༸གོང་ས་མཆོག་འཆར་ཟླའི་ནང་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་གྱིས་དགེ་འདུན་པ་རྣམས་ལ་བཀའ་ཆོས་དང་རིག་གནས་སློབ་གྲྭ་དབུ་འབྱེད་བཅས་གནང་རྒྱུ་ཡིན་འདུག
རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཉེ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གིས་གསོལ་འདེབས་གནང་བ་ལྟར། འཆར་ཟླའི་ཕྱི་ཚེས་ ༤ ཉིན་ནས་བཟུང་༸གོང་ས་མཆོག་གིས་ཧོན་སུར་རབ་རྒྱས་གླིང་ཁུལ་དུ་ཡོད་པའི་བརྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་གྱིས། ཕྱི་ཚེས་ ༥ དང་ ༦ བཅས་ཉིན་གཉིས་རིང་དཔལ་གསང་བ་འདུས་པའི་རིགས་ལྔའི་འགྲེལ་བའི་བཀའ་ཆོས་བསྩལ་རྒྱུ་དང་། ཚེས་ ༧ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ལ་བརྟན་བཞུགས་དང་རྒྱུད་སྨད་གྲྭ་ཚང་གི་རིག་གནས་སློབ་གྲྭ་དབུ་འབྱེད་བཅས་ཀྱི་མཛད་འཕྲིན་སྐྱོང་གཏན་འཁེལ་ཡོད་འདུག
གསར་འགོད་པ། དོན་གོ
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
༸བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །
༸བསྟན་འཛིན་རྒྱ་མཚོའི་༸ཞབས་ལ་གསོལ་བ་འདེབས། །