ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༤ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་མ་འཕྲོད་པའི་གྲངས་འབོར་མང་ཤོས་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་ཡིན་ཞིང་། གནད་དོན་དེའི་ཐད་སྤྱི་ཚོགས་ཁྲོད་གླེང་སློང་ཡོད་བཞིན་པ་ལྟར། སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་ཡོད་དགེ་རྒན། སློབ་ཕྲུག་བཅས་བརྒྱུད་རྒྱུ་རྐྱེན་གང་ཡིན་རྒྱུས་ལོན་བྱས་ཡོད།
ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་རིགས་སློབ་གྲྭ་ཁག་ ༡༤ ཡི་སློབ་མ་ཁྱོན་༡༣༩༠ ཙམ་ཞུགས་ཡོད་པའི་ཁྲོད། ཡིག་རྒྱུགས་མ་འཕྲོད་པ་ ༢༤ དང་སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༡༠༧ བྱུང་ཡོད་འདུག སྤྱི་ཡོངས་རྒྱུགས་འབྲས་བཟང་ཤོས་གྷོ་པལ་སྤུར་བོད་ཁྱིམ་སློབ་གྲྭའི་སློབ་མ་ ༡༩༤ ནང་བསྐྱར་རྒྱུགས་དང་མ་འཕྲོད་པ་མེད་པར་རྒྱ་ཆ་བརྒྱ་འཕྲོད་ཡོད་ཅིང་། རྒྱུགས་འབྲས་སྐྱོ་ཤོས་ནི་ཌལ་ཧོར་གཏན་སློབ་ཡིན་ཞིང་། སློབ་མ་ ༣༡ ནས་༡༠ བསྐྱར་རྒྱུགས་གཏོང་དགོས་བྱུང་སྟེ་སྤྱིའི་རྒྱུགས་འབྲས་ཀྱི་རྒྱ་ཆ་ ༦༧།༧༤ ཆགས་འདུག ད་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཡིག་རྩལ་མ་འཕྲོད་པའི་གྲངས་མང་ཤོས་ངྷ་སྟེང་བོད་ཁྱིམ་ཆགས་འདུག་ལ། སློབ་མ་ ༡༤༨ ནས་སློབ་ཕྲུག་ ༡༢ ཡིག་རྒྱུགས་འཕྲོད་མི་འདུག
ངྷ་སྟེང་བོད་ཁྱིམ་གྱི་སློབ་མ་ ༡༢ ཡིག་རྒྱུགས་མ་འཕྲོད་པའི་ཐད་སྤྱི་ཚོགས་ནང་གླེང་སློང་ཡོང་གི་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུའང་གླེང་སློང་བྱུང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་ངྷ་སྟེང་བོད་ཁྱིམ་གྱི་འབྲེལ་ཡོད་ལས་བྱེད་དང་། རྒྱུགས་ཞུགས་སློབ་མ་སོགས་བརྒྱུད་དེ་རྒྱུས་ལོན་བྱས་པ་ལྟར་ན། དེ་ལ་རྒྱུ་རྐྱེན་ཁག་ཅིག་འཕྲད་ཡོད་པའི་ཐད། ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བསོད་ནམས་སྐྲོལ་དཀར་ལགས་ཀྱིས་བརྗོད་པ་ལྟར་ན། གཅིག་ནས་ངྷ་སྟེང་བོད་ཁྱིམ་སློབ་མ་རྣམས་ཚན་རིག་སློབ་ཚན་ཁོངས་སུ་ཡིག་རྒྱུགས་གཏོང་མཁན་མང་ཤོས་ཡིན་སྟབས་འབྱུང་རིག་དང་ཚོང་རིག་སྡེ་ཚན་ལས་དཀའ་ལས་ཁག་པོ་ཡིན་པ། གཉིས་ནས་སློབ་ཕྲུག་རང་ཉིད་ལ་འདོད་མོས་ཡོད་མེད་དང་ནུས་པ་ལྡན་མིན་ལ་མ་ལྟོས་པར་ཕ་མ་ནང་མི་ཚོས་ཚན་རིག་སློབ་ཁོངས་སུ་གཏོང་ཐབས་བྱས་པས། སློབ་ཕྲུག་མང་པོ་ཞིག་ལ་རིག་པ་དང་ཤེས་ཚད་ཀྱིས་མ་འདང་པ། དེ་བཞིན་ངྷ་སྟེང་བོད་ཁྱིམ་གྱི་ཚན་རིག་སློབ་མ་ ༧༠ ཙམ་རྩེ་གཏོགས་ཀྱིས་སེ་ལ་ཀུ་བོད་ཁྱིམ་དུ་བཏང་ཡོད་ཅིང་། ཤུལ་དུ་ཡོད་པ་རྣམས་ཅུང་ཞན་པའི་རིགས་ཡིན་པ། དེ་བཞིན་འདི་ལོའི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་མ་བཏང་གོང་ཕྱི་ཟླ་བརྒྱད་པའི་ནང་ཚན་རིག་སྡེ་ཚན་གྱི་སྐྱེ་དངོས་ཚན་རིག་(Biology) དགེ་རྒན་བློ་བུར་དུ་དགོངས་ཞུ་བྱས་སྟབས། དེའི་ཚབ་ཏུ་སློབ་ཁྲིད་བྱེད་མཁན་ཁག་ཅིག་ཐབས་འཚོལ་གྱིས་ཁ་སྐུང་བྱ་ཐབས་བྱས་ཡོད་ཀྱང་། གཏན་འཇགས་དགེ་རྒན་མ་རག་སྟབས་ཤུགས་རྐྱེན་སླེབས་ཡོད་ཚུལ་སོགས་བརྗོད་བྱུང་།
འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་དགེ་རྒན་ཀརྨ་རིན་ཆེན་ལགས་ཀྱིས་བརྗོད་པ་ལྟར་ན། ཡིག་རྒྱུགས་མ་འཕྲོད་མཁན་མང་པོ་བྱུང་པའི་རྒྱུ་མཚོན་གཙོ་བོ་ཞིག་ནི། ད་ལོའི་སྐྱེ་དངོས་ཚན་རིག་གི་རྒྱུགས་ཤོག་ནམ་རྒྱུན་ལས་ཁག་པོ་བཏང་ཡོད་པ་དང་། རྒྱུ་མཚན་གཉིས་པ་སློབ་ཕྲུག་རང་ཉིད་ཀྱི་སྦྱང་བརྩོན་བྱས་མིན་ལ་རག་ཡོད་ཅིང་། ཡིག་རྒྱུགས་མ་འཕྲོད་པ་ཕལ་ཆེ་བ་ནམ་རྒྱུན་སློབ་སྦྱོང་ལ་དོ་སྣང་མི་བྱེད་མཁན་རྐྱང་རེད་ཟེར་ཞིང་། དེ་བཞིན་སྐྱེ་དངོས་ཚན་རིག་གི་དགེ་རྒན་རྒྱ་གར་པ་དེ་བློ་བུར་དུ་དགོངས་ཞུ་བྱས་རྗེས། དགེ་རྒན་གཞན་པ་དང་སྨན་པ་ཁག་ཅིག་བཅས་ལ་རེ་སྐུལ་དང་ཐབས་འཚོལ་ཐོག་སློབ་ཚན་མུ་མཐུད་ཁྲིད་ཐབས་བྱས་ཡོད་ཀྱང་། གཏན་འཇགས་དགེ་རྒན་མེད་པ་དེས་སློབ་ཚན་འཆར་འགོད་དང་། སློབ་ཕྲུག་ལ་རྒྱུས་མངའ་ཡོད་མེད། ཁྲིད་ཐབས་གཅིག་གྱུར་མིན་པ། སློབ་ཚན་གོང་འོག་གི་རྒྱུན་འབྲེལ་དཀའ་གནད་འགྲོལ་ཐུབ་མིན་སོགས་ཀྱིས་ཐད་ནས་དཀའ་ངལ་འཕྲད་ཡོད་པ་བཅས་ལ་ངོས་འཛིན་བྱེད་ཀྱི་འདུག
འཛིན་རིམ་བཅུ་གཉིས་ཀྱི་དབྱིན་ཡིག་དགེ་རྒན་རྒྱ་གར་བྱང་ཤར་མེ་ཛོ་རམ་(Mizoram) ནས་ཡིན་པ་ཛོ་སི་(Dr.Zos Bhatia)ལགས་སུ། ཐེངས་འདིའི་རྒྱུགས་འབྲས་དང་འབྲེལ་པའི་རྒྱུ་རྐྱེན་རིགས་ཀྱི་དཀའ་ངལ་སྐོར་དྲིས་པར་ཁོང་མོས། སློབ་གྲྭའི་དཀའ་ངལ་ཆེ་ཤོས་དགེ་རྒན་ཚད་ལྡན་མེད་པ་དང་ལྷག་པར་དུ་ཚན་རིག་དགེ་རྒན་གྱི་དཀའ་ངལ་རེད་ཟེར་ལ། བོད་པ་ཚན་རིག་དགེ་རྒན་ཐོན་ཏེ་སློབ་ཁྲིད་བྱེད་དུ་ཡོང་མཁན་དཀོན་པོ་ཡིན་སྟབས། རྒྱ་གར་དགེ་རྒན་འཚོལ་གྱི་ཡོད་པ་དང་། བོད་ཁྱིམ་གྱི་གླ་ཕོགས་དམའ་པས་རྒྱ་གར་དགེ་རྒན་ཚོར་གཞན་ནས་ལས་ཀ་དང་གླ་ཕོགས་མཐོ་བ་རག་ཚེ་བོད་ཁྱིམ་ནས་ཐོན་འགྲོ་པ་དེས་ཁྱོན་ཡོངས་ནས་བརྡབ་གསིག་ཆེན་པོ་ཐེབས་ཀྱི་ཡོད་སྐོར་བརྗོད་བྱུང་། དེ་བཞིན། དང་བླང་གིས་དུས་ངེས་མེད་ནང་སློབ་ཁྲིད་བྱེད་མཁན་ནུབ་ཕྱོགས་པ་མང་པོ་ཡོང་གི་ཡོད་པ་ནི་གཅིག་ནས་འཆར་གཞི་ལྡན་པའི་ངང་སློབ་ཚན་འགྲོ་ཐུབ་ཀྱི་མེད་པ་དང་། གཉིས་ནས་དང་བླང་པ་ཕལ་ཆེ་བ་ཤ་ཚ་དང་ལྷག་བསམ་མིན་པར། བོད་ཁྱིམ་ནས་དང་བླང་ཞབས་ཞུ་བྱེད་པའི་མིང་རག་ཐབས་ཀྱིས་སོ་སོའི་ཁས་ཕན་སྒྲུབ་ཀྱི་ཡོད་ཚུལ་དང་། ཐེངས་འདིར་རྒྱུགས་འབྲས་ཡག་པོ་མ་བྱུང་པའི་འཕྲལ་གྱི་རྒྱུ་རྐྱེན་དགེ་རྒན་ཞིག་བློ་བུར་དུ་དགོངས་ཞུ་བྱས་པ་དེ་ལ་ངོས་འཛིན་བྱེད་ཀྱི་འདུག
མིང་བཀོད་འདོད་མེད་པ་ཐེངས་འདིའི་ཡིག་རྒྱུགས་མ་འཕྲོད་མཁན་སློབ་ཕྲུག་ཅིག་ལ་གནད་དོན་འདིའི་ཐད་སྐད་ཆ་དྲིས་པར། ཉམས་མྱོང་ཡོད་མཁན་དང་དགེ་རྒན་རྙིང་པ་ཚང་མ་སེ་ལ་ཀུ་བོད་ཁྱིམ་དུ་བཏང་སྟེ། འདིར་ཡོད་པ་རྣམས་དགེ་རྒན་གསར་པ་དང་། སྐྱེ་དངོས་ཚན་རིག་དགེ་རྒན་གྱིས་སློབ་ཁྲིད་དུས་ལྟར་ཚར་ཐུབ་ཀྱི་མེད་པའི་ཁར་འཁྲིད་བྱའི་སློབ་ཚན་ལ་གྲ་སྒྲིག་མེད་པ། ཕྱི་ཟླ་ ༨ པའི་ནང་བློ་བུར་དུ་དགོངས་ཞུ་བྱས་ཤིང་། རྗེས་སུ་སློབ་ཕྲུག་ཚོས་སྐྱེ་དངོས་དགེ་རྒན་དགོས་པའི་རེ་སྐུལ་ཐེངས་མང་ཞུས་ཀྱང་དགེ་རྒན་རག་མེད་པ། ཕྱི་ཟླ་ ༡༡ ཡས་མས་ཤིག་ནས་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་ཁག་ཅིག་སྐད་བཏང་སྟེ་ཉིན་རྒྱབ་ཟུར་ཁྲིད་གང་འཚམ་རིང་བྱས་ཡོད་ཀྱང་། སྨན་པ་དག་གི་སློབ་ཁྲིད་ཚད་མཐོ་དྲགས་ཏེ་སློབ་ཕྲུག་ཚོས་གོ་དཀའ་བར་གྱུར་བ་དང་། སློབ་ཚན་ཁག་ཅིག་མ་ཚར་པར་སློབ་ཕྲུག་རང་ངོས་ནས་སྦྱང་དགོས་བྱུང་བ་སོགས་བརྗོད་བྱུང་།
ཡིག་རྒྱུགས་མ་འཕྲོད་མཁན་མང་པོ་ཞིག་གིས་སོ་སོའི་ངོས་ནས་ཐབས་འཚོལ་ཐོག་ཟུར་སྦྱོང་སློབ་ཁྲིད་དུ་འགྲོ་བཞིན་འདུལ་ལ། བསྐྱར་རྒྱུགས་གཏོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་པའི་སློབ་ཕྲུག་ཅིག་གིས་བརྗོད་པ་ལྟར་ན། ཁོང་ཕྱི་ཟླ་ ༧ པ་ནས་ ༡༢ བར་རྒྱ་གར་སློབ་ཕྲུག་མཉམ་དུ་ཟུར་ཁྲིད་འཛིན་གྲྭར་འགྲོ་བཞིན་ཡོད་པ་དང་། སློབ་ཡོན་ཟླ་རེར་ཧིན་སྒོར་ ༡༠༠༠ ཡིན་འདུག བསྐྱར་རྒྱུགས་འཕྲོད་ཚེ་མཐོ་སློབ་ཏུ་འགྲོ་འཆར་ཡོད་ཟེར་མོད། བོད་ཁྱིམ་སློབ་ཡོན་རྩ་འཛིན་ཡིག་ཆའི་ནང་། རྒྱལ་ཡོངས་ཡིག་རྒྱུགས་ཐེངས་དང་པོའི་ནང་ཡིག་རྒྱུགས་མ་འཕྲོད་ཚེ་བསྐྱར་རྒྱུགས་འཕྲོད་ཀྱང་མཐོ་སློབ་ཏུ་འགྲོ་རྒྱུར་སློབ་ཡོན་མེད་ཅེས་བཀོད་འདུག་ལ། རྒྱ་གར་ནང་སྤུན་མཆེད་གཅིག་ལས་མེད་སྟབས། མཐོ་སློབ་ཀྱི་སློབ་ཡོན་ག་འདྲ་བྱ་དགོས་མིན་ཐད་ངེས་ཤེས་གང་ཡང་མེད་པར་ལྷག་འདུག
གསར་འགོད་པ། བནྡེ་སྐྱབས།
༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽
སྤྱིར་སློབ་མ་ཉི་ཤུ་རྩ་བཞིའི་ཡིག་རྒྱུགས་མ་འཕྲོད་པ་འདི་མང་པོ་མ་རེད། འོན་ཀྱང་བོད་མི་རིགས་ལ་མཚོན་ན་ཡིག་རྒྱུགས་སྤྲོད་མཁན་གཅིག་སྟོང་དགུ་བརྒྱའི་ནང་དུ་ཉི་ཤུ་རྩ་བཞིའི་རྒྱུགས་མ་འཕྲོད་པ་འདི་ནི་གྲངས་ཉུང་མི་རིགས་ཞིག་ལ་མཚོན་ན་ཕངས་སེམས་སྐྱེ་བ་ཞིག་རེད། དགེ་སློབ་ཚང་མས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོ་བྱས་ནས་མུ་མཐུད་དུ་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
ཁ་ནས་བཤད་བཅུག་ན་ཁ་ཐོགས་ཚད་ཀྱིས་བདེན་བདེན་འདྲ་ཞིག་བཤད་ཡང་། རང་གིས་བཟོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་དགོས་ཞེས་པའི་དཔེར་ལྟར་ང་ཚོས་གཟབ་གཟབ་མ་བྱས་ཚེ་སྡུག་གི་ཁུར་བོ་ཐེགས་མི་ཐུབ་པའི་ཉིན་ཞིག་ཤར་ཚེ་ཞལ་བདེ་བོ་ག་ཚོད་ཡོད་ཀྱང་རང་སྡུག་རང་གིས་ཁུར་རྒྱུ་ལས་བྱེད་ཐབས་གཞན་མ་མཆིས་སོ།
རྒྱ་གར་རྒྱལ་ཡོངས་ཀྱི་འཛིམ་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སུ་ཞུགས་པའི་བོད་རིགས་སློབ་མ་༡༣༩༠་ཁོ་ན་ལས་མེད་ཀྱང་དེའི་ཁྲོད་ནས་སློབ་མ་༡༠༧ ཐམ་པས་བསྐྱར་རྒྱུགས་སྤྲོད་དགོས་ཐུག་པ་དང་། སློབ་མ་༡༤ཐམ་པས་ཡིག་རྒྱུགས་མ་འཕྲོད་པ་གནས་ཚུལ་བྱུང་བ་མ་ཟད། སློབ་གྲྭ་ཁག་བཅུ་བཞུའི་ནང་ནས་ཡིག་ཚད་མ་འཕྲོད་པ་༡༤་ལས་༡༢་ཐམ་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཡིན་པ་འདི་ནི་ཆེས་སེམས་ཕམ་དང་བློ་འཚབ་སྐྱེ་ཡག་ཅིག་རེད། སྤྱི་ཚོགས་ནང་གླེང་སློང་ཡག་ཉེན་ག་རེ་ཡོད་ཀྱང་དོན་དངོས་ལ། དེ་འི་རྒྱུ་རྐྱེན་གཙོ་ནི་Dr.Zos Bhatin ལགས་ཀྱིས་བཤད་པ་ལྟར། དགེ་རྒན་ཚད་ལྡན་མེད་པ་དེ་ག་རང་རེད། གང་ཡིན་ཟེར་ན། ཝ་ན་མཐོ་སློབ་མ་གཏོགས་པའི་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་ལ་དེང་དུས་ཤེས་ཡོན་གྱི་དགེ་རྒན་ཡོན་ཚད་ལྡན་པ་ཞིག་མེད་པ་ཤེས་གསལ་ལྟར་རེད།་ལྷག་པར་དུ་རྡ་སྟེང་བོད་ཁྱིམ་ལ་དེ་བས་དགེ་རྒན་ཡག་པོ་མེད་གོང་གསལ་བཤད་བྱས་འདུག་པ་ལྟར་ཡིན་ངེས་རེད། བྱས་ཙང། སློབ་གྲྭ་ཁག་༡༤་ལས་ཡིག་རྒྱུགས་མ་འཕྲོད་པ་མང་ཤོས་དེ་དགེ་རྒན་གྱི་གནས་ཚད་སྐྱོ་ཤོས་ཀྱི་རྡ་སྟེང་བོད་ཁྱིམ་ཆག་འདུག་པས་དེ་གས་དེ་རིང་གི་གནས་ཚུལ་གྱི་རྒྱུ་རྐྱེན་གཙོ་བོ་དེ་དེག་རྒན་གྱི་གནད་དོན་ལ་ཐུག་པ་གསལ་བོ་རེད། ངས་འདིར་དགེ་རྒན་ལ་ཐུག་ཟེར་དུས་དེར་ཡོད་ཀྱི་དགེ་རྒན་ལས་ཐོགས་པ་ཚོས་ལྷག་བསམ་དང་འབད་འབུང་མ་བྱས་པ་རེད་ཅེས་རྩ་ནས་བརྗོད་ཀྱི་མེད། གང་ཡིན་ཟེར་ན་བོད་པ་ཞིག་ཡིན་ན་དེ་དག་གང་ལྕོག་བྱས་ཡོད་ངེས་རེད་ལ། བོད་པ་ཞིག་མིན་ཡང་ལྷག་བསམ་ཡོད་མེད་ཇི་ལྟར་ཡང་སོ་སོའི་ལས་དོན་ཡིན་པས་དེར་ཧུར་ཐག་བྱེད་པ་ནི་ཁོང་ཚོའི་དམིགས་ཡུལ་སྒྲུབ་བྱེད་རེད། འོན་ཀྱང་ཁོང་ལྷག་བསམ་དང་འབད་བརྩོན་ཇི་ཙམ་བྱས་ཀྱང་ཁོང་ཚོ་ལ་ཤེས་ཡོན་གྱི་གནས་ཚད་ཅུང་ཟད་ལས་མེད་ཡོན་ཚད་མཐོ་བའི་སློབ་མ་མང་པོ་ཇི་ལྟར་བསྐྲུན་ཐུབ། བཙལ་བྱོལ་བོད་ཀྱི་སློབ་གྲྭ་ཁག་ནང་ལ་དགེ་རྒན་ཚད་ལྡན་མེད་པའི་པའི་འགལ་གནད་ཀྱང་Dr.Zos Bhatin མཆོག་གིས་གསུང་འདུག་པ་ལྟར། དེར་ཡོད་དགེ་རྒན་ཚོའི་སྐྱོན་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་སྟངས་འཛིན་བྱེད་སྟངས་སམ་དགོན་སྡེ་དང་སློབ་གྲྭ་ཁག་གི་འཛིན་སྐྱོང་པ་ཚོས་དཔལ་འབྱོར་ལ་བསྲི་ཚགས་བྱས་ཏེ་ཤེས་ཡོན་ཚད་ལྡན་ཅན་གྱི་མི་རྣམས་གླ་ཕོགས་སྤོད་མ་ནུས་པས་རང་རེད། བྱས་ཙང་བཀའ་ཁྲི་མཆོག་གིས་འདི་ཡི་ཐལ་དཔྱད་ཞིབ་ཡག་པོ་གནང་སྟེ་གང་མགྱོགས་བཀའ་སློབ་ལམ་སྟོན་གནང་པའི་རེང་བ་བྱེད་བཞིན་ཡོད།
རྒྱ་གར་རྒྱལ་ཡོངས་ཀྱི་འཛིམ་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སུ་ཞུགས་པའི་བོད་རིགས་སློབ་མ་༡༣༩༠་ཁོ་ན་ལས་མེད་ཀྱང་དེའི་ཁྲོད་ནས་སློབ་མ་༡༠༧ ཐམ་པས་བསྐྱར་རྒྱུགས་སྤྲོད་དགོས་ཐུག་པ་དང་། སློབ་མ་༡༤ཐམ་པས་ཡིག་རྒྱུགས་མ་འཕྲོད་པ་གནས་ཚུལ་བྱུང་བ་མ་ཟད། སློབ་
རྒྱ་གར་རྒྱལ་ཡོངས་ཀྱི་འཛིམ་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སུ་ཞུགས་པའི་བོད་རིགས་སློབ་མ་༡༣༩༠་ཁོ་ན་ལས་མེད་ཀྱང་དེའི་ཁྲོད་ནས་སློབ་མ་༡༠༧ ཐམ་པས་བསྐྱར་རྒྱུགས་སྤྲོད་དགོས་ཐ
རྒྱ་གར་རྒྱལ་ཡོངས་ཀྱི་འཛིམ་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སུ་ཞུགས་པའི་བོ
བཀའ་ཁྲི་མཆོག་གིས་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་ཡོད་ལ་ལམ་ལུགས་དང་བྱེད་ཐབས་ཐད་ལ་གསར་གཏོད་དང་གོང་འཕེལ་གཏོང་འཆར་ཡོད་པ་བཞིན་གང་མྱུར་དབུ་འཛུགས་གནང་རྒྱུ་གལ་ཆེ། ཤེས་ཡོན་གྱི་གྲུབ་འབྲས་ནི་ལམ་སང་སྨིན་ཐུབ་པ་ཞིག་མིན་པས་ལོ་ལྔའི་ནང་ལ་ལམ་ཞིག་བཏོད་ཐུབ་སོང་ན་མཇུག་སྐྱོང་མཁན་ཞིག་ཀྱང་ལོས་ཡོད།
སྥྱིར་བཏང་རྒྱུ་རྐྱེན་མང་དག་ཞིག་ཡོད་མོས། འོན་ཀྱང་གཙོ་བོ་འཛིན་སྐྱོང་གི་ནོར་འཁྲུལ་ཞིག་ཏུ་མཐོང། སེ་ལ་ཀུལ་སློབ་གྲྭར་དགེ་རྒན་ཉམས་མྱོང་ཅན་དང་ཡག་པ་དགོས་པ་ནང་བཞིན་བོད་ཁྱིམ་སློབ་གྲྭ་གཞན་ལ་དགེ་རྒན་ཡག་པོ་མི་དགོས་པ་ཡིན་ནམ། ཐོག་མར་དགེ་རྒན་ཡག་པོ་ཞིག་རག་ཐབ་མ་བྱེད་པ་དང་། གཉིས་ནས་དགེ་རྒན་ཡག་པོ་རག་པ་དེ་དག་ལ་བརྩེ་མཐོང་དང་། བདག་པོ་མ་བརྒྱག་པར་གཅིག་འགྲོ་ན་གཅིག་རག་གི་རེད་བསམ་བསམ་བྱས་པའི་ལན།
བོད་པའི་སློབ་གྲ་ཁག་གི་ནང་དུ་ཤེས་ཡོན་ཚད་གཞི་དམའ་རུ་ཕྱིན་པ་དེ་དགེ་རྒན་དང་འཛིན་སྐྱོང་གཅིག་པུ་ལ་ཁག་དཀྲི་ན་དྲང་པོ་མ་རེད། འདི་ནི་གལ་ཆེ་ཤོས་དེ་ཁོར་ཡུག་གི་དབང་གིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་ལ་དོ་སྣང་ཆུང་དུ་ཕྱིན་པའི་འབྲས་བུ་ཞིག་ལ་ངོས་འཛིན་བཞིན་ཡོད། དེང་སང་དང་སྔར་གྱི་སློབ་ཕྲུག་བར་ལ་སློབ་སྦྱོང་ལ་དོ་སྣང་ཧེ་བག་ཆེན་པོ་ཡོད། དེང་སང་སློབ་ཕྲུག་རྣམས་ནི་རྣམ་གཡེང་གི་འོག་ལ་ཕྱིན་ནས་དུས་འདའ་བར་བྱེད་པར་མ་ཟད། ད་དུང་འཕྲུལ་རིག་འདྲ་མིན་གྱིས་ཁོང་ཚོའི་ཀླད་པའི་རང་ཆས་ཀྱི་ནུས་པ་དེ་བེད་སྤྱོད་གཏོང་མི་ཐུབ་པར་གྱུར་གྱིན་ཡོད། བྱས་ཙང་གཙོ་བོ་སློབ་ཕྲུག་རྣམས་སློབ་སྦྱོང་ལ་དོ་སྣང་སླེབས་ཐབས་ལ་ཕྱོགས་ཡོང་ནས་འབད་བརྩོན་བྱེད་དགོས་ཀྱི་འདུག་སྙམ།
ཡིག་རྒྱུགས་མ་འཕྲོད་པ་་༢༤་འདི་མང་པོ་རེད། གྲངས་འབོར་འདི་ལས་མང་བ་སུ་ལ་དགོས་སམ། སློབ་ཕྲུག་དེ་དག་གི་མི་ཚེ་འཕྲོ་རླག་ཕྱིན་པ་རེད། ཁོང་ཚོའི་མདུན་ལམ་མེད་པ་ཆགས་པ་རེད། སྤྱིར་བཏང་བོད་པའི་སློབ་གྲྭ་ཚང་མའི་ཚན་རིག་གི་དགེ་རྒན་ཚད་ལྡན་མེད་པ་ནི་དངོས་ཡོད་རེད། འོན་ཀྱང་དེ་ལ་སུས་ཀྱང་ཡ་བྱེད་མཁན་མེད། བོད་གཞུང་ཡིན་ནའང་རེད། སློབ་གྲྭ་སོ་སོའི་འཛིན་སྐྱོང་ཡིནའང་རེད། ཕ་མ་ཚོ་ཡིནའང་རེད། འབྲེལ་ཡོད་མི་སྣ་སུ་འདྲ་ཅིག་ཡིནའང་དོ་སྣང་སྤུ་ཙམ་ཡང་མེད། ཐབས་སྐྱོ་བོ་རེད།མ་གཞི་ང་ཚོ་བོད་མི་ཚོ་དཔེ་ཆ་ངག་ལ་འཛིན་རྒྱུ་མ་གཏོགས་ཚན་རིགས་ཀྱི་སློབ་མཚན་སྤྱི་ལ་རྣམ་དཔྱོད་བཏོན་ཐུབ་མཁན་ཡོང་མི་སྲིད་པ་ལྟ་བུ་རེད། བོད་པའི་ཀླད་པ་དེ་ཡང་དེ་འདྲ་ཡིན་དུས་བྱེད་ཡ་མེད།
ང་རང་ཡང་སྔོན་མ་བོད་པའི་སློབ་གྲྭ་ནས་ཚན་རིག་ཐོན་པ་ཡིན། ང་ཚོ་ལ་དགེ་རྒན་ཕན་ཐོགས་པ་གཅིག་ཀྱང་མ་བྱུང། དམའ་རིམ་གྱི་དགེ་རྒན་ཁ་ཤས་ང་ཚོར་སློབ་ཁྲིད་གནང་བཅུག་སོང། དཔེ་བསགས་སོང། སོ་སོས་དཀའ་ལས་རྒྱབས་ཏེ་ཐར་ཁྱོལ་ཙམ་བྱུང་སོང། འོན་ཀྱང་ཚན་རིག་གི་གཞི་རྩའི་ཤེས་ཡོན་ཞན་པའི་རྐྱེན་གྱི་ངས་ཚན་རིག་ཐོག་ལ་མུ་ཐུད་སློབ་སྦྱོང་བྱེད་ཐུབ་མ་སོང། འབྱུང་རིགས་སྡེ་ཚན་དུ་ཕོ་དགོས་བྱུང་སོང། ངས་ལས་སླ་པོའི་ཐོག་ནས་མཐོ་རིམ་སློབ་གྲྭ་འགྲིམས་པ་ཡིན།
རྒྱ་གར་མ་དེས་བཤད་པ་ལ་དངོས་ནས་གནས་ལུགས་འདུག་དེང་སང་ང་ཚོའི་བཙན་བྱོལ་ནང་དུ་མགོ་སེར་མང་པོ་ཞིག་གིས་རང་ཉིད་ཀྱི་ཁས་ཕན་ཆེད་དུ་ཁ་སྙན་མོ་ཞིག་ལ་གཡར་ནས་
ལྷན་ཁང་ཁག་དང་འབྲེལ་ཏེ་ང་ཚོའི་ཤེས་ཡོན་དང་འཕྲོད་སྟེན། བདེ་འཇགས་བཅས་ལ་ཅུང་གནོད་ཀྱི་མེད་དམ་སྙམ།
གཅིག་འཛིན་སྐྱོང་ལ་རེག་ལས་རེད། གཉིས་དགེ་རྒན་ལ་ཤེས་ཡོན་མེད་ན་སློབ་ཕྲུག་གི་རྒྱུགས་འཕྲོད་ཐབས་ཡོད་པ་མ་རེད།
“་སློབ་མ་ཁྱོན་༡༣༩༠ ཙམ་ཞུགས་ཡོད་པའི་ཁྲོད། ཡིག་རྒྱུགས་མ་འཕྲོད་པ་ ༢༤ “འདི་མང་པོ་མ་རེད། དགེ་སློབ་ཚང་མས་མུ་མཐུད་དུ་འབད་བརྩོན་བྱེད་རོགས། མི་རིགས་ཀྱི་ཆེད་དུ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་ཐུབ་ན་དེ་ནས་མི་རིགས་ལ་ལེགས་སྐྱེས་ཡག་པོ་འབུལ་ཐུབ་པས་འདི་ནི་གསོན་པོར་འཚོ་མཁན་དག་གི་བླ་མེད་འགན་འཁྲི་ཡིན། དགེ་སློབ་ཚོས་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱའི་མེ་ལྕེ་དེ་སློབ་སྦྱོང་ཐོག་ནས་སྦོར་དགོས། ཤེས་རིག་གི་དཔལ་འབར་ཁྲི་འབུམ་སྒྲོན་རོགས།