང་། ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་འདི་ཡོད་པར་གྱུར། ཕྱིས་ཀྱི་མི་རྣམས་ཀྱིས་སྐུ་ཕྲེང་དང་པོ་དང་གཉིས་པའང་དེ་མཚུངས་སུ་ངོས་འཛིན་ བྱེད་ཀྱིན་ཡོད། གལ་སྲིད་སོག་པོའི་ཚོ་བའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་མེད་ཚེ། དགེ་ལུགས་པའི་གྲུབ་མཐའི་རྐང་ཧ་ཅང་ཚུགས་དཀའ་ལ། ཧ་ལམ་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་དང་། དབང་ལུང་གསུང་མི་ཆོག་པའི་ཚོད་དུ་གྱུར་འདུག
(འཕྲོ་མ་མུ་འགོད་བྱེད་རྒྱུ།)
ད་བློ་བཟང་སེང་གེས་ལན་གནོང་དང་ང་ཚོས་ལྟོས་ཆོག