མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་རྒྱལ་དར་ལ་སྐར་དྲུག་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝེ་ཐི་ནམ་ནང་ལྟ་སྐོར་དུ་བསྐྱོད་སྐབས། རྒྱའི་རྒྱལ་དར་སྐར་མ་དྲུག་ཅན་ཞིག་བསྐྱར་དུ་མངོན་པ་ཡོད་དེས། ཝེ་ཐི་ནམ་དང་རྒྱ་ནག་མི་མང་ལ་དོགས་གཞི་སྣ་ཚོགས་བཟོས་འདུག    

ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ཝེ་ཐི་ནམ་ནང་ལྟ་སྐོར་གྲུབ་རྗེས་འབར་མའི་ནང་བསྐྱོད་ཡོད་པ་དང་།   ཁོ་རང་འབར་མའི་རྒྱལ་ས་བྷན་ཀོག་ (Bangkok) ལ་མ་ཕྱིན་པའི་སྔོན་ཏག་ཏག་ལ་ཝེ་ཐི་ནམ་གྱི་སྲིད་བློན་ཋན་ཌོན་ (Nguyen Tan Dung) དང་ཐུག་འཕྲད་བྱས་ཡོད་པ་རེད། ཡིན་ནའང་། གནས་འཕྲིན་དྲ་རྒྱའི་ཐོག་ཝེ་ཐི་ནམ་མི་མང་གིས་ཤུགས་ཆེན་པོས་སློང་བྱེད་བཞིན་པ་ནི། ཞི་ཅིན་ཕེན་གྱི་ལྟ་སྐོར་དང་གཏམ་བཤད། རྒྱ་ཁབ་གཉིས་ཀྱི་མགོ་ཁྲིད་ཚོའི་གྲོས་མོལ་དང་ཚོང་དོན་ཆིངས་ཡིག་སོགས་མ་ཡིན་པར། ཁོའི་ལྟ་སྐོར་མཉམ་དུ་ཝེ་ཐི་ནམ་ནང་རྒྱའི་རྒྱལ་དར་སྐར་མ་དྲུག་ཅན་ཞིག་བསྐྱར་དུ་མངོན་པ་དེ་ཆགས་ཡོད་ལ།  གནད་དོན་དེའི་ཐད་ཝེ་ཐི་ནམ་མི་མང་གིས་ཧ་ཅང་བློ་འཚབ་དང་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་བཞིན་འདུག 

ཕྱི་ཚེས་ ༢༡ ཉིན་ཝེ་ཐི་ནམ་གྱི་སྲིད་འཛིན་ཐོག་ཁང་གི་མདུན་ཐང་དུ། ཝེ་ཐི་ནམ་གྱི་ལོ་ཆུང་བྱིས་པ་སྐོར་ཞིག་གིས་གཞུང་གི་བཀོད་སྒྲིག་ལྟར་རུ་སྒྲིག་སྟེ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ལ་བསུ་བ་བྱེད་སྐབས། བྱིས་པ་དག་གི་ལག་ཏུ་སྐར་མ་ཆེན་པོ་ ༡ གི་མཐའ་ལ་སྐར་མ་ཆུང་ཆུང་ ༥ ཡིས་སྐོར་ཡོད་པའི་སྐར་མ་དྲུག་ཅན་གྱི་རྒྱའི་རྒྱལ་དར་ཞིག་བཟུང་ཡོད་པ་རེད།  རྒྱའི་རྒྱལ་དར་སྐར་མ་དྲུག་ཅན་དེ་ཝེ་ཐི་ནམ་དུ་ཐོག་དང་པོ་མངོན་པ་ཞིག་མ་ཡིན་པར། ད་ལོའི་ཕྱི་ཟླ་ ༡༠ ཟླ་དཀྱིལ་ཙམ་ལ་ཝེ་ཐི་ནམ་གཞུང་འབྲེལ་བརྙན་འཕྲིན་ (VTV) ཐོག་རྒྱ་ནག་དང་ཝེ་ཐི་ནམ་གྱི་འབྲེལ་བའི་སྐོར་གྱི་གསར་འགྱུར་ལེ་ཚན་སྟོན་སྐབས། བརྙན་འཕྲིན་ནང་ཝེ་ཐི་ནམ་གྱི་རྒྱལ་དར་གྱི་ཟུར་དུ་རྒྱའི་རྒྱལ་དར་སྐར་མ་དྲུག་ཅན་དེ་མངོན་ཡོད་པ་རེད།

སྐར་མ་དྲུག་ཅན་གྱི་རྒྱའི་རྒྱལ་དར་ནོར་འཁྲུལ་ཅན་དེའི་ཐད། ཝེ་ཐི་ནམ་མི་མང་གིས་གཞུང་ལ་བློ་ཕམ་གྱི་རྣམ་འགྱུར་དང་སྐྱོན་བརྗོད་བྱས་ཡོད་པ་མ་ཟད།  ནོར་འཁྲུལ་ཅན་གྱི་རྒྱལ་དར་དེ་སྔ་ཕྱིར་ཐེངས་གཉིས་ལ་བྱུང་ཞིང་། མགྲོན་བསུའི་རྒྱལ་དར་ཆུང་ངུའི་རྣམ་པའི་ཐོག་ནས་མངོན་པ་དེ་ནི། ཝེ་ཐི་ནམ་གཞུང་གིས་དམིགས་ཡུལ་དང་རྒྱབ་ལྗོངས་ཡོད་པའི་ཐོག་ནས། ཝེ་ཐི་ནམ་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་བསྒྱུར་འདོད་ཀྱི་བསམ་པ་བསྟན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་འདུག 

ཝེ་ཐི་ནམ་གྱི་གནས་འཕྲིན་དྲ་རྒྱའི་ཐོག་ནོར་འཁྲུལ་ཅན་གྱི་རྒྱལ་དར་དེ་བཟོ་མཁན་ནི། དོན་དངོས་ཐོག་རྒྱ་ནག་དང་ཝེ་ཐི་ནམ་གཉིས་ཀྱི་སུ་ཞིག་ཡིན་མིན་ཐད་མི་མང་པོས་དོགས་འདྲི་སྣ་ཚོགས་བྱས་ཡོད་པ་རེད། དྲ་མིང་ལ་ཆཱོན་ལཱིབ་ (Nguyen Quang Lap) ཟེར་བའི་དྲ་ཐོག་ཟིན་བྲིས་པ་ཞིག་གིས། “ ནོར་འཁྲུལ་ཅན་གྱི་རྒྱལ་དར་དེས་ང་ཚོའི་སེམས་ནང་གི་ཝེ་ཐི་ནམ་གྱི་དགའ་མོས་ལ་ཕོག་ཐུག་ཆེན་པོ་བཟོས་སོང་། གལ་སྲིད་ནོར་འཁྲུལ་དེ་ནི་ལག་རྩལ་ཐད་ནས་བྱུང་བའི་ནོར་འཁྲུལ་ཞིག་ཡིན་ཚེ། ངེས་པར་དུ་ཕ་རོལ་བོར་དགོངས་དག་ཞུ་དགོས་པ་རེད། གལ་སྲིད། བསམ་བཞིན་དམིགས་ཡུལ་ཡོད་པའི་སྒོ་ནས་ནོར་འཁྲུལ་བཟོས་པ་ཞིག་ཡིན་ཚེ། དེའི་དགོས་པ་རྒྱུ་མཚན་མཐའ་དག་ང་ཚོ་ཝེ་ཐི་ནམ་མི་དམངས་ལ་གསལ་བརྗོད་བྱེད་དགོས། ” ཅེས་བརྗོད་ཡོད་པ་རེད།

འཛམ་གླིང་སྒང་རྒྱལ་ཁབ་སུ་འདྲ་ཞིན་ཡང་སོ་སོའི་རྒྱལ་དར་ལ་རྒྱལ་ཁབ་གཞན་གྱིས་བསྟུད་མར་ནོར་འཁྲུལ་བཟོས་ཚེ། དེ་ལ་སྐྱོན་བརྗོད་དང་རྣམ་འགྱུར་མི་སྟོན་མཁན་གཅིག་ཀྱང་ཡོད་མི་སྲིད་སྟབས། ཝེ་ཐི་ནམ་གྱིས་རྒྱ་ནག་གི་རྒྱལ་དར་ཐད་སྔ་ཕྱིར་ནོར་འཁྲུལ་བཟོས་ནའང་།  རྒྱ་གཞུང་གིས་སྐྱོན་བརྗོད་ཀྱི་རྣམ་འགྱུར་གང་ཡང་མ་བསྟད་པར་སྣང་མེད་དུ་བཞག་པ་དེ་ནི།  ཝེ་ཐི་ནམ་གྱི་མི་མང་ལ་མཚར་སྣང་དང་བློ་དོགས་སྐྱེས་གཞི་ཞིག་ཆགས་ཡོད་པ་རེད།   དྲ་མིང་ལ་ཨེན་གྷོག་ཁཱིན་ (Huynh Ngoc Cenh) ཟེར་བའི་ཟིན་བྲིས་པ་ཞིག་གིས། “ དེ་ནི་རྒྱ་གཞུང་གིས་ཝེ་ཐི་ནམ་ལ་གུ་ཡངས་བྱས་པ་ཡིན་ནམ། དེ་ལྟར་རྩ་བ་ཉིད་ནས་ཡིན་མི་སྲིད།   འདས་པའི་ལོ་རྒྱུས་ནང་རྒྱ་གཞུང་གིས་ཝེ་ཐི་ནམ་གྱིས་བཟོས་པའི་ནོར་འཁྲུལ་གང་རུང་ལ་གུ་ཡངས་ཀྱི་རྣམ་འགྱུར་གཅིག་ཀྱང་སྟོན་མྱོང་མེད། ཡིན་ནའང་།  བསྟུད་མར་བྱུང་བའི་རྒྱལ་དར་གྱི་ནོར་འཁྲུལ་དེའི་ཐད་རྒྱ་གཞུང་གིས་ཅི་ཡང་མི་སྨྲ་བའི་འགྱུར་འཛིན་དོན་ཅི་ཡིན་ནམ། དེའི་རྒྱབ་ལྗོངས་ན་གནད་དོན་ག་རེ་ཞིག་སྦས་སྐོང་བྱས་ཡོད་དམ། ” ཅེས་དོགས་འདྲི་བྱས་ཡོད་པ་རེད།  

རྒྱལ་དར་གྱི་གནད་དོན་དེའི་ཐད། རྒྱ་ནག་གི་གནས་འཕྲིན་དྲ་རྒྱ་ཁག་གི་སྟེང་དུའང་གླེང་ཕྱོགས་ཆེན་པོ་གཉིས་འབྱུང་བཞིན་ཡོད་འདུག  ཁག་ཅིག་གིས་དེ་ནི་ཝེ་ཐི་ནམ་གྱི་རྒྱལ་དར་སྟེང་གི་སྐར་མ་གཅིག་པུ་དེ།  རྒྱའི་རྒྱལ་དར་སྟེང་གི་སྐར་མ་ཨང་དྲུག་པ་བྱས་ཏེ་རྒྱ་ནག་གི་མངའ་ཁོངས་སུ་ཞུགས་འདོད་རེད་ཅེས་དགའ་མོས་དང་།  ཁག་ཅིག་གིས་ཝེ་ཐི་ནམ་གྱིས་རྒྱ་ནག་ལ་བརྩི་བཀུར་མ་བྱས་པ་ཞིག་དང་རྒྱལ་སྤྱིའི་སྒང་གླེང་གཞི་བཟོ་འདོད་ཡིན་ལ།  དེ་ནི་རྒྱལ་ཁབ་ནུས་མེད་དག་གིས་གཞན་ལ་ཁ་གཏད་གཅོག་ཐབས་ཀྱི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། ནོར་འཁྲུལ་ཅན་གྱི་རྒྱལ་དར་གནད་དོན་དེ་ཉེ་སྔོན་རྒྱ་ནག་དང་ཝེ་ཐི་ནམ་བར་མཚོ་འགག་བདག་དབང་ཐད་རྙོག་དྲ་བྱུང་སྐབས་ཐོག་མར་མངོན་ཡོད་སྐོར་བརྗོད་ཡོད།

ཝེ་ཐི་ནམ་ནང་སྔ་ཕྱིར་ཐེངས་གཉིས་ལ་སྐར་མ་དྲུག་ཅན་གྱི་རྒྱའི་རྒྱལ་དར་ཞིག་ཐོན་པ་དེ་ནི།  ལག་རྩལ་གྱི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་གང་ཞིག་ཡིན་མིན་དེ་དོགས་གཞི་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༤ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese