མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤུགས་རྐྱེན་དེ་ད་དུང་འདུག་གམ། མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉིན་སུམ་བརྒྱ་ཙམ་གྱི་ཡར་སྔོན་ལ། ངེད་རང་དགའ་ལྡན་ཕོ་བྲང་གི་སྲིད་དབང་འོག་ན་ཡོད། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཆབ་སྲིད་ཀྱི་དབུ་ཁྲིད་འོག་ན་ཡོད། མི་རབས་བཅུ་སྟེ། ལོ་སུམ་བརྒྱ་བདུན་ཅུ་ཙམ་གྱི་རྗེས་དང་། ད་ནས་ཡར་བརྩིས་ན་ཉིན་སུམ་བརྒྱ་ཙམ་གྱི་མཚམས་ནས་ངེད་ཀྱི་རླབས་ཆེ་བའི་སྲིད་དབང་དེ་མཇུག་སྒྲིལ་སོང་། ང་རང་དབུ་ཁྲིད་གང་དེའི་ཆབ་སྲིད་ཀྱི་སྐྱབས་འོག་ཏུ་འདུག་རྒྱུའི་བསོད་ནམས་ཀྱང་ཟད་སོང་།

ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་དེ་བརྒྱུད་ནས་དེ་རིང་ང་ནི་སླར་ཡང་བཙན་བྱོལ་བོད་མིའི་དམངས་གཙོའི་སྒྲིག་འཛུགས་ཀྱི་འོག་ན་ཡོད། བོད་རིགས་མི་དམངས་ཀྱི་སེམས་དང་བསམ་པ། ཁ་དང་ལག་པའི་བར་ནས་བསྡུར་ཞིང་བདམས་ཏེ་ཕེབས་པའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གི་དབུ་ཁྲིད་འོག་ན་ཡོད། ངས་སླར་ཡང་རང་ཉིད་གཏན་དུ་བོར་མེད་པ་ཚོར། བོད་རིགས་སྤུན་ཟླ་དག་གི་སྙིང་སྟོབས་ཀྱང་ཉམ་མེད་པ་རྟོགས། དེ་ལྟར་བློ་ཕམ་དང་བློ་སྤོབས་གཉིས་ཀ་ཅིག་ཅར་དུ་སྐྱེས། མུ་མཐུད་ནས་རང་གི་གྲུ་ལག་ཡར་ལ་བརྫེས། སྐེད་རགས་ཐད་ལ་བསྡམས།

ད་ནི་ཛ་དྲག་དང་དངངས་སྐྲག་གི་ལོ་འདི་མཇུག་བསྡུས་སོང་། ལོ་གསར་པ་ཞིག་བསུ་བཞིན་པའི་སྐབས་རེད། རང་ཉིད་ལ་མཚོན་ན་ནམ་རྒྱུན་དོན་དག་གལ་ཆེན་དུ་གྱུར་བ་རེ་ཕྱིར་དྲན་དང་རེ་བ་དང་ཉེན་ཁ་གསར་པ་རེའི་ཕྱོགས་ལ་སོ་ལྟ་བྱ་རྒྱུ་ཞིག་གོམས་ཡོད། དེ་བས་སྐབས་འདིར་གླེང་འདོད་པ་ནི། གོང་གི་འགྱུར་བ་འདིའི་རྗེས་ཀྱི་ཤུགས་རྐྱེན་ཞིག་ཡིན། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་སྐོར་ནས་ཡིན།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བོད་མིའི་འོས་འདེམས་ལས་ཕེབས་པའི་དབུ་ཁྲིད་ལ་རྩིས་སྤྲད་རྗེས། ཁོང་གི་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ལ་སྔར་གྱི་བར་ཆད་དེ་རིགས་མེད་ན་བསམ་ཡང་། ལོ་འདིར་སླར་ཡང་ཁོང་ཉིད་ལྷོ་ཨབ་རི་ཁར་ཕེབས་མ་ཐུབ་པ་རེད། འདི་ནི་རྒྱ་ནག་གཞུང་གི་རྒྱལ་ཁ་རེད། བོད་རིགས་མི་དམངས་དང་ཨབ་རི་ཁའི་མི་དམངས་ཀྱི་གྱོང་གུད་རེད།

དེ་བཞིན། ལོ་འདིར་༧གོང་ས་མཆོག་གི་ཆིབས་སྒྱུར་ལས་འཕྲོས་པའི་རྒྱལ་ཁབ་གལ་ཆེན་ཞིག་ནི། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་མེ་ཀི་སི་ཁོ་རེད། ༧གོང་ས་མཆོག་རྒྱལ་ཁབ་དེར་ཕེབས་སྐབས་སྲིད་འཛིན་ Felipe Calderon ལ་མཇལ་འཕྲད་གནང་བ་རེད། འདི་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་བློས་གཏོང་ཆེན་པོ་ཞིག་རེད། ལྷག་པར་དུ་མེ་ཀི་སེ་ཁོ་ནི་རྒྱལ་ཁབ་ཉམ་ཆུང་ཞིག་རེད། དུད་ནག་དང་མེ་མདའི་ཚོང་ལས་ཀྱིས་མཚོན་པའི་དཀའ་རྙོག་ཆེ་ས་ཞིག་རེད། འོན་ཀྱང་། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུས་ཤིང་། ཡུལ་དེའི་སྲིད་འཛིན་གྱིས་མཇལ་འཕྲད་དང་མི་དམངས་ལ་བཀའ་ཆོས་བསྩལ་བ་རེད། དེ་བས་རྒྱལ་ཁབ་འདིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་མ་སྒུར་བར་༧གོང་ས་མཆོག་གདན་འབོད་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ངོས་ནས་མཇལ་འཕྲད་གནང་བ་ནི་བློས་གཏོང་ཆེན་པོ་ཞིག་རེད།

འདི་ལྟར་གླེང་དོན་ནི། ༧གོང་ས་མཆོག་གིས། ངོས་ཀྱིས་རྒྱལ་ཁབ་གང་ཡིན་ན་ཡང་དེར་མཛད་དཀའ་སྤྲོད་འདོད་མེད། དབུ་ཁྲིད་ཚོ་ངོས་ལ་མ་ཐུག་ཀྱང་བློ་ཕམ་མེད་ཅེས་གསུང་གི་ཡོད་ལ། དོན་དུ་ཡང་ཁོང་གིས་ད་བར་དུ་བློ་ཕམ་གྱི་བཀའ་གསུང་ཟུར་ཙམ་ཡང་གནང་མྱོང་མེད། འོན་ཀྱང་། ཞིབ་འཇུག་པ་ཚོ་ལྟར་ན། ༧གོང་ས་མཆོག་རྒྱལ་ཁབ་གང་དུ་ཆིབས་སྒྱུར་གནང་ན། རྒྱ་ནག་གི་ཕྱོགས་ནས་རྒྱལ་ཁབ་དེར་གྱོང་གུད་ཆེན་པོ་རེ་ཐེབས་ཀྱིན་འདུག དཔེར་ན། ༧རྒྱལ་བ་རིན་པོ་ཆེར་མཇལ་འཕྲད་གནང་མཁན་དེ་རྒྱལ་ཁབ་ཅིག་གི་དབུ་ཁྲིད་མཐོ་གྲས་ཤིག་ཡིན་ཚེ། ལོ་དེ་ནས་བཟུང་ལོ་གཉིས་ཀྱི་རིང་ལ་རྒྱལ་ཁབ་དེས་རྒྱ་ནག་ལ་ཕྱིར་བཙོང་བྱེད་པ་དེ་བརྒྱ་ཆ་བརྒྱད་དང་གྲངས་ཆུང་གཅིག་བར་དུ་མར་ཆག་འགྲོ་གི་འདུག་ཟེར།

རྒྱ་ནག་གིས་འདས་པའི་ལོ་ཤས་ནས་བཟུང་ལ་ཊིན་ཨ་མེ་རི་ཀའི་ནང་མ་འཛུགས་དང་ཕྱིར་བཙོང་བྱེད་ཚད་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། ༢༠༡༠ ལོ་གཅིག་པུར་རྒྱ་ནག་གིས་ལ་ཊིན་ཨ་མེ་རི་ཀའི་ནང་དུ་ཨ་སྒོར་དུང་ཕྱུར་ ༡༥ མ་འཛུགས་བྱས་ཡོད་ཅིང་། དེ་ནི་ ༡༩༩༡ ལོ་ནས་ ༢༠༠༩ ལོའི་བར་དང་བསྡུར་ན་ཉིས་སྐོར་གྱིས་མང་བ་ཆགས་ཡོད་འདུག རྒྱ་ནག་ནི་ད་སྐབས་ལ་ཊིན་ཨ་མེ་རི་ཀའི་ནང་གི་ཚོང་ཤག་ཆེ་ཤོས་ཨང་གསུམ་པ་སྟེ། ཨ་རི་དང་ཡུ་རོབ་རྗེས་ཀྱི་ཚོང་ཤག་ཡིན་ཅིང་། མི་འགྱངས་ཨང་གཉིས་པ་དེ་ཆགས་རྒྱུ་ཡིན་པར་བཤད་ཀྱིན་ཡོད་པ་རེད། འདི་ལྟའི་འབྲེལ་ལམ་ཞིག་གི་སྐབས་ལ་མེ་ཁི་སེ་ཁོའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་ནི་ལས་སླ་བོ་མ་རེད་འདོད།

འཇར་མན་གྱི་ Gottingen གཙུག་ལག་སློབ་གྲྭའི་ཞིབ་འཇུག་པ་ Andrens Fuchs དང་ Nils Hendreik Klann གཉིས་ཀྱིས་༼ཏཱ་ལའི་བླ་མའི་ཤུགས་རྐྱེན་༽སྐོར་ལ་ཞིབ་འཇུག་བྱས་སྐབས། ༢༠༠༢ ལོར་ཧུའུ་ཅིན་ཐའོ་སྲིད་འཛིན་ལ་བསྡད་པ་ནས་བཟུང་འདི་ལྟའི་ཤུགས་རྐྱེན་ངན་པ་ཞིག་ཐེབས་མགོ་བཙུགས་འདུག་ཟེར། ༼ང་ཚོས་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གིས་འཛམ་གླིང་ནང་ཤུགས་རྐྱེན་ཅི་ཐེབས་དང་། མ་འོངས་པར་ང་ཚོས་རྒྱ་ནག་ལ་རེ་བ་ག་ཚོད་ཅིག་བྱ་ཆོག་མིན་འཚོལ་གིན་ཡོད་༽ཅེས་བཤད་འདུག རྒྱ་ནག་གི་ཚོང་འབྲེལ་ནང་ལ་ཆབ་སྲིད་ཀྱིས་ནུས་པ་ཆེན་པོ་ཞིག་འདོན་བཞིན་པ་གསལ་བོ་རེད་ཟེར།

ཁོང་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚིག་ཐོ་གཞིར་བཟུང་སྟེ། ༡༩༩༡ ལོ་ནས་ ༢༠༠༨ ལོའི་བར་རྒྱ་ནག་ལ་ཕྱིར་བཙོང་བྱེད་མཁན་རྒྱལ་ཁབ་ ༡༥༩ ལ་ཞིབ་འཇུག་བྱས་འདུག དེ་ཡང་༧གོང་ས་མཆོག་གིས་མཇལ་འཕྲད་གནང་ས་དེ་རྒྱལ་ཁབ་དེའི་སྲིད་འཛིན་དང་། སྲིད་བློན། རྒྱལ་བོ། བཙུན་མོ། ཡི་ཤུའི་པོབ་ལ་སོགས་པ་ཡིན་ཚེ་རྒྱལ་ཁབ་གང་དེས་རྒྱ་ནག་ལ་ཕྱིར་བཙོང་བྱེད་པའི་གྲངས་ཚད་དེ་མར་ཆག་འགྲོ་གི་འདུག་ལ། གོ་གནས་ཅུང་དམའ་བའི་དཔོན་རིགས་ལ་ཐུག་ན་ཤུགས་རྐྱེན་དེ་ལྟ་བུ་ཡོང་གི་མི་འདུག་ཟེར། ཡིན་ཡང་། ཞིབ་འཇུག་དེ་ལྟར་ན། ཤུགས་རྐྱེན་འདི་ནི་གཏན་འཇགས་འདྲ་མིན་པར། ཁོང་རྣམ་པའི་མཇལ་འཕྲད་ཀྱི་ལོ་གཉིས་ཀྱི་རྗེས་ནས་རྒྱལ་ཁན་ཕན་ཚུན་བར་གྱི་ཚོང་འབྲེལ་དེ་རྒྱུན་ལྡན་ལ་འབབ་གི་འདུག་ཟེར།

དེ་ལྟར། ཨབ་རི་ཁར་མཚོན་ན། ངས་ཉེ་ཆར་༼འབྲུག་གི་ལེགས་སྐྱེས། The dragon’s gift. The real story of China in Africa.༽ ཞེས་པའི་དཔེ་དེབ་ཅིག་བཀླགས། དེབ་འདིའི་རྩོམ་པ་པོ་ལྕམ་ Deborah Brautigam ལགས་ནི་ཨབ་རི་ཁ་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྡེ་ཚན་གྱི་མི་སྣ་ཞིག་རེད། ༧གོང་ས་མཆོག་རྒྱལ་ཁབ་དེར་ཕེབས་མི་ཐུབ་པའི་གནས་སྟངས་ཀྱང་གསལ་བོ་རེད།

ལྷོ་ཨབ་རི་ཁ་ནི་ Brics རྒྱལ་ཁབ་ལྔའི་གྲས་རེད། དེ་དག་ནི་བྷུ་ར་ཛིལ། ར་ཤི་ཡ། རྒྱ་གར། རྒྱ་ནག ལྷོ་ཨབ་རི་ཁ་བཅས་རེད། ཡིན་ཡང་། རྒྱལ་ཁབ་གཞན་པ་ཚོ་དང་བསྡུར་ན། ལྷོ་ཨབ་རི་ཁ་ནི་རྒྱ་ནག་གི་མ་འཛུགས་དང་ཕྱིར་བཙོང་ཕོན་ཆེན་པོར་བསྟེན་ཡོད་སྟབས། ༧གོང་ས་མཆོག་གི་ཆིབས་སྒྱུར་དེ་ལམ་ལྷོང་བྱུང་མེད་པ་རེད།

ཡིན་ཡང་། ད་ལོར་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་དང་། ༧གོང་ས་མཆོག་དང་མེ་ཁི་སེ་ཁོའི་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་སུ་ཡང་། རྒྱ་ནག་གིས་མཇལ་འཕྲད་འདི་དག་གིས་རྒྱལ་ཁབ་བར་གྱི་འབྲེལ་བར་གཏོར་སྐྱོན་དང་། ཀྲུང་ཧྭ་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་རབས་ཀྱི་སྒྲུང་དེ་སྔར་བཞིན་བཤད་ཡོད་ན་ཡང་། སྔོན་མ་ནང་བཞིན་གྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་བའི་གནས་ཚུལ་ད་སྔ་བྱུང་མེད་པ་འདྲ། འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་དང་། ལྷག་པར་དུ་ད་སྐབས་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མེད་སྟབས་རྒྱ་ནག་གི་ཕྱོགས་ནས་ཀྱང་དེ་ལ་དཔག་པའི་རྣམ་འགྱུར་ཞིག་མི་འཛིན་ཐབས་མེད་ཆགས་པ་ཡང་ཡིན་སྲིད།

ད་ནི་ང་ཚོས་སླེབ་བཞིན་པའི་ལོ་གསར་པ་འདིའི་ནང་དུ། ཁོང་གི་མཛད་པ་འཕྲིན་ལས་སྔར་ལས་རྒྱས་ཤིང་། ཁོང་གི་བྱམས་བརྩེ་དང་སྙིང་རྗེ་ཡི་ཉི་འོད་དྲོན་པོ་དེ་འཛམ་གླིང་གི་གྲུ་ཟུར་གང་སར་ཁྱབ་ཐུབ་པའི་སྨོན་ལམ་འདེབས་འོས་པར་འདོད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་། ད་ནས་ཡར་བརྩིས་ན་ཉིན་སུམ་བརྒྱ་ཙམ་གྱི་མཚམས་ནས་ངེད་ཀྱི་རླབས་ཆེ་བའི་སྲིད་དབང་དེ་མཇུག་སྒྲིལ་སོང་། ང་རང་དབུ་ཁྲིད་གང་དེའི་ཆབ་སྲིད་ཀྱི་སྐྱབས་འོག་ཏུ་འདུག་རྒྱུའི་བསོད་ནམས་ཀྱང་ཟད་སོང་།
    ་་་་་། ཟེར་བ་འདི་དང་དམིགས་བསལ་༸སྐུ་ཚབ་དོན་གཅོད་རྒྱ་རི་རིན་པོ་ཆེའི་བློ་ཕམ་གསུང་བཤད་འགའ་ལ་ཡང་བསམ་དགོས་པ་མང་པོ་ཅིག་འདུག་སྙམ་ལགས།

    Reply
  2. རྐང་གསུམ། says:
    ལོ་ 15 སྔོན།

    དོན་སྙིང་ལྡན་པའི་རྩོམ་ཡིག་འདི་བཀླགས་ནས་མགུ་ཡོད། ཁྱེད་ལ་བཀའ་དྲིན་ཆེ། ཞལ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese