རྒྱ་ནག་གཞུང་གིས་ཉེ་ལམ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་གྲོས་ལགས་འཛིན་བཟུང་བྱས་ཤིང་། ད་ཆར་ཀིརྟི་དགོན་གྲོང་གཉིས་ནང་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག
ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྔ་པ་རྫོང་རྔ་སྟོད་ཨ་འདུས་གཤོང་བའི་ཝོ་ཁ་ཚང་གི་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༣༦ ཙམ་ཡིན་པའི་གྲྭ་བློ་གྲོས་ལགས་རྒྱུ་མཚན་ཅི་ཡིན་གསལ་ཁ་མེད་པར་འཛིན་བཟུང་བྱས་ཏེ། ད་ཆར་ནང་མི་ཚོས་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཉེ་ཆར་ལྷ་ས་ནས་རྔ་པ་ནས་ཨ་མཆོག་མཚན་ཉིད་དགོན་པའི་ལྷ་སྡེ་ཡིན་པའི་མི་ ༣ དང་། དེ་མིན་གྱི་མི་ ༡ བཅས་ཀྱང་འཛིན་བཟུང་བྱས་ཡོད་ཀྱང་། ད་ཆར་དེ་དག་གི་མིང་དང་ལོ་རྒྱུས་ཞིབ་ཕྲ་ཤེས་མི་འདུག
དེ་བཞིན། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༣ པ་ནས་ད་ལྟའི་བར་རྔ་པ་ཁུལ་གྱི་སྐྱ་སེར་མང་པོ་ཞིག་ནག་ཉེས་གསལ་ཁ་མེད་པའི་ཐོག་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ཆར་ཁོང་ཅིག་གར་ཡོད་ཀྱི་གནས་ཚུལ་ཤེས་ཀྱི་མེད་པ་དང་། དེང་སྐབས་དམག་མི་སྟོང་ཕྲག་མང་པོ་འགྲེམ་འཇོག་གིས་དགེ་འདུན་པ་དང་མི་མང་གང་བྱུང་འཛིན་བཟུང་དང་། དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་ལ་དམ་དྲག ལྷག་པར་དུ་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གྲངས་ ༧ ལྷག་གི་རིང་རྔ་པ་རྫོང་ཁྱུང་ཆུ་རྫོང་ཁོངས་ཀྱི་གྲོང་སྡེ་ཁག་གི་བོད་མི་ཁྲི་ ༢ བརྒལ་བ་བསེ་དགོན་པའི་མ་ཎི་བདུན་སྒྲུབ་དུ་འཛོམས་ཏེ། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་རྣམ་པ་བསྔོ་སྨོན་དང་མ་ཎི་གསོག་སྒྲུབ་བྱས་པར། ས་གནས་ཉེན་རྟོག་པ་དང་དམག་མི་ཡོང་སྟེ་བཀག་སྡོམ་བྱས་ཡོད་འདུག
རྔ་པའི་གྲོང་སྡེ་ཁག་ཏུ་རྒྱ་གཞུང་གི་ལས་བྱེད་རྒྱུན་སྡོད་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་བོད་མི་དང་བོད་ཀྱི་ལས་བྱེད་པ་ཁག་ཅིག་ལ་བཙན་གྱིས་སྐྱོན་བརྗོད་བྱེད་བཅུག་སྟེ་གློག་བརྙན་ནང་སྟོན་པ་དང་། རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམས་ལ་བརྙས་སྨོད་སྣ་ཚོགས་བྱས་ཏེ། བོད་མི་རྣམས་ཀྱིས་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་མཆོག་སྐུ་མ་གྲོངས་པའི་སྐབས་ཀྱི་གློག་བརྙན་ཞིག་རྫུན་བཟོ་བྱས་ཡོད་པའི་ནང་། གསར་འགོད་པ་ཞིག་གིས་གྲྭ་ཕུན་ཚོགས་ལགས་སུ་སྐད་ཆ་འདྲི་ཁུལ་བྱས་ཏེ་ཁྱོད་ལ་སུས་ཡག་པོ་བྱས་སོང་ཟེར་བར། ཁོང་གིས་དེའི་ལན་དུ་ང་ལ་ཉེན་རྟོག་པ་དང་སྨན་པས་ཡག་པོ་གནང་སོང་ཟེར་པ་དང་། ཡང་ད་ལྟ་ཁྱོད་ཀྱིས་ག་རེ་བསམ་གྱི་འདུག་ཅེས་པར། ཁོང་གིས་ངས་རང་ལུས་མེར་བསྲེགས་བཏང་བར་འགྱོད་པ་སྐྱེ་བཞིན་འདུག་ཟེར་བ་སོགས་བཟོས་འདུག
གསར་འགོད་པ། དོན་གོ
རྒྱ་རོ་དེ་ཚོའི་བྱས་སྟངས་ལ་སྙིང་རླུང་བསྟོད་ལ་ཚངས་ཡོང་གི་འདུག་
རྒྱ་རྒན་རྫུན་མ་དེ་ཚོས་ཡང་རྫུན་མ་གཅིག་བཟོས་འདུག བདེན་པ་ཉིད་རྒྱལ་གྱུར་ཅིག
རྫུན་བཟོ་མང་ཙམ་བྱས་ན། རྫུན་རྐུབ་ཡང་ཙམ་ཐོན་ངེས་རེད། བདེན་པ་རྒྱལ་འགྱུར་ཅིག
རྒྱ་ནག་གི་རྫུན་བཟོ་འདིས་ཕྱི་ཡུལ་གྱི་མི་རིགས་སུ་ཞིག་ཡིན་ཀྱང་མགོ་སྐོར་གཏོང་མི་ཐུབ། འོན་ཀྱང་རྒྱ་ནག་མི་མང་ཕལ་ཆེ་བར་བརྒྱུད་ལམ་འདི་ཁོ་ན་ལས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མེད་པས་ཏན་ཏན་ཁོང་ཚོ་མགོ་སྐོར་གཏོང་ཐུབ་ཀྱི་ཡོད་པ་རེད་ལ་དམར་པོའི་གཞུང་གི་བསམ་དོན་ཡང་དེ་གས་འགྲུབ་ཀྱི་ཡོད། དེས་ན་ང་ཚོས་འདིའི་ཁ་གཏད་དུ་ལས་འགུལ་ཅི་ཞིག་སྤེལ་བར་གྲ་སྒྲིག་བྱེད་དགོས།
རྒྱ་ཡིས་རྫུན་ལས་དེ་དག་མུ་མཐུད་སྤེལ་བ་ལ་འཛམ་གླིང་གི་ཡུལ་གྲུ་གང་ཞིག་རྒྱ་དང་དཔལ་འབྱོར་གྱི་ཚོང་འབྲེལ་ཁེ་ཕན་ལ་བརྟེན་ནས་མིག་གཅིག་ཙུམ་ནས་བསྡོད་བཞིན་འདུག། ང་ཚོས་རྒྱའི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་གུས་ཆགས་ཞིག་བཟོ་ཐུབ་ན་བོད་དོན་རང་བཞིན་གྱི་རྒྱལ་སྤྱིའི་ལས་འགུལ་ལ་སླེབས་ཐུབ་པའི་རེ་བ་ཆེ། དེར་བརྟེན་རྒྱའི་དཔལ་འབྱོར་ལ་དོ་ཕོགས་ཀྱི་ལས་གཞི་རྩམས་དགོས་འདུག།