མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་མཆོག་བོད་མིའི་སྙིང་སྟོབས་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་མཇལ་འཕྲད་གནང་རྗེས། ཡུལ་དེའི་མང་ཚོགས་ལ་བཀའ་སློབ་དང་མཁས་པའི་བགྲོ་གླེང་དུ་མཉམ་ཞུགས་གནང་ཡོད།  

ཉིན་འདི་འགར་༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ (Forum 2000 Foundation) ཞེས་པའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག   ཐོག་མར་རྒྱལ་ས་པཱ་རཱག་ཏུ་སྲིད་འཛིན་ཟུར་པ་ཝག་ལབ་ཧ་སེལ་ (Vaclav Havel) མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་བསྡུར་གནང་ཡོད་འདུག་ལ། སྐབས་དེར་༧གོང་ས་མཆོག་གིས་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། བོད་ཀྱི་གནད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་སྟེ། “ སྲིད་འཛིན་མཆོག་ནི་བོད་མིའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཡིན ” ཞེས་གསུངས་ཡོད་འདུག་ལ། སྲིད་འཛིན་མཆོག་གིས་ཀྱང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འཛིན་མི་སྣས་བོད་དོན་ཐོག་རྒྱབ་སྐྱོར་བྱས་མིན་ལ་མ་ལྟོས་པར། ཡུལ་དེའི་མང་ཚོགས་ཁྲོད་ཏཱ་ལའི་བླ་མ་མཆོག་ལ་དགའ་མོས་དང་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་དེ། “ ང་ཚོས་བོད་མིའི་ཆབ་སྲིད་འཕོ་འགྱུར་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། ད་ལྟའི་བོད་མིའི་ཆབ་སྲིད་འགྱུར་བ་དེ་དུས་དང་འཚམ་པ་ཞིག་ཏུ་མཐོང་གི་ཡོད་ ” ཅེས་བརྗོད་འདུག

ཕྱི་ཚེས་ ༡༡ ཉིན་རྒྱལ་ས་པཱ་རག་ཚོགས་ཁང་ཆེན་མོའི་ནང་། ༧གོང་ས་མཆོག་གིས་ས་གནས་མང་ཚོགས་བརྒྱ་ཕྲག་དུ་མར་༼དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང་། ཉིན་རྒྱབ་རྒྱལ་སའི་མགྲོན་ཁང་ཞིག་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཀ་རེལ་ཤ་ཝར་ཛན་བྷག་ (karel Schwarzenberg) མཆོག་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་གནས་སྟངས་སྐོར་བཀའ་བསྡུར་གནང་ཡོད་འདུག

དེའི་རྗེས་ཅིར་ལི་སི་གཙུག་ལག་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་བསྟི་གནས་ཁང་ཞེས་པར། ༼ཨེ་ཤ་ཡའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་༽ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གནང་ཡོད་ཅིང་། ལྷན་ཚོགས་དེར་ཨི་རན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཤི་རིན་ཨི་བྷ་ཌི་ (Shirin Ebadi) མཆོག་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་ཕྱོགས་སྒྲིག་འགན་འཛིན་ལས་རོགས་སི་ཊེ་ཕན་ཧ་སེལ་ (Stephane Hessels) ཧར་ཝར་ཌི་གཙུག་ལག་སློབ་གྲྭའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཡང་ཅན་ལི་བཅས་ཕེབས་ཡོད་འདུག

༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟིགས་སྐོར་ཁག་ལེགས་པར་འགྲུབ་རྗེས། སང་ཉིན་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཅེག་སྲིད་འཛིན་འཁོར་བཅས་སྐུ་ཚེ་ཡུན་བརྟན་མཛད་འཕྲིན་སྔར་ལྷག་རྒྱས་འགྱུར་ཅིག

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    མེས་པོའི་མཛད་འཕྲིན་རེ་ཞིག་རྒུད་ཀྱང་བདེན་དོན་ལོ་རྒྱུས་བྲིས་ནས་ཡོད།
    བཙན་པོ་བང་སོང་བཙན་གྱི་འཕྲོག་ཀྱང་ཁྲག་གི་བྲིས་བའི་དེབ་ཐེར་ཡོད།
    ཞི་བདེའི་འོད་སྣང་མཁའ་ལ་ཁྱབ་པས་སྨག་མུན་སྟུག་པོ་མཐའ་ནས་སེང་།
    ༧སྐྱབས་མཆོག་གང་གི་མཛད་འཕྲིན་ཉི་ཟླ་གླིང་བཞིའི་མུན་པ་ཚལ་བུར་བཤགས།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འཛམ་གླིང་ལེགས་སྦྱར་གནང་ལ་ཟླ་མེད་པ།
    ཀུན་ཕན་གསུང་གི་བདུད་རྩིའི་ཟེར་མ་ཅན།
    སྔར་མེད་ས་ཡི་ཟླ་བ་ཉ་གང་བ།
    འགལ་རྐྱེན་ཚ་གདུང་སེལ་བའི་གཉེན་གཅིག་པུ།
    མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese