མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུས་འབྱོར་མ་ཐུབ་ཀྱང་སེམས་ལ་བྱིན་རླབས་འཇུག་གི་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོ་གྲུབ་མ་ཐག འདི་གའི་གསར་འགོད་པས་ཐེངས་འདིའི་དུས་དབང་གི་སྤྱི་ཁྱབ་སློབ་སྟོན་པ་དང་མོན་རྟ་དབང་དགོན་པའི་བླ་མ་གུ་རུ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་ཡོད།

དྲི་བ། དེ་རིང་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གི་སྔོན་འགྲོའི་གསུང་ཆོས་ཀྱི་ཉིན་དང་པོ་ཆགས་ཡོད་སྟབས། ད་ལྟའི་ཆར་ཐེངས་འདིའི་དུས་དབང་སྟེང་ཆོས་ཞུ་བ་ག་ཚོད་ཅིག་ཕེབས་ཡོད་དམ།

ལན། དེ་རིང་ཞོགས་པར་༧གོང་ས་མཆོག་གིས་བཀའ་དབང་གི་སྔོན་འགྲོའི་གསུང་ཆོས་དངོས་སུ་དབུ་འཛུགས་གནང་བ་རེད། ཆོས་ཞུ་བ་བོད་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ཙམ་མ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ལྷག་པར་དུ་རྒྱ་ནག་དང་ཐེ་ཝན། ཀོ་རི་ཡ་སོགས་ཨེ་ཤ་ཡའི་ཕྱོགས་ཀྱི་རྒྱ་རིགས་གཙོས་པའི་མི་རིགས་མང་པོ་ཞིག་ཕེབས་འདུག དེ་བཞིན། བོད་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཧ་ཅང་ཕོན་ཆེན་པོ་ཕེབས་འདུག སེར་མོ་བ་གཅིག་པུ་ཉིས་ཁྲི་ ༢༠༠༠༠ ལས་བརྒལ་འགྲོ་བཞིན་འདུག སྐྱ་བོ་དང་སེར་མོ། ཕྱི་རྒྱལ་བ། བོད་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་སོ་སོ་ནས་ནས་ག་ཚོད་ཕེབས་ཡོད་མེད་ཀྱི་གྲངས་ཐོ་ད་སྔ་གསལ་བོ་ཆགས་སོང་། ཚོད་དཔག་བྱས་ན་ཉིས་འབུམ་ ༢༠༠༠༠༠ མ་ཟིན་ཙམ་མེད་འགྲོ་བསམ་གྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ལ་མཚོན་ན། ཐོག་མར་ཆོས་ཞུ་བ་ཁྲི་ལྔ་ ༥༠༠༠༠ ཙམ་ལ་རྩིས་བརྒྱབ་ཡོད་ཀྱང་། ད་ཆར་གྲངས་ཐོ་དེ་ལས་རྦད་དེ་བརྒལ་འདུག

 

དྲི་བ། ད་རེབ་མི་མང་ཧ་ཅང་ཕོན་ཆེན་པོ་འབྱོར་ཡོད་སྟབས། གོ་སྒྲིག་ཚོགས་ཆུང་ལ་ད་ལྟའི་ཆར་དཀའ་ངལ་གཙོ་བོ་གང་དག་འཕྲད་ཀྱི་འདུག་གམ།

ལན། ད་ལྟའི་ཆར་དཀའ་ངལ་གཙོ་བོ་གུར་ནང་བཞུགས་མཁན་ཚོ་རེད། སྤྱི་ཡོངས་ནས་འཁྲུད་ཁང་གསང་སྤྱོད་དང་། ཆུ་དང་གློག་གི་དཀའ་ངལ་ཡོད་པའི་ཁར། ད་སྔ་གུར་གྱི་གཡས་གཡོན་དུ་ཡུར་བ་ཡག་པོ་བཟོ་མ་ཐུབ་པས། དེ་རིང་ཆར་བ་ཤུགས་ཆེན་པོ་བཏང་སྟེ་གུར་ནང་ཆུ་བཞུར་ཡོང་གི་ཡོད་ས་རེད། ཡིན་ནའང་ང་ཚོའི་གོ་སྒྲིག་ཚོགས་ཆུང་གིས་མི་བཏང་སྟེ་ཁོང་ཚོར་རོགས་རམ་བྱེད་ཀྱིན་ཡོད། དེ་ནས་ཟ་འབྲུའི་ཐད་ནས་སེམས་འཚབ་ཅིག་ཡོང་གི་འདུག ད་དུང་ཉི་མ་བཅུ་གྲངས་ཤིག་ཡོད་དུས་ཟ་འབྲུའི་ཐད་ནས་དཀའ་ངལ་འཕྲད་མི་ཡོང་ངམ་སྙམ་པ་འདུག་མོད། དེ་ཉེན་ཁ་ཆེན་པོ་དེ་འདྲ་མ་རེད། རིམ་གྱིས་འགྲིག་འགྲོ་བ་རེད་དྲན་གྱི་ཡོད། མངའ་སྡེ་གཞུང་གིས་རོགས་རམ་མཐུན་འགྱུར་ཆ་ཚང་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་གི་འགན་གཙོ་བོ་བཞེས་མཁན་པད་མ་མཁའ་འགྲོ་མཆོག་དངོས་སུ་བྷེ་ཧར་མངའ་སྡེ་བློན་ཆེན་མཆོག་ལ་ཐུག་འཕྲད་བྱས་ཏེ་བཀའ་མོལ་ཞིབ་ཚགས་བྱུང་ཡོད་པ་རེད། འོན་ཀྱང་། གོང་རིམ་ནས་བཀའ་གནང་ཡོང་དུས་ས་གནས་སུ་ཏག་ཏག་ལག་བསྟར་མ་བྱས་པ་དེ་འདྲ་ཡོང་གི་འདུག ས་གནས་གྲོང་སྡེའི་ལས་ཁུངས་ནས་ཀྱང་ཕྱག་ལས་ཏག་ཏག་ཅིག་གནང་མ་ཐུབ་པའི་དབང་གིས་ལས་དོན་འགའ་རེ་འཐུས་ཤོར་འགྲོ་བཞིན་འདུག གོ་སྒྲིག་ཚོགས་ཆུང་གི་ཐོག་ནས་ཆོས་ཞུ་བ་ཚོར་མཐུན་རྐྱེན་ཆད་ལྷག་མེད་པ་སྦྱོར་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་པ་རེད།  

 

དྲི་བ། ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་ལ་བརྟེན་བཞུགས་དང་འབྲེལ་ཏེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་འཆར་ཡོད་པ་དེར་ད་ཆར་གྲ་སྒྲིག་གང་འདྲ་ཟིན་ཡོད་དམ།

ལན། ཚེས་བཅུ་ཉིན་གྱི་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་དེ་གྲ་སྒྲིག་ཆ་ཚང་གྲུབ་ཡོད་པ་རེད། ཚེས་ ༩ ཉིན་བྷེ་ཧར་མངའ་སྡེ་སྤྱི་ཁྱབ་བློན་ཆེན(Nitish Kumar)མཆོག་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nabam Tuki)རྣམ་གཉིས་འདིར་ཕེབས་ཏེ། ཚེས་ ༡༠ ཉིན་གྱི་མཛད་སྒོའི་ཐོག་བཞུགས་རྒྱུ་ཐུགས་གཏན་འཁེལ་ཡོད། དེ་བཞིན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་བཀའ་བློན་གཞན་དག་ཀྱང་ཕེབས་རྒྱུ་རེད། ཉིན་དེར་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དགེ་འདུན་པ་ཚོས་ཕར་ཕྱོགས་ནས་སོ་སོའི་ལམ་སྲོལ་ལྟར་སེར་འཕྲེང་བསྒྲིག་རྒྱུ་དང་། ཚུར་ཕྱོགས་ནས་ཆོལ་ཁ་གསུམ་གཙོས་པའི་ཡུལ་ལུང་འདྲ་མིན་གྱི་ཆས་གོས་ཐོག་ནས་རུ་བསྒྲིག་རྒྱུ་རེད། དེ་ནས་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཚོས་ཤིས་བརྗོད་སྨོན་ལམ་གསུངས་རྗེས་གཟེངས་རྟགས་འབུལ་རྒྱུ་རེད།  

 

དྲི་བ། དུས་དབང་གི་སྦྱིན་བདག་གཙོ་བོ་འདས་པོ་རྡོ་རྗེ་མཁའ་འགྲོའི་ནང་མིའི་ཕྱོགས་ནས་རོགས་འདེགས་དང་། ད་ཆར་གསུང་ཆོས་དངོས་སུ་མགོ་འཛུགས་གནང་བར་སེམས་ཚོར་གང་འདྲ་འདུག་གམ།

ལན། བློན་ཆེན་མཆོག་ཞལ་བཞུགས་པའི་སྐབས་སུ་༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཞུས་ཏེ་ཞལ་བཞེས་ཐོབ་པ་རེད། རྐྱེན་ངན་འོག་དམ་པ་ཁོང་དགོངས་པ་རྫོགས་མ་ཐག་ཁོང་གི་སྐུ་ཕུང་བཞུགས་ཐོག་ནས་སྲས་དང་སྐུ་ལྕམ་དག་གིས་ལས་དོན་འདི་མཇུག་སྐྱོང་གིས་འདས་པོ་དམ་པའི་དགོངས་དོན་བཞིན་བསྒྲུབ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་མཛད་ཡོད་པ་རེད། དུས་དེ་ནས་བཟུང་ད་ལྟའི་བར་ཕྱག་ལས་གནང་བ་དང་འགྲོ་སོང་གཏོང་བ་སོགས་ནར་འགྱངས་མེད་པ་གནང་གི་ཡོད་པ་རེད་ལ། མངའ་སྡེའི་གཞུང་གི་ལས་བྱེད་དེ་འདྲ་ཆེད་གཏོང་གིས་ཆོས་ཞུ་བའི་བཞུགས་གུར་དང་གོ་སྒྲིག་ཚོགས་ཆུང་གི་ལས་དོན་སོགས་ལ་རྟོག་ཞིབ་དང་རོགས་རམ་གནང་པ་རེད། རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་པད་མ་མཁའ་འགྲོ་མཆོག་འདི་གར་བཞུགས་བཞུགས་པ་རེད། དེ་རིང་༧གོང་ས་མཆོག་གི་གསུང་ཆོས་ཉིན་དང་པོར་ཁོང་རང་དང་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ། ཕ་དམ་པའི་ཞལ་བཞེས་དགོངས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་བར་ཧ་ཅང་དགའ་བོ་བྱུང་འདུག

 

དྲི་བ། བྷེ་ཧར་མངའ་སྡེ་གཞུང་གིས་རྒྱབ་སྐྱོར་ཡག་པོ་ཡོད་ཀྱང་། ས་གནས་ལས་བྱེད་ཚོས་དེ་ཙམ་ཕྱག་རོགས་མཐུན་འགྱེར་ཐུབ་ཀྱི་མེད་པའི་སྐད་ཆ་འདུག་པ་དེ་བདེན་པ་རེད་དམ།

ལན། དེ་བདེན་པ་རེད། མངའ་སྡེ་གཞུང་ངོས་ནས་ང་ཚོ་ལ་མཐུན་འགྱུར་ཆ་ཚང་ཞུ་རྒྱུའི་ཁས་ལེན་གནང་ཡོད་ཀྱང་། བྷོ་ངྷི་གྷ་ཡཱ་ཡ་ས་གནས་ལས་བྱེད་ཚོའི་ངོས་ནས་ཏག་ཏག་ཅིག་ཡོང་གི་མི་འདུག ལྷག་པར་དུ་ཆུ་དང་གློག་བཟོ་མཁན་དེ་ཚོ་དུས་ལྟར་མི་འབྱོར་བ་དང་། ལས་ཀ་ཧུར་ཐག་མི་བྱེད་པ། ང་ཚོར་དུས་ཚོད་ཀྱིས་ཅི་ཙམ་གཏུག་ནས་ཡོང་གི་ཡོད་ནའང་ལས་ཀ་བྱེད་མཁན་ཚོ་ཕྱི་དྲོ་སྔ་སང་སང་ནས་ལོག་འགྲོ་བ་དེ་འདྲའི་དབང་གིས་གོ་སྒྲིག་ཚོགས་ཆུང་གིས་ལས་བགོས་བརྒྱབ་ཡོད་པའི་ལས་བྱེད་དག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་ས་རེད། དེ་ང་ཚོས་བྱེད་ཐུབ་པ་ཞིག་མ་རེད། ཁོ་རང་ཚོས་གོང་རིམ་གྱི་བཀའ་མ་བརྩིས་པ་དང་ནང་ཁུལ་ནས་འཐེན་འཁྱེར་བྱས་ཏེ་བསྡད་པ་རེད།

 

དྲི་བ། གོ་སྒྲིག་ཚོགས་ཆུང་དང་བདེ་སྲུང་ལས་ཁུངས་བཅས་ནས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་གྲ་སྒྲིག་ཡག་པོ་ཡོད་སྐོར་གསུངས་ཀྱང་། ཉིན་འདི་འགར་༧གོང་ས་མཆོག་གི་ཕེབས་ལམ་སོགས་སུ་མི་མང་གི་འཚང་ཁ་ཧ་ཅང་ཆེ་བའི་སྐད་ཆ་འདུག འདིའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།

ལན། སྐུ་ཕྱྭའི་ཐད་ཕེབས་ལམ་སོགས་སྤྱི་ཡོངས་གྱི་འགན་དེ་མངའ་སྡེ་གཞུང་གིས་འཁུར་གྱི་ཡོད་པ་རེད། ཉི་མ་རེ་རེའི་སྐུ་བཅར་དང་། ཕེབས་བཞུགས་སོགས་ཀྱི་སྐབས་སུ་དཔལ་ལྡན་བདེ་སྲུང་ལས་ཁུངས་ཀྱིས་ཐུགས་འགན་འཁྱེར་གྱི་ཡོད། ལས་གཞི་འདི་ཐོག་མ་མགོ་འཛུགས་བྱས་སྐབས་ནས་ཚོགས་འདུ་ག་དུས་ཚོགས་ཀྱང་། སྐུ་ཕྱྭར་དོ་ནན་ཆེན་པོ་བྱ་དགོས་པ་དེ་གལ་ཆེ་ཤོས་སུ་བཞག་སྟེ་བཀའ་མོལ་ཡོང་གི་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་ཕྱྭའི་གནས་ཚུལ་དེ་སྤྱི་བོ་གནམ་བསྟན་ཡོངས་ལ་འཁྲི་བའི་འགན་ཞིག་རེད་དྲན་ཡོད། ཐེངས་འདིར་གྲྭ་བཙུན་ཕོན་ཆེན་པོ་འབྱོར་ཡོད་སྟབས། ཁ་སང་དགོང་མོ་དགེ་བསྐོས་རྣམ་པ་དང་ཚོགས་འདུ་བསྡུས་ཏེ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་ངེད་གཉིས་སློབ་སྟོན་པའི་མིང་ཐོག་ནས་ད་ལན་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་ཐུགས་འཁུར་རྒྱ་ཆེན་པོ་བཞེས་དགོས་པ་ནན་གྱིས་ཞུས་ཡོད། རྙོག་འཛིང་ཧ་ཅང་ཆེན་པོ་ཡོད་ནའང་སྐུ་ཕྱྭའི་ཐོག་ད་ལྟའི་བར་འཐུས་ཤོར་མེད་པ་ཞིག་བྱུང་སོང་དྲན་ཡོད།

 

དྲི་བ། གསུང་ཆོས་ར་བ་དང་མི་མང་བཞུགས་གུར་གཉིས་བར་ལམ་ཐག་རིང་པོ་དང་། ལམ་བར་གྱི་གླ་འཁོར་དང་རླངས་འཁོར་གཏོང་སྟངས་ཀྱང་སྟབས་བདེ་མེད་པ་དེ་གོ་སྒྲིག་ཚོགས་ཆུང་གི་འཆར་འགོད་རེད་དམ།

ལན། མི་མང་བཞུགས་གུར་དང་གསུང་ཆོས་ར་བ་གཉིས་བར་ལམ་ཐག་རིང་པོ་ཆགས་ཡོད་པ་དེ་ང་ཚོར་ཐབས་ལམ་གཞན་མ་བྱུང་བ་རེད། མངའ་སྡེ་གཞུང་གི་ངོས་ནས་ཁྱོད་རང་ཚོས་གུར་ས་ཆ་གང་ནས་བརྒྱབ་ཀྱང་། ས་ཆ་གཅིག་ལ་གཏན་ཁེལ་བྱུང་ན་བཟང་གི་རེད། དུམ་བུ་དུམ་བུ་བྱས་ཏེ་བསྡད་ན་ཆུ་དང་གློག་སྤྲོད་ཐུབ་ཀྱི་མི་འདུག་གསུངས་པ་རེད། དུས་འཁོར་དབང་ཆེན་ཐེངས་སྔོན་མ་དག་གི་སྐབས་སུ་ཆུ་བོ་ནེེ་ར་ཉྫ་ནའི་འགྲམ་དུ་བརྒྱབ་པ་རེད། ད་ཐེངས་ཆོས་ཞུ་བ་ཧ་ཅང་ཕོན་ཆེན་པོ་འཛོམ་རྒྱུར་རྩིས་བརྒྱབ་སྟེ། ས་ཆ་ཡར་མར་བཙལ་ཡང་མཆོད་རྟེན་གྱི་ཉེ་འཁོར་ནས་རག་ཡོད་པ་མ་རེད། མཐར་ལམ་ཐག་རིང་མིན་ལ་མ་ལྟོས་པར་མཱ་གྷ་ངྷི་གཙུག་ལག་སློབ་གྲྭའི་ཐང་ཆེན་དུ་གུར་བརྒྱབ་སྟེ་མི་མང་སྐྱེལ་འདྲེན་གྱི་སྤྱི་སྤྱོད་རླངས་འཁོར་ཆེ་བ་ཉི་ཤུ་རྩ་གྲངས་གྲ་སྒྲིག་བྱས་པ་རེད། འོན་ཀྱང་ལམ་བར་གྱི་གླ་འཁོར་རིགས་ལ་སྟངས་འཛིན་བྱེད་མཁན་དེ་རྒྱ་གར་ཁོ་རང་ཚོ་རེད་ལ། མཆོད་རྟེན་དང་གསུང་ཆོས་ར་བའི་ཉེ་འཁོར་ཡོངས་སུ་གོ་སྒྲིག་བྱེད་མཁན་ཁོ་རང་ཚོ་རེད།

 

དྲི་བ། དེ་སྔ་གུར་སྔོན་མངགས་བྱས་ཡོད་པ་མང་པོ་ཞིག་ད་ཆར་ས་གནས་སུ་འབྱོར་སྐབས། གུར་དང་གསུང་ཆོས་ར་བའི་བར་ལམ་ཐག་རིང་དྲགས་པའི་དབང་གིས། གུར་བཞག་སྟེ་མཆོད་རྟེན་ཉེ་འཁོར་གྱི་རྒྱ་གར་ཁང་པ་གླ་བཞིན་ཡོད་པའི་གནས་ཚུལ་འདུག་པ་དེ་དག་ལ་དངུལ་ཕྱིར་སློག་གནང་གི་རེད་དམ།  

ལན། དེ་སྔ་གུར་བརྒྱབ་ཚར་བ་ཡོངས་རྫོགས་མི་མང་གིས་སྔོན་མངགས་བྱས་ཚར་བ་རེད། གུར་སྟོང་པ་གཅིག་ཀྱང་ལྷག་ཡོད་པ་མ་རེད། ད་དུང་མང་པོ་ཞིག་ལ་གུར་མ་རག་པའི་དཀའ་ངལ་འཕྲད་པ་རེད། རྗེས་སུ་མཆོད་རྟེན་ཉེ་འཁོར་གྱི་རྒྱ་གར་བའི་ཁང་གླ་མར་ཆག་པ་དང་། རེ་ཟུང་གིས་གུར་ཐག་རིང་དྲགས་འདུག་ཟེར་ནས་རྒྱ་གར་བའི་ཁང་པ་གླས་པ་སོགས་ཀྱིས་ད་ཆར་གུར་སྟོང་པ་མང་པོ་ལྷག་འདུག ང་ཚོས་ཐོག་མར་རེ་ཟུང་གིས་གུར་ཕྱིར་སློག་ཚེ་གུར་མ་རག་པ་དེ་ཚོར་སྤྲད་ཆོག་གི་རེད་བསམས་ཏེ་རྩིས་བརྒྱབ་ཡོད་ཀྱང་། ད་ཆར་གུར་ཕྱིར་ཀློག་བྱེད་མཁན་ཡོད་ནའང་གུར་གསར་བ་མངག་མཁན་ཞེ་དྲག་ཡོད་ས་མ་རེད། གནས་ཚུལ་འདིའི་སྐོར་ལ་ང་ཚོས་བཀའ་མོལ་བྱུང་སོང་། གུར་ལ་འགན་འཁུར་མཁན་ཚོས་གསུངས་པ་ལྟར་ན། གུར་ཡོངས་རྫོགས་གཞན་གྱི་ས་ནས་དངུལ་སྤྲད་དེ་གཡར་ཚར་བ་ཡིན་དུས་ཁོང་ཚོ་ལའང་དཀའ་ངལ་ཆེན་པོ་འདུག དེར་བརྟེན། གུར་གྱི་རིན་པ་དེ་ཕྱིར་སློག་ཐུབ་ཀྱི་ཡོད་ས་མ་རེད།

 

དྲི་བ། རིན་པོ་ཆེ་མཆོག་གིས་མི་མང་ལ་འབོད་སྐུལ་དང་རེ་བ་འདྲ་ཞུ་རྒྱུ་ཡོད་དམ།

ལན། འདིར་ཕེབས་བསྡད་པ་ཚོར་༧གོང་ས་མཆོག་གི་བཀའ་དབང་དངོས་སུ་མྱོང་བའི་སྐལ་བཟང་ཐོབ་ཡོད་པ་རེད། འོན་ཀྱང་དེ་རིང་༧གོང་ས་མཆོག་གིས་ནན་གྱིས་གསུངས་པ་ལྟར། རྡོ་རྗེ་གདན་ལ་འབྱོར་བ་ཙམ་དང་། བཀའ་དབང་གི་སྒྲ་ཐོས་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། ཀུན་སྤྱོད་དང་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་༧གོང་ས་མཆོག་གི་བཀའ་སློབ་ཀྱི་ནང་དོན་གང་འཚམ་རེ་གོ་དགོས་པ་དང་། གོ་བ་གཞིར་བཟུང་ལག་ལེན་ཐོག་འཁེལ་ཐུབ་རྒྱུའི་དམ་བཅའ་འཇོག་དགོས་པ་རེད། ཆོས་ཞུ་བ་ཚོས་༧གོང་ས་མཆོག་གི་གསུང་སྐད་མ་གོ་བའི་དཀའ་ངལ་ཡོད་པ་མ་རེད་དྲན་ཡོད། ལུང་པ་སོ་སོའི་སྐད་སྒྱུར་བ་གྲ་སྒྲིག་ཡོད་ཡོད་པ་རེད། སང་ཉིན་གནངས་ཉིན་ས་ཆ་ཁག་བགོས་ཀྱིས་ཡུལ་ལུང་སོ་སོའི་སྐད་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་རྒྱུ་རེད། དེ་དག་ཐོག་ཕེབས་ཏེ་ཡག་པོ་གསན་དགོས་པ་རེད། དུས་འཁོར་དབང་ཆེན་ཐོག་འབྱོར་བ་ཙམ་གྱིས་བྱིན་རླབས་ཤིག་རག་ཡོང་གི་རེད་བསམ་ན་ནོར་འཁྲུལ་རེད།

དེ་བཞིན། ཐེངས་འདིའི་དུས་དབང་ཐོག་ཕེབས་མ་ཐུབ་པའི་གཞིས་བཞུགས་རྒྱ་ཆེའི་མི་མང་དང་། འཛམ་གླིང་ཡུལ་གྲུ་ཁག་ཏུ་གནས་བཞུགས་རྣམས་ཀྱིས་ཀྱང་། སང་ཉིན་གནངས་ཉིན་ནས་བཟུང་སྔོན་འགྲོའི་བཀའ་ཆོས་དང་། དེ་ནས་དུས་འཁོར་དབང་ཆེན་གྱི་སྟ་གོན་དང་དངོས་གཞི་རིམ་པས་ཡོང་གི་རེད། དེའི་རྗེས་བརྟན་བཞུགས་དང་ཚེ་དབང་ཡོད་པ་རེད། ཕྱི་ཚེས་ ༡༠ ཉིན་ནི་མཛད་རིམ་མང་ཤོས་རེད། ཉིན་རྒྱབ་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་ཡོད་པ་རེད། སྐབས་དེ་དག་ཏུ་སོ་སོ་ས་གནས་གང་ཞིག་ཏུ་བཞུགས་ཡོད་ཀྱང་། མཆོད་མེ་གཅིག་ལས་མེད་ནའང་བསམ་པ་རྣམ་དག་ཅིག་གི་ཐོག་ནས་འབུལ་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཆོས་ཀྱི་མཛད་པ་རླབས་ཆེན་སྐྱོང་གི་ཡོད་སྙམ་པ་སེམས་ལ་དྲན་པར་བྱས་ཏེ་ཐུགས་སྨོན་གནང་པ་ཡིན་ན། ལུས་ས་གནས་ས་ཐོག་ཏུ་སྐྱོད་མ་ཐུབ་ཀྱང་སོ་སོའི་རྒྱུད་དུ་བྱིན་རླབས་འཇུག་པ་མ་ཟད། ༧གོང་ས་མཆོག་གི་མཛད་འཕྲིན་རྒྱས་པ་དང་། འཛམ་གླིང་སྤྱི་ལ་ཞི་བདེ་ལོ་ལེགས་འབྱུང་བར་ཡང་ཕན་ཐོགས་ཆེན་པོ་ཡོད་པ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས་ཀྱིས་རྡོ་རྗེ་གདན་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 2

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྒྱ་གར་བ་ཚོ་ཤེས་ཤེས་པ་རེད. དད་ཤག་གཏོང་ཐུབ་མེད་པ་གཞུང་གི་ལས་རེད. ལས་ལ་ཚར་རྒྱུ་མེད་ཁར་སྔ་ཙམ་ནས་ནང་དུ་ལོག. བར་བར་ལ་སྐད་ཆ་བཤད་ནས་སྡད. ད་དུང་ཐག་འཐེན་ནས་སྐར་ཉི་ཤུ་ནས་སུམ་བཅུར་་་་་

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དོན་བཀྲས་བཅར་འདྲི་ཡག་པོ་བྱས་འདུག ཐུགས་རྗེ་ཆེ་ཞུ། དུས་དབང་བཀོད་སྒྲིག་པ་ཚོས་ད་ལོར་སྔ་ན་མེད་པ་ཞིག་བཀོད་སྒྲིག་བྱས་ཡོད་ལུགས་རླུང་འཕྲིན་ཁག་གི་ནང་སྔ་མོ་ནས་འཕུར་ཚར་མོད། ད་ནི་མ་འདང་མ་འཐུས་པའི་གནས་ཚུལ་གོ་རྒྱུ་མང་ཚོད་རེད་ལ། ཡིན་ནའང་། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་བྱའི་སྐོར་ལ་འཐུས་ཚང་གནང་ཡོད་པར་བསྒྲགས་པ་དེས་ཆོག་སོང་བས། ད་དུང་ཡིན་ནའང་། དེའི་སྐོར་ལ་གཟབ་པར་འཚལ་ཞེས་ཞུ་འདོད་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese