མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོཊ་རང་ཞེན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

                                                                                          མི་ཞུན། ཝཱར་ཎ།

དེ་རིང་ནས་བརྩིས་ཏེ་ལོ་ངོ་བཅོ་ལྔ་ལྷག་གི་ཡར་སྔོན་དུ་ང་རང་ཕ་ཡུལ་དུ་མཐོ་འབྲིང་གཉིས་པའི་སློབ་མ་ཡིན་སྐབས་ཀྱི་ཉིན་མོ་ཞིག་ལ་ངེད་ཚོའི་བོད་ཀྱི་སྐད་ཡིག་དགེ་རྒན་གྱིས་འཛིན་གྲྭའི་སློབ་ཕྲུག་ཚོ་ལ་དྲི་བ་གཅིག་དྲིས་སོང་། དྲི་བ་དེ་ནི་ད་ལྟ་ད་དུང་ཡང་ངའི་རྣ་ལམ་དུ་སིང་སིང་གྲགས་ཀྱི་འདུག་ལ་ངའི་དྲན་ངོགས་སུ་གཏན་ནས་ཡལ་ཐབས་མེད་པའི་རི་མོ་བཞིན་འབྱར་ནས་སྡོད་ཀྱི་འདུག དགེ་རྒན་གྱིས་གློ་བུར་དུ་སློབ་ཕྲུག་ཚོ་ལ་”ང་ཚོའི་རྒྱལ་ས་གང་རེད”་ཅེས་དྲིས་སོང་། འཛིན་གྲྭའི་ནང་དུ་སློབ་མ་བཞི་བཅུ་ལྷག་ཡོད་པ་ཚང་མས་མཉམ་གཅིག་ཏུ་ང་ཚོའི་རྒྱལ་ས་པེ་ཅིན་རེད་ཅེས་ལན་བཏབ་པ་ད་དུང་ཡང་ངས་དྲན་པ་སོས་ཀྱི་འདུག  དེ་ནས་དགེ་རྒན་གྱིས་དེས་ན་”ང་ཚོ་བོད་ཀྱི་རྒྱལ་ས་གང་རེད་”ཅེས་བསྐྱར་དུ་དྲི་བ་གཅིག་བཀོད་སོང་།  ད་ལྟ་བསམས་ན་དེ་ནི་ཧ་ཅང་གི་སྤྱིར་བཏང་བའི་དྲི་བ་གཅིག་རེད། ཁག་པོ་ཁྱོན་ནས་མ་རེད་དེ། སློབ་ཕྲུག་ཚོའི་སྨྲ་བ་ཅི་ཞིག་གིས་བསྡམས་སོང་བ་བཞིན་གྲགས་རྒྱུ་ཅི་ཡང་མི་འདུག  ཚང་མ་ཁུ་སིམ་མེར་གྱུར། ཉིན་མོ་དེར་མཐོ་འབྲིང་གཉིས་པའི་སློབ་མ་བཞི་བཅུ་ལྷག་གི་ནང་ནས་དྲི་བ་དེ་ལ་ལན་འདེབས་ཤེས་མཁན་རྐང་གཅིག་ཀྱང་མ་བྱུང་ཐལ།

ང་ཚོས་དྲི་བ་དེ་ལ་ལན་རྒྱག་མ་སྤོབས་པ་མ་རེད་ལ་ལན་བརྒྱག་མ་འདོད་པ་དེ་བས་ཀྱང་མ་རེད། གང་ལྟར། དྲིས་ལན་སུ་གཅིག་གིས་ཀྱང་མ་ཤེས་པ་རེད། རྒྱུ་མཚན་ང་ཚོ་སྐྱེས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ཟེར་བ་ཞིག་རྣ་ནང་ལ་རྦད་དེ་གོ་མ་མྱོང་བས་རེད་ལ་ཁ་ནས་བོད་སྐད་བཤད་ཀྱི་ཡོད་པ་ཙམ་ལས་རང་ཉིད་བོད་པ་ཞིག་ཡིན་པ་དང་ལྷག་པར་དུ་བོད་ནི་རྒྱལ་ཁབ་ཅིག་ཡིན་པ་ཡང་རྨང་ནས་ཤེས་ཀྱི་མེད་པས་རེད། དགེ་རྒན་གྱིས་མགོ་བོ་ཐད་དུ་གཡུག་བཞིན་ང་ཚོ་བོད་ཀྱི་རྒྱལ་ས་ལྷ་ས་རེད་ཅེས་སློབ་མ་ཚོ་ལ་འགྲེལ་བརྗོད་ཐུང་ཐུང་ཞིག་བྱས་སོང་།  དེ་ནི་ངའི་མི་ཚེའི་ནང་ལ་ཡང་བོད་ཀྱི་རྒྱལ་ས་ཟེར་བའི་ཐ་སྙད་དེ་ཐོག་མར་གོ་བ་ཡིན་ལ་སྟོད་ཀྱི་ཉི་མ་ལྷ་ས་ནི་ང་ཚོའི་གནས་མཇལ་ཞུ་ས་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་ས་ཡིན་པ་ཡང་དང་པོ་ངོ་ཤེས་པ་ཡིན།

ལྔ་བཅུ་ང་དགུ་ལོའི་ཚུན་ཆད་ནས་བཟུང་བོད་ཀྱི་མི་རབས་རྒན་པ་དག་རིག་གནས་གསར་བརྗེ་ཆེན་མོའི་མནར་གཅོད་དང་གདུག་རྩུབ་ཀྱི་སོ་ཁ་ནས་བཟོད་ཐབས་བྲལ་བའི་ན་ཟུག་གི་གཟེར་བ་ཚད་མེད་དང་བཅས་ཏེ་ལྷ་ཡུལ་ལྟ་བུའི་རང་ཡུལ་གྱི་འཇིག་རྟེན་ལ་མཁྲེང་ཞེན་གྱི་ཕྱིར་མིག་འཕེན་བཞིན་འདས་སོང་བའི་ལོ་མང་པོ་ཞིག་གི་རྗེས་ལ་ལོ་རབས་གསར་བ་དང་སྤྱི་ཚོགས་གསར་བའི་དཔྱིད་དཔལ་གྱི་ཁྲོད་ནས་མི་རབས་གསར་བ་དག་གཅིག་རྗེས་གཉིས་མཐུད་དུ་རྩྭ་དང་རྩི་ཤིང་བཞིན་སྐྱེས་ནས་ཡོང་བའི་ཁ་མཚམས་སུ་རྒྱ་ནག་གི་རྩ་ཁྲིམས་ཀྱང་དུས་ཀྱི་འཁོར་ལོ་དང་བསྟུན་ཏེ་ཅུང་ལྷོད་ལ་བབས་ཤིང་། བོད་ནང་གི་ས་གཞི་ཐམས་བཅད་ཡར་རྒྱས་ཀྱི་མིང་གིས་ཟིན་པའི་ཕྱི་ཤུན་མིག་ལ་མཛེས་པ་དང་དོན་སྙིང་ཡིད་ལ་གཙེས་པའི་ཁྲ་ཁྲ་ཟང་ཟིང་གིས་རྦད་དེ་བཀབ་ནས་གདའ་བ་དེས་རྒྱལ་སྤྱིའི་དང་བ་འདྲེན་པའི་མགོན་པོ་གང་གི་གསུང་སྐད་ལ་ཁ་གཏད་གཅོག་པར་འབད་ཀྱི་ཡོད་པ་ནི་ད་ལྟ་དང་དེ་རིང་གི་སྐབས་ལ་ཡང་མཐོང་ཆོས་སུ་མངའ་བ་དེ་རེད།

འོན་ཀྱང་ང་ཚོའི་ཀྲུང་གོ་དང་ང་ཚོའི་མེས་རྒྱལ་གྱི་སློབ་གསོ་དམར་པོའི་ཀློག་དེབ་ཀྱི་ཁྲོད་ན་འདའ་བཞིན་པའི་བོད་ཀྱི་མི་རྒྱུད་གསར་བའི་གཞོན་ནུ་ཕོ་མོ་དག་གིས་དྲི་མ་མེད་པའི་བོད་རྒྱུད་གདོང་དམར་ཆེན་མོའི་ལོ་རྒྱུས་ལྟ་ཞོག  ཐ་ན་བོད་ཀྱི་རྒྱལ་དར་དང་བོད་ཀྱི་རྒྱལ་གླུ།  བོད་ཀྱི་རྒྱལ་བོ་དང་བོད་ཀྱི་སྲོལ་རྒྱུན་སོགས་མིག་གིས་མཐོང་རྒྱུ་དང་རྣ་བས་གོ་རྒྱུ་ནི་རྐང་ནས་མི་སྲིད་པ་ཞིག་ཡིན་སྟབས་གོང་གི་དོན་དག་དེ་འདྲ་བྱུང་གི་ཡོད་པ་རེད།  དེ་ནི་དངོས་གནས་འཇིགས་སུ་རུང་བའི་ཐབས་ཇུས་ཤིག་སྟེ་ད་ལྟ་དང་དེ་རིང་གི་རྒྱ་ནག་གིས་དྲག་ཆས་སྤྲས་ཏེ་བོད་མི་དམར་གསོད་གཏོང་གི་ཡོད་པ་ལས་ཀྱང་འཇིགས་སུ་རུང་བ་ཞིག་རེད།  གལ་ཏེ་རྒྱ་ནག་གིས་ཁ་སང་དང་དེ་རིང་གི་འདི་ལྟར་བོད་མི་ཡིན་ནོ་ཅོག་གི་སྒང་ལ་དྲག་ཤུགས་ཀྱིས་གཉའ་གནོན་དང་གདུག་རྩུབ་ཀྱི་བྱ་འགུལ་མ་བརྩམས་ན་ལུས་ཀྱི་ཟུངས་ཁྲག་གཅིག་པའི་བོད་ནང་གི་ངའི་ཕུ་ནུ་སྤུན་ཟླ་ཚོ་དངོས་གནས་འཇིགས་སྐྲག་གི་ཅོང་བརྡ་མེད་པའི་དབེན་ལྗོངས་སུ་ཀྲུང་གོ་དང་མེས་རྒྱལ་ལ་དགའ་བའི་དར་ཆ་དམར་པོ་དེའི་འོག་ནས་ཁུ་སིམ་མེར་གཉིད་ལ་ཡེར་ཏེ། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་གསེང་ལ་འཐིམ་འགྲོ་བའི་ཉེན་ཁ་དེ་ཧ་ཅང་ཧ་ཅང་གི་ཐག་ཉེ་ཞིག་ན་འདུག་ཨང་བསམས་ནས་ང་སྐྱོ་མྱོང་།

དེ་ལྟ་ན་ཡང་། དུས་ཚོད་ཀྱི་མཐུ་ངོགས་སུ་འགྱུར་བཞིན་པའི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལྟར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གི་ཐད་ལའང་རབ་དང་རིམ་པའི་འགྱུར་བ་སྣ་ཚོགས་པ་ཞིག་ད་བར་དུ་བྱུང་མ་མྱོང་བ་ག་ལ་ཡིན་ཏེ་རྩ་བ་ནས་མ་ཡིན།  ཉིས་སྟོང་བརྒྱད་ལོར་རྒྱ་ནག་གིས་དམིགས་བསལ་གྱིས་བོད་རང་གི་ས་ཐོག་ནས་གྲོག་ཚང་ལ་རྡོ་ལོག་འཕང་བ་བཞིན་བོད་མི་རྣམས་ལ་བརྙས་པ་ཚད་མེད་བྱས་པར་བརྟེན་རང་གི་རྒྱལ་ཁབ་དང་རང་གི་མི་རིགས། རང་གི་རང་དབང་དང་རང་གི་ཐོབ་ཐང་ཆེད་དུ་ཚང་མས་མཉམ་གཅིག་ཏུ་གྱེན་ལངས་བྱས་ཡོད་པ་རེད་ལ། ཚང་མ་དུས་གཅིག་ཏུ་སྡེབ་ལངས་ཀྱིས་ངོ་རྒོལ་སྐད་འབོད་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་བྱས་ཡོད་པ་མ་ཡིན་ནམ།

དུས་དེ་ནས་བཟུང་སྟེ། རིམ་གྱིས་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་རང་དབང་མཐོང་གི་མེད་པའི་ངའི་ཕུ་ནུ་སྤུན་ཟླ་ཚོའི་མིག་ཟུང་སྒྲིབ་བྱེད་ཀྱི་ཡོལ་རས་ནག་པོ་དེ་ཡང་རྒྱ་ནག་ཁོ་རང་གི་གདུག་རྩུབ་ཀྱི་ལག་པས་ཕྱིས་སོང་བ་ནི། དངོས་གནས་རྐྱེན་ངན་གྲོགས་ཤར་བ་རེད་ཨང་བསམ་ནས་དེ་རིང་ང་དགའ་ཡོད།  ངར་ལྕགས་ལྟ་བུའི་བོད་རིགས་གཞོན་སྐྱེས་ཚོའི་བསམ་བློའི་ནང་གི་རབ་རིབ་ཀྱི་བོད་དང་བོད་རྒྱལ་ཁབ་ཆེན་མོའི་གདོང་རིས་ངོ་མ་དེ་གཞི་ནས་ཁོང་ཚོ་ལ་ཇེ་གསལ་དུ་གྱུར་བ་ནི་རྒྱ་ནག་གི་གདུག་རྩུབ་ལས་བྱུང་བ་ཤ་སྟག་ཡིན་པས་ངས་དེ་ལ་བཀའ་དྲིན་ཆེ་ཞུ་ན་འདོད།

ལག་ལ་འཕྲུལ་མདའ་ཐོགས་ཤིང་ལུས་ལ་དྲག་ཆས་སྤྲས་པའི་ཇག་རྐུན་ལྟ་བུའི་དམག་མི་ཚོ་དུས་ངེས་མེད་ལ་འཇབ་རྒྱུག་དང་འཇབ་རྒོལ་གྱིས་ཁྱིམ་ཚང་རེ་རེ་དང་གྲྭ་ཤག་རེ་རེ་བཞིན་སྔོག་བཤེར་བྱས་ཤིང་། འཕྲོག་བཅོམ་དང་བརྡུང་བསྲེག་གི་ངན་སྤྱོད་ཚད་མེད་བྱེད་ཀྱི་ཡོད་པ་དེས་བདག་གི་ཕུ་ནུ་མཆེད་གྲོགས་ཚོས་རང་ངོ་རང་ཤེས་དང་། རང་འགན་རང་འཁུར་གྱི་བགྱི་བ་དང་དུ་བླངས་ཏེ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རང་དབང་གི་སླད་དུ་ལུས་སྲོག་དམར་པོ་མེ་ལ་སྒྲོན་བཞིན་སྐད་འབོད་ཀྱི་དུང་བརྡ་གནམ་འོག་ལ་བསྒྲགས་པ་དེ་ལོ་རྒྱུས་སྟེང་། དེ་སྔ་གཏན་ནས་བྱུང་མ་མྱོང་བའི་འཛམ་གླིང་ཐོག་གི་ཆེས་མཐོ་བའི་འཚེ་མེད་ཞི་བའི་གྱེན་ལངས་ངོ་རྒོལ་ཞིག་ཏུ་གྱུར་སོང་བ་ནི། དངོས་གནས་ཧ་ལས་པ་དང་ཧང་སང་པའི་ཅི་འདྲའི་བླ་མེད་ཀྱི་སྙིང་སྟོབས་བརྗིད་པོ་ཞིག་རེད་ཨང་།

ལྷག་པར་དུ་ཤ་དར་ཁྲག་དར་གྱི་ལང་ཚོ་གསར་བའི་གཞོན་ནུ་ལོ་ཆུང་ཚོས་རང་ཉིད་ནི་རྒྱ་ནག་དང་རྦད་དེ་ཐ་དད་ཀྱི་རྒྱལ་ཁབ་ཅིག་གི་འབངས་མི་ཡིན་པའི་ངེས་པ་གཏིང་ནས་རྙེད་དེ། རང་གི་རྒྱལ་ཁབ་ཀྱི་དར་ཆ་དགུང་ལ་འཕྱར་བཞིན་རང་དབང་གི་འབོད་སྒྲ་ཆད་མེད་དུ་སྒྲོག་གིན་པ་འདི་སྔོན་ཆད་ཀྱི་ང་ཚོ་དང་བསྡུར་ན་དངོས་གནས་རྟོག་སད་ཅན་དང་རྒྱལ་ཞེན་ཅན་གྱི་དཔའ་ལ་རྟུལ་བའི་ཕོ་རྒོད་རྐྱང་རྐྱང་གི་རང་གཤིས་རེད་འདུག་ཨང་བསམ་ནས་བླ་མེད་ཀྱི་གུས་འདུད་ཅིག་དབང་མེད་དུ་ཤོར་སོང་ངོ་།།

 

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༢༨ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

མཆན། 4

  1. མིག་གསུམ་པ། says:
    ལོ་ 14 སྔོན།

    དྲ་གྲོགས་མི་ཞུན་ལགས། ཕྱིར་དྲན་གྱི་ངོགས་ནས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག ངོ་མ་རེད། བོད་ནང་དུ་མཚོན་ན་རྒྱ་ནག་སྲིད་གཞུང་གི་བཀོད་ཁྱབ་དང་སློབ་དེབ་ཀྱི་སྒྲིག་གཞི་ལས་ང་ཚོ་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོའི་ཀླད་པའི་ནང་དུ་མཚོན་རྩི་དམར་པོ་དེ་ཇི་ཙམ་བླུགས་ཡོད་པ་རེད། དེ་ལྟ་བུའི་ཆབ་སྲིད་ཀྱི་རྒྱ་ལས་ཐར་རྒྱུ་ཧ་ཅང་གི་ཁག་པོ་རེད། ཡིན་ནའང་། ཁ་སང་དེ་རིང་བོད་ཕྱི་ནང་གི་དྲ་རྒྱ་འདིའི་རོགས་ཕན་ལ་བརྟེན་ནས་སྔར་བཞིན་གྱི་སྨག་ནག་གི་ཞིང་ཁམས་མིན་པ་འདྲ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    གྲོགས་ཀྱིས་དེ་རིང་འདས་ཟིན་པའི་དོན་དག་ཅིག་གཞི་ལ་བཞག་སྟེ་ད་ལྟའི་གནས་བབ་དང་མཐུན་པའི་སྒོ་ནས་འབྲེལ་བཤད་ཡང་དག་པ་ཞིག་གནང་འདུག་པས་དགའ་ཡོད། མུ་མཐུད་ནས་ཕྲིས།

    དྲི་ལན་དེ་དང་ལན་མ་ཐུབ་པའི་དྲི་བ་དེ་གཉིས་ཀྱིས་དགེ་རྒན་དེའི་སེམས་པ་གྲང་ཤུར་ཤུར་དང་འཁྱག་འཁྱག་སུམ་སུམ་བཏང་སོང་མོད། དགེ་ཕྲུག་གམ་སློབ་བུ་དག་གིས་ཁོང་གི་འགྲེལ་བཤད་ལ་ཡང་དོ་སྣང་བྱས་ཡོད་མོད་ཅི་རིགས་རེད། ཉིད་ཀྱིས་སེམས་ནས་མ་བརྗེད་པ་དེ་ནི་དྲན་རིག་རྒོད་པའི་སློབ་བུ་ཞིག་གི་ཁྱད་ཆོས་རེད།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    མི་ཞུན་ལགས། ཀྱིས་ཁོང་གི་ཉམས་མྱོང་དང་སྦྲགས་ཏེ་དོན་དངོས་བཀོད་པ་འདིར་བསྟོད་བསྔགས་ཞུའོ།།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དེ་རིང་མེ་ཞུན་གྱིས་ཡག་པོ་ཞིག་བྲིས་འདུག བཀའ་དྲིན་ཆེ་ཨ་རོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese