མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་༼དུས་རབས་ཀྱི་ང་།༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་དགེ་རྒན་ཇོ་ལེབ་ཟླ་བ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་ ༢༠༡༠ ལོའི་ཕྱི་ཟླ་ ༡༠ བའི་ཚེས་ ༡ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་༼དུས་རབས་ཀྱི་ང་།༽ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྔ་པ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཇོ་ལེབ་ཟླ་བ་ལགས་འདས་པའི་ལོ་ངོ་གཅིག་ལ་ཉེ་བའི་རིང་བཀག་ཉར་གྱིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་གསལ་བཤད་གནང་མེད་པར་མ་ཟད། ཉིན་འགའི་སྔོན་ཁྲིམས་ཁང་གང་ཡིན་དང་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་བཀོད་འདུག   

རང་ལོ་ ༣༨ ཡིན་པའི་ཇོ་ལེབ་ཟླ་བ་ལགས་ནི། བོད་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཇོ་ལེབ་སྡེ་བ་ནས་ཡིན་ཞིང་། སྔར་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་གྲོང་ཁྱེར་ཁྲིན་ཏུའུ་ནས་གློ་བུར་འཛིན་བཟུང་བྱས་རྗེས་ཁྲོ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཙམ་ལས། ཁོང་འཛིན་བཟུང་བྱེད་དོན་སྐོར་ནས་ནང་མི་གཉེན་འབྲེལ་དང་ས་གནས་མི་མང་གིས།  ༼ དུས་རབས་ཀྱི་ང་། ༽ ཞེས་པའི་དུས་དེབ་ཀྱི་ཁོང་གི་རྩོམ་སྒྲིག་ལས་རོགས་གཉིས་འཛིན་བཟུང་བྱས་ཡོད་སྟབས། ཁོང་གི་ནག་ཉེས་ཀྱང་དུས་དེབ་དང་འབྲེལ་བ་ཡོད་པའི་ཚོད་དཔག་ཙམ་ལས་ད་ལྟའི་བར་ཞིབ་ཕྲའི་གནས་ཚུལ་སུ་ཅི་ཡང་ཤེས་རྟོགས་བྱུང་མི་འདུག

ཉེ་ལམ་ཁྲིམས་ཐག་གཅོད་པའི་སྐབས་སུ་འབྲེལ་ཡོད་ཀྱིས་ཁོང་གི་བཟའ་ཟླ་འཛམ་ལྷ་དང་བུ་ཕྲུག་གཉིས་བཅས་ཁྲིམས་ཁང་དུ་ཡོང་ཆོག་པའི་བརྡ་ལན་སྤྲད་ཡོད་པ་ལྟར། བཟའ་ཟླ་དང་བུ་ཕྲུག་བཅས་ཁྲིམས་ཁང་དུ་པ་དང་ཕྱིན་ཡོད་འདུག་ལ།  སྐབས་དེར་ཁོང་ནང་མི་དང་ཐུག་འཕྲད་ཀྱི་གོ་སྐབས་ཅུང་ཙམ་སྤྲད་ཡོད་པ་ལས། ཐེངས་འདིའི་ཁྲིམས་ཐག་གཅོད་པའི་སྐབས་སུ་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ཐག་གཅོད་བྱས་ཡོད་འདུག   

ཇོ་ལོ་ཟླ་བ་ལགས།  ༢༠༠༦ ལོར་ཁོང་རྔ་པ་ཁུལ་དུ་པགས་རིགས་མེ་བསྲེགས་གཏོང་བའི་ལས་འགུལ་གྱི་སྣེ་འཁྲིད་པའི་དོགས་གཞིའི་འོག་ཟླ་ ༡ ཙམ་རིང་རྔ་པ་རྫོང་དུ་བཀག་ཉར་བྱས་འདུག་ལ།  ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སླར་ཡང་དོགས་ཡོད་ཉེས་ཅན་དུ་རྩིས་ཏེ་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་ཞོགས་པར་རང་ཁྱིམ་ནས་འཛིན་བཟུང་གིས་ཟླ་ཤས་རིང་བཀག་ཉར་བྱས་ཡོད་པ་མ་ཟད། སྔ་ཕྱི་ཐེངས་མང་པོར་སུན་གཙེར་དང་འཇིགས་སྐུལ་རིམ་པ་བྱས་ཡོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 2

  1. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    འུ་བུ་ཅག་གི་ཨ་མའི་བུ་རྒོད་ཅིག་ཡིན་ཡ། མཉམ་འཛོམས་ཀྱི་མཚན་མོ་དེ་དྲན་ན་བཟོད་དུ་མེད་པའི་ན་ཟུག་ཅིག་འོང་གིན་འདུག ཁོང་དང་ཁོང་ཚོ་ནི་སེམས་ཁྲལ་ཅན་གྱི་མི་དང་འགན་འཁྲི་ཅན་གྱི་མི་རྐྱང་རྐྱང་ཡིན།

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    ད་དངོས་གནས་བསྡད་བཅུག་གི་མི་འདུག ཅི་ཞིག་བྱེད་རན་འདུག ཚང་མ་ལོས་བགྲོ་གླེང་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese