མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སུར་ལོ་སར་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་སུད་སུ་རྒྱ་ནག་གཞུང་ཚབ་ཀྱིས་ཛིའུ་རིག་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་བོད་ཀྱི་ལོ་སར་སྤྲོ་ཚོགས་བསྡུས་ཡོད་ཀྱང་། ཁུལ་དེའི་གཞོན་སྐྱེས་ཁག་ཅིག་གིས་ངོ་རྒོལ་བྱས་སྟབས་ལོ་སར་སྤྲོ་ཚོགས་ལམ་ལྷོངས་བྱུང་མི་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་སུད་སུ་ཛིའུ་རིག་གྲོང་ཁྱེར་གྱི་མགྲོན་ཁང་ཆེན་མོ་ཞིག་ཏུ། སུད་སུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས། སུད་སུ་ཁུལ་གྱི་བོད་རིགས་ཚུད་པའི་ཁྱོན་མི་ ༡༠༠ ལྷག་འབོད་འགུག་གིས་བོད་ཆུ་འབྲུག་ལོའི་ལོ་སར་སྤྲོ་ཚོགས་བསྡུས་ཡོད་ཀྱང་། ཁུལ་དེར་གནས་སྡོད་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་བྱས་སྟབས། ལོ་སར་སྤྲོ་ཚོགས་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་མི་འདུག  

ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་སྐུ་ཞབས་འཇམ་དབྱངས་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ལོ་སར་སྤྲོ་ཚོགས་དེར་བོད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཟློས་གར་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གེ་སེར་སྒྲུང་ཟློས་གར་ཚོགས་པ་གཉིས་དང་། དམངས་ཁྲོད་གཞས་པ་ཞང་མོ་མཚོ་དང་མཁར་བྱམས་རྒྱལ། སྒྲོལ་མ་སྐྱིད། གཡུ་སྒྲོན། གཡང་ཅན། རིན་ཆེན་ཚེ་རིང་། སྙིང་རྩེ་རྒྱལ་བཅས་ཁྱོན་མི་བཅུ་གཅིག་འབོད་འགུག་བྱས་ཡོད་འདུག

འཇམ་དབྱངས་ལགས་ཀྱིས་བརྗོད་དོན། “ ལོ་སར་སྤྲོ་ཚོགས་དེར་སུད་སུ་ཁུལ་དུ་བོད་མི་༢༠ཙམ་འཛུལ་ཞུགས་བྱས་འདུག ང་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ད་ལོར་བོད་ལ་ལོ་སར་མེད་ཅེས་ངོ་རྒོལ་སྐད་འབོད་བྱས་སྐབས། ལོ་སར་སྤྲོ་ཚོགས་སྟེང་ཞུགས་མཁན་བོད་མི་དེ་ཚོ་དོགས་མ་བདེ་བ་གནང་གི་འདུགརིགས་ཁ་ཤས་མི་ཚོགས་ཁྲོད་སྐུང་ནས་སྡོད་ཀྱི་འདུག ང་ཚོས་ངོ་རྒོལ་བྱས་པ་དེར་རྒྱུ་མཚན་གཉིས་ཡོད། གཅིག འདས་པའི་ལོ་གཅིག་རིང་བོད་མི་མང་པོ་འདས་གྲོངས་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་ཚབ་ཀྱིས་མྱ་ངན་གྱི་ཚབ་ལ་ལོ་སར་སྤྲོ་ཚོགས་བསྡུས་སྟབས། ང་ཚོས་དེར་ངོ་རྒོལ་བྱས་པ་ཡིན། གཉིས། བོད་ནང་དུ་ཉིན་ལྟར་བོད་མི་མང་པོའི་ཚེ་སྲོག་ཤོར་བཞིན་པའི་སྐབས་ལ། སུད་སུར་སྡོད་མཁན་བོད་མི་རེ་ཟུང་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་པའི་ལོ་སར་སྤྲོ་ཚོགས་ཐོག་ཞུགས་ན་ཤིན་ཏུ་མི་འོས་པ་ཞིག་རེད་སྙམ་སྟེ་ངོ་རྒོལ་བྱས་པ་ཡིན། ” ཞེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༥༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 10

  1. ཤར་མདའ། says:
    ལོ་ 15 སྔོན།

    རྒྱའི་ལོ་གསར་གཏོང་པ་འོས་པ་རེད།   འོན་ཀྱང་བོད་མ་ཚོ་རང་ལ་སེམས་ཞིག་ཡོད་པ་དང་སྨ་ཤིས་པ་དང་དོན་གོ་བའི་མི་ཞིག་ཡིན་ཚེ་འུ་ཚོའི་སྤུན་ཟླ་ག་ཚོད་ཞིག་དམར་གཞུང་གི་དྲག་པོས་དམར་གསོད་བཏང་སོང་ད་དུང་འདི་ལྟར་སླུ་འཁྲིད་བྱེད་བཞིན་ཡོད་པ་རེད།  ཁྱེད་ཚོ་ལ་སེམས་ཞིག་ཡོད་ན་ཧ་གོ་རན་རེད།   དངུལ་གྱི་གཡོ་འཁྲིད་ཡིན་ན་བོད་མི་རིགས་ཤིག་ཡིན་པ་མ་བརྗེད་རོགས་ཞུ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་ཚབ་ཁང་ནས་བོད་ལོ་དང་རྒྱ་ལོ་གང་བཏང་ཡང་ཁོང་ཚོའི་བྱེད་སྟངས་དེ་འཛམ་གླིང་ཚང་མས་ཤེས་གསལ་རེད་དེ་ལ་ཞུ་རྒྱུ་མི་འདུག་སྟེ། མཛད་སྟོན་དེའི་ནང་མཉམ་ཞུགས་གནང་མཁན་བོད་རིགས་ཁག་ཅིག་ཡོད་པའི་གནས་ཚུལ་འདུག་པས། དེ་ལྟར་ངོ་མ་ཡིན་ཚེ་གསར་འགོད་པའམ། རང་གཞུང་དོན་གཅོད་སོགས་འབྲེལ་ཡོད་ཁུངས་སོ་སོ་ནས་བོད་མི་དེ་དག་གི་མིང་དང་། ཁ་སྦྱང་ཕ་ཡུལ་བཅས་ཞིབ་པར་བཀོད་ནས་དྲྭ་རྒྱའི་ནང་བཙུད་ཐུབ་ན་ཕྱིན་ཆད་མི་ངན་དེ་དག་ངན་པ་ལག་སྦྲེལ་མི་ཡོང་བར་ཕན་ཐོག་ཆེ་ངེས་ལགས། བཟང་པོ་དང་དཔའ་དར་དང་། ངན་པ་ལ་ཚར་བཅད་ངེས་པར་དུ་དགོས།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྒྱ་ཡི་ལོ་གསར་བཏང་བ་རེད་དམ་་ཡང་ན་བོད་ཀྱི་ལོ་གསར་དེ་ཀའི་གཞུང་ཚབ་ཁང་ནས་བཏང་བ་རེད། ཨེ་ཤ་ཡི་རང་དབང་རླུང་འཕྲིན་ནས་ བོད་ལོ་གཞུང་ཚབ་ཁང་དེ་ནས་བཏང་བ་གཅར་འདྲའི་སྐབས་ལན་འདེབས་གནང་སོང་།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ཆབ་སྲིད་ཟེར་བ་འདི་ལ་དངོས་གནས་གོ་རིག་ཐོས་གསུམ་གལ་ཆེན་རེད། བོད་ནང་ནས་ཡོང་ནི་ཚོས་ཅང་ཤེས་ཀྱི་མེད་པ་ཡིན་རྒྱུ་རེད། འོན་ཀྱང་རྗེས་སུ་ཁོང་ཚོས་གཟབ་ཀྱི་རེད་པཱ།

    Reply
  5. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    སུད་སུར་གནས་སྡོད་འབྱམས་དབྱང་ལག་སོགས་ཐུགས་རྗེ་ཆེ་ངོ་མ་བོད་མི་མགོ་གཉིས་དེ་ཚོ་་

    Reply
  6. སངྒེ ། says:
    ལོ་ 15 སྔོན།

    འདི་སྐོར་ངེས་པར་དུ་རྗེས་འདེད་བྱ་རྒྱུ་གལ་ཆེན་རེད། གཞན་བོད་ནས་ཡོང་མཁན་ཚོར་སེམས་ཚོར་ཟབ་མོ་སྤྲད་ཡོད་ངེས་པས་ཡག་པོ་བྱུང་བཞག

    Reply
  7. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    འདི་ཡང་རྒྱ་ནག་གི་གཡོ་ཇུས་གཏིང་ནག་ཅིག་ཅི་ལ་མིན།

    Reply
  8. ཤེས་རབ says:
    ལོ་ 15 སྔོན།

    ད་རེས་རྒྱ་ཡི་ལོ་གསར་ནང་འཛུལ་བཞུགས་བྱེད་མཁན་དེ་དག་གི་མིང་དང་པར་བཅས་ངེས་པར་དུ་དྲ་ལམ་ཁག་དུ་གཏོང་དགོས།
    མི་དེ་དག་ནི་ག་དུས་ཡིན་ཡང་དོག་ཟོན་བྱེད་དགོས་ངེས་རེད། བོད་མི་ཡོད་དོ་ཅོག་གི་ལོ་གསར་བཏོང་གི་མིན་ཟེར་དུས་ཁོང་ཚོ་ག་རེ་བྱེད་ནས་རྒྱ་མི་དང་མཉམ་དུ་ལོ་གསར་ཡི་སྤྲོ་ཚོགས་ལ་མཉམ་བཞུགས་གནང་གི་ཡོད་རེད།

    Reply
  9. སོག་ཤོད་ལྷ་རྒྱལ། says:
    ལོ་ 15 སྔོན།

    བོད་ནང་གི་མི་མང་དེ་ཚོའི་ཁྲག་དང་ཚེ་སྲོག་གི་མཆོད་པ་དེ་། ཕྱི་སྡོད་བོ་མི་ཁ་ཤས་གྱི་རྒྱ་ཡིས་བཀོད་སྒྲིགས་གྱི་ལོ་གསར་བཏང་བ་དེ་། མི་རིགས་ལ་མཐོང་ཆུང་དང་བོད་མིའི་རུས་པ་མེད་པ་ཀླད་པ་མེད་པ་།ཁོང་ཚོ་དུས་རྟག་དུ་དོག་ཟོན་བྱེད་དགོས་གལ་ཆེ། མིང་དང་ཕ་ཡུལ་གང་ཡིན་འདྲ་པར་སོག་དྲ་ལམ་ཁག་དུ་འགྲེམ་སྤེལ་བྱེད་གལ་ཆེ

    Reply
  10. མྱི་ལྟིག says:
    ལོ་ 15 སྔོན།

    རེད་རེད། ཕྱི་ཕྱོགས་ནས་ཀྱྲང་འགུལ་དགོས་ནི་རེད། གཞིས་མི་ཚོ་ཡིད་ཆད་ཀི་འཇུག་ཉན་ནི་མ་རེད། དེ་མ་གཏོགས་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese