མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

མི་རིགས་ཤིག་ལ་དབང་སྒྱུར་བྱ་འདོད་ན་མི་རིགས་དེའི་ཆིག་སྒྲིལ་གྱི་ནུས་པ་རྩ་གཏོར་དུ་བཏང་སྟེ་མེ་སྟག་རིམ་མཆེད་བཞིན་དུ་དབང་སྒྱུར་བྱ་དགོས་པ་ནི་དམག་དོན་མཁས་པས་ཉམས་མྱོང་དངོས་ལ་ཕྱོགས་སྡོམ་ཡང་དག་བྱས་པའི་གྲུབ་དོན་ཞིག་རེད་ལ།  དོན་དངོས་ཐོག་ནས་ཀྱང་དམག་དོན་ཐབས་བྱུས་འདི་གཞི་རྩར་བཟུང་སྟེ་ལས་དོན་ལག་བསྟར་བྱས་པས་གྲུབ་འབྲས་ཀྱང་མིག་མཐོང་ལག་ཟིན་བྱུང་ཡོད་པ་ནི་དཔེ་མཚོན་གཅིག་གི་ཐོག་ནས་གསལ་བཤད་བྱས་ན་ཟུར་བལྟས་ལེབ་མཐོང་གི་དཔེ་དང་བལ་པོས་སེ་འུ་མ་ཟོས་ཀྱང་ཁ་དོག་ཉིད་ལས་བྲོ་བ་ཤེས་ངེས་པ་ཞིག་རེད།

 

དེ་ཡང་ལོ་རབས་བཞི་བཅུ་པའི་ནང་གོ་གུང་དམག་འཁྲུག་ཡོངས་སུ་མཇུག་བསྒྲིལ་རྗེས་རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་ཡོངས་རྫོགས་ལ་དབང་སྒྱུར་བྱས་པ་དང་དུས་མཚུངས་སུ་བོད་སོགས་ལའང་དམག་དོན་ཐབས་བྱུས་འདི་གཞི་རྩར་བཟུང་སྟེ་དབང་སྒྱུར་བྱས་པ་དེས་ད་གཟོད་གྲངས་ཉུང་མི་རིགས་དུ་མ་ཞིག་རྒྱ་ནག་གྲངས་མང་མི་རིགས་ནང་སིམ་ཡལ་དུ་གྱུར་ཏེ་མི་རིགས་རྩ་གཏོང་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། དཔེ་མཚོན་འདིས་ང་ཚོར་ཅི་ཞིག་གི་གོ་བརྡ་སྤྲོད་ཀྱི་ཡོད་དམ་ཞེ་ན།  གྲངས་མང་མི་རིགས་ཀྱི་དབང་སྒྱུར་འོག་གྲངས་ཉུང་མི་རིགས་ལ་སྲིད་འབྱོར་རིག་གསུམ་སོགས་གང་ཐད་ནས་རང་དབང་ཅི་ཙམ་ཡོད་རུང་གྲངས་མང་མི་རིགས་དེའི་སྲིད་འབྱོར་རིག་གསུམ་གྱི་བཀོལ་སྤྱད་ཀྱི་ཁྱབ་རྒྱ་དང་། ཐོན་གསར་མྱུར་སྤྱོད་སོགས་ཀྱི་ཤུགས་རྐྱེན་འོག་གྲངས་ཉུང་མི་རིགས་དེ་ས་རྡོ་ལྟར་མཁྲེགས་རུང་མི་རིང་བར་སྣུམ་ཟད་ཀྱི་མར་མེ་བཞིན་དུ་འགྲོ་རྒྱུ་ཡིན་པའི་གོ་བརྡ་མཛུབ་བཙུགས་སུ་སྤྲད་ཡོད་པ་དེ་རེད། ལྷག་པར་དུ་རྒྱ་གཞུང་གི་དབང་སྒྱུར་འོག་དེ་བས་ཀྱང་གྲངས་ཉུང་མི་རིགས་རྣམས་གསོན་གནས་ཐུབ་དཀའ་སྟེ་དབང་སྒྱུར་གྱི་དམིགས་ཡུལ་དེ་རྒྱ་ནག་ཧན་མི་རིགས་ཁོ་ནའི་ཁེ་ཕན་གྱི་སླད་དུ་ཡིན་པའི་གནད་ཀྱིས་སོ།། 

 

གནས་ལུགས་དེ་ལྟ་བས་ན་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་སམ་ཞེས་པ་འདི་ནི་རྒྱའི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཡོངས་ལ་གཅིག་མཚུངས་སུ་བཀོད་ཆོག་པའི་དྲི་གཞི་ཞིག་རེད་ལ། ང་ཚོའི་ལས་འགུལ་སྤེལ་སྟངས་འདིས་ང་ཚོ་རང་ཉིད་ལ་ཚུར་བཏོན་པའི་དྲི་བ་ཉག་གཅིག་ཀྱང་རེད། གལ་ཏེ་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་ན་ད་ལྟ་ང་ཚོ་གྲངས་ཉུང་མི་རིགས་ཚོའི་ལས་འགུལ་སྤེལ་སྟངས་འདིས་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་པའི་སེམས་དོན་ཕྱིར་མཚོན་ཐུབ་ཀྱི་འདུག་གམ། ཅི་ཞིག་གི་སླད་དུ་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་སྡུག་སྐད་རྒྱག་བཞིན་ཡོད་དམ། དེའི་རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གི་རྒྱུན་ལྡན་གྱི་སྲིད་བྱུས་ལ་ལྡོག་ཕྱོགས་ཀྱི་འགྱུར་བ་ཅུང་ཟད་ཐོན་པ་ཙམ་གྱི་རེད།  གལ་ཏེ་ང་ཚོས་སྡུག་སྐད་བརྒྱབ་པ་བཞིན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་བཏང་ཚེ་ང་ཚོས་མུ་མཐུད་དུ་ལས་འགུལ་སྤེལ་གྱི་རེད་དམ། རྒྱ་གཞུང་གིས་སྲིད་བྱུས་ཇེ་བཟུང་དུ་བཏང་བ་ཙམ་གྱིས་ང་ཚོའི་འདོད་དོན་ཡོངས་སུ་འགྲུབ་པ་རེད་དམ། 

 

གལ་ཏེ་དེ་ལྟར་མིན་ན་རྒྱུ་མཚན་ཅི་ཞིག་གིས་རྐྱེན་པས་ནམ་རྒྱུན་ང་ཚོ་གྲངས་ཉུང་མི་རིགས་རྣམས་རང་རང་གི་ས་ནས་དགུན་གྱི་ཁུ་བྱུག་བཞིན་དུ་ཁུ་སིམ་མེར་རྒྱ་གཞུང་གི་དཔལ་འབྱོར་གྱི་བསླུ་བྲིད་འོག་ཏུ་མགོ་འཁོར་ནས་སྡོད་ཀྱི་ཡོད་དམ། ཡ་མཚན་པའི་འདུ་ཤེས་འཛིན་ཚུལ་དེས་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་མིན་ལ་སོམ་ཉི་སྐྱེ་རུ་འཇུག་གི་མི་འདུག་གམ།  ང་ཚོས་མཚམས་རེ་ཕྱོགས་སོ་སོ་ནས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་གཏོང་དོན་དེ་རང་གཞན་དཀའ་སྡུག་གི་གནས་ལས་གྲོལ་ཆེད་དུ་ཡིན་པ་ནི་མདང་སྐྱེས་བྱིས་པས་ཀྱང་ལན་འདེབས་ཐུབ་པ་ཞིག་རེད། 

 

དེ་ལྟ་ནའང་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་མ་ཐོབ་པ་དེ་སྲིད་དུ་རང་གཞན་ཚང་མ་དཀའ་སྡུག་གི་གནས་ལས་གྲོལ་ཐུབ་བམ། གྲངས་མང་མི་རིགས་ཤིག་གི་དབང་སྒྱུར་འོག་གྲངས་ཉུང་མི་རིགས་དེའི་ཚེ་སྲོག་གི་རུས་རྐང་ལ་ཐུག་པའི་སྐད་ཡིག་རིག་གཞུང་དང་བཅས་པ་མི་རིང་བར་ཉམས་ཆག་ཏུ་འགྲོ་ངེས་པ་ནི་དཔེར་ན་ཆར་ཞོད་ཆེ་བའི་དུས་སྐབས་སུ་ས་སྟོང་ན་འཁྱིལ་བའི་རྫིང་བུ་ཆུང་ངུ་དག་ཧོབ་སྒྲ་དང་བཅས་རྒྱ་མཚོར་དེད་པ་བཞིན་རེད་ལ་གོང་དུ་དྲངས་པའི་དཔེ་མཚོན་དེས་ཀྱང་མཚོན་ཐུབ། དཔེ་དོན་འདི་ཚོའི་ཐོག་ནས་སྡོམ་ཚིག་གཅིག་འགོད་ཐུབ་པ་ནི་གྲངས་མང་མི་རིགས་ཀྱི་དབང་སྒྱུར་འོག་གྲངས་ཉུང་མི་རིགས་ཤིག་རང་དབང་ངང་བདེ་གནས་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་ནི་གལ་ཏེ་གྲངས་མང་མི་རིགས་དེ་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཚང་བ་ཞིག་རང་རྒྱུད་ལ་སྐྱེས་ཟིན་པ་ཤ་སྟག་གཅིག་ཡིན་ན་ལས་གཞན་ཆུ་དཀྲོགས་ནས་མར་ལ་རེ་སྒུག་བྱས་པ་དང་ཆུ་ལ་ཆུ་བཞག་བཞིིན་རེད།  

 

དེ་བས་ན་ང་ཚོའི་ལས་འགུལ་སྤེལ་ཤུགས་ཀྱི་ཁ་ཕྱོགས་འདི་དག་གིས་ང་ཚོར་དོན་དངོས་ཀྱི་རང་དབང་དེ་དགོས་པར་སྟོན་གྱི་འདུག་གམ། གལ་ཏེ་ང་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་ཀྱི་ཡོད་ན་ང་ཚོའི་ཐོག་ཏུ་གཞན་གྱི་དབང་སྒྱུར་ཡོད་ཕྱིན་ཆད་ལ་ངོ་རྒོལ་བྱེད་དགོས་པ་ལས་སྐབས་རེ་ཁུ་བྱུག་གི་བརྟུལ་ཞུགས་བཟུང་བ་དང་མཚམས་རེ་འབྲུག་སྒྲ་ཇི་བཞིན་གནམ་ས་འགེངས་ཚུལ་དེ་མིན་པར་དུས་ཚོད་ཀྱི་ཚག་སྒྲ་ལྟར་ཞི་བའི་འཐབ་རྒོལ་བྱ་སེམས་ཀྱི་མདུན་པ་རྒྱུན་གནས་ཐུབ་དགོས་ལ། ཧྲོད་རན་ཞེས་པའི་སྦྲུལ་ལྟར་མགོ་ལ་རྒྱུག་པ་གཞུས་ན་མཇུག་མ་སྐྱོབ་ཏུ་ཡོང་བ་དང་། མཇུག་མར་རྒྱུག་པ་གཞུས་ན་མགོ་བོ་སྐྱོབ་ཏུ་ཡོང་ལ། སྐེད་པར་རྒྱུག་པ་གཞུས་ན་མགོ་མཇུག་གཉིས་ཀ་སྐྱོབ་ཏུ་ཡོང་བ་དེ་སྦྲུལ་དེའི་ཁྱད་རྣམ་འབྱེད་ཆོས་ཤིག་ཏུ་སྣང་བ་ལྟར་གྲངས་ཉུང་མི་རིགས་གཅིག་ལ་དྲག་གནོན་བྱེད་དུས་གྲངས་ཉུང་མི་རིགས་གཞན་དེས་འབོད་སྒྲ་སྒྲོག་ཐུབ་དགོས་ལ། གྲངས་ཉུང་མི་རིགས་གཞན་དེར་དྲག་གནོན་བྱེད་དུས་གྲངས་ཉུང་མི་རིགས་ཚུར་ཕྱོགས་དེས་འབོད་སྒྲ་སྒྲོག་ཐུབ་དགོས་ཤིང་། གྲངས་ཉུང་མི་རིགས་གཅིག་གིས་ཡར་ལངས་བྱེད་དུས་གྲངས་ཉུང་མི་རིགས་གཞན་དེས་ཀྱང་ཡར་ལངས་བྱེད་ཐུབ་པ་དགོས། 

 

དེ་ལས་ལྡོག་སྟེ་དགྲ་ཕྱོགས་ཀྱི་སྟོབས་ཤུགས་ལ་རྒྱུས་ལོན་མི་ཐུབ་པར་རང་རང་གཅིག་པུའི་ས་ནས་ལས་འགུལ་ཅི་ཙམ་སྤེལ་ཀྱང་དེས་ནམ་ཡང་གནད་དོན་གཙང་སེལ་ཐུབ་བྱེད་ཀྱི་འབེན་དངོས་ལ་ཕོག་མི་ཐུབ་པ་ཙམ་དུ་མ་ཟད། རང་ཕྱོགས་ལ་མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་དྲག་གནོན་གྱི་ཆག་སྒོ་ཡང་ཡོང་ངེས་པ་ཞིག་རེད།  

 

 དེ་བས་ན་རང་གི་མི་མང་དང་རང་རྒྱལ་གྱི་བདེ་སྡུག་སླད་ཞི་བའི་འཐབ་རྒོལ་བྱ་སེམས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཡིན་ཚེ་རུ་ངར་དང་ཚོར་ཤུགས་ཀྱི་གཞན་དབང་དུ་མ་སོང་བར་དགྲ་ཕྱོགས་ཀྱི་སྟོབས་ཤུགས་ལ་མྱོང་རྒྱུས་ཆ་ཚང་ཐུབ་པའི་ཐོག་ནས་ཐབས་བྱུས་གནད་ལ་འཁེལ་བ་གདེང་དགོས་པ་ནི་གནས་སྐབས་རང་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་མཐར་ཐུག་གི་རྒྱལ་ཁ་ལེན་རྒྱུའི་རྩིག་རྨང་ལྟ་བུ་དེ་རེད་ལ་འཛམ་གླིང་ནང་དམག་དོན་ཐོག་གྲགས་ཆེ་ཤོས་དུ་བརྩི་བའི་སུན་ཙེའི་དམག་དོན་བསྟན་བཅོས་ཀྱི་དགོངས་དོན་ཡང་དེ་ལས་མ་འདས་པ་ཞིག་རེད། 

 

དེ་བས་ན་ཐབས་བྱུས་འདི་བློ་ངོར་ཆུད་པའི་མི་སྣ་ཞིག་གིས་ད་གཟོད་རང་ཉིད་གཅིག་པུས་ཤིན་ཏུ་ཆེ་བའི་ཕ་བོང་ཞིག་འདེགས་མི་ཐུབ་པ་ཇི་བཞིན་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཐུབ་པ་ཙམ་དུ་མ་ཟད། ཕྱོགས་སོ་སོ་ནས་སྐབས་རེར་ཡར་ལངས་རེ་བྱས་པ་དེ་དག་ནི་སྟག་གི་མདུན་སར་ཙི་ཙིས་མཆེ་བ་ངོམ་སྟོན་བྱས་པ་ཙམ་ལས་ཅི་ཡང་མེད་པ་ཞིག་ཏུའང་མཐོང་ངེས་པ་རེད། རྒྱུ་མཚན་དེ་བས་ན་ང་ཚོ་གྲངས་ཉུང་མི་རིགས་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་ཀྱི་ཡོད་ན་ཧྲོད་རན་ཞེས་པའི་སྦྲུལ་ལྟར་བྱེད་དགོས་པ་ལས་གཅིག་གི་ཚེ་སྲོག་མེ་རུ་སྒྲོན་དུས་གཅིག་གི་རྒྱང་རིང་ནས་ཁུ་སིམ་མེར་གཏན་ནས་སྒུག་སྡོད་བྱེད་མི་ཉན། 

 

བྱ་སྤྱོད་དེ་དང་སྣང་ཚུལ་དེས་དུས་ནམ་ཡང་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཐུབ་བ་མ་ཟད་རྒྱ་གཞུང་གི་སྟོབས་ཤུགས་རྒྱུན་གནས་དང་སྲ་བརྟན་ཡོང་རྒྱུར་ཕན་ནུས་ཐོན་ངེས་པ་ཞིག་རེད། རྒྱུ་མཚན་དེ་བས་ན་གྲངས་ཉུང་མི་རིགས་རྣམས་ཁ་ཆད་བྱས་པ་ལྟར་ཉིན་བརྒྱ་དུས་གཅིག་ཏུ་ཕྱོགས་ཡོངས་ནས་ཡར་ལངས་བྱ་ཐུབ་པའི་དུས་ཚོད་དེ་ནི་ཆེས་མཐའ་མཇུག་གི་རྒྱ་ནག་སྲིད་གཞུང་མཇུག་བསྡུ་བའི་ཉིན་མོ་དེ་རེད་ལ་གྲངས་ཉུང་མི་རིགས་རྣམས་རྒྱ་གཞུང་གི་དབང་སྒྱུར་ལས་མཐར་བྱེད་ཀྱི་མཇུག་མཐའི་ཉིན་མོ་དེ་ཡང་རེད།

 

དེ་བས་ན་གནད་དོན་འདིའི་འགག་རྩ་ཐུག་ས་ནི་གྲངས་ཉུང་མི་རིགས་ཡོངས་ལ་དོན་དངོས་ཀྱི་རང་དབང་ཞིག་དགོས་མིན་དེར་ཐུག་ཡོད་པ་ལས་གནས་སྐབས་ཀྱི་རང་དབང་ཉི་ཚེ་བ་ཞིག་དགོས་མིན་དེར་ཐུག་མེད་པ་ནི་གྲངས་ཉུང་མི་རིགས་ཚོས་ལས་འགུལ་སྤེལ་སྟངས་ཀྱི་བྱ་སྤྱོད་དེའི་ཐོག་ནས་བདེན་དཔང་ར་སྤྲོད་བྱས་འདུག དེ་བས་ན་ངས་བོད་དང་ཡུ་གུར། ནང་སོག་གཙོས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཚོར་དོན་དངོས་ཀྱི་རང་དབང་ཞིག་དགོས་ཀྱི་ཡོད་དམ་ཞེས་པའི་དྲི་བ་འདི་འདོན་བཞིན་ཡོད།།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༦ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༢ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 7

  1. གྲྭ་རྒོད says:
    ལོ་ 13 སྔོན།

    བཙན་བྱོལ་སྒྲིག་འཛུགས་སྣེ་ཁྲིད་འོག་བོད་ས་ཡོངས་ནས་ནུས་པ་ཆིག་སྒྲིལ་གྱི་ལམ་གཅིག་དང་ཁ་ཕྱོགས་གཞི་བརྟན་པའི་ལས་འགུལ་སྤེལ་དགོས་པ་བཤད་མི་དགོས་མོད་འོན་ཀྱང་བོད་མི་ཡོངས་ནས་འགན་ཁུར་དེང་ལེན་ངེས་པར་བྱེད་དགོས་པ་ནི་ཆོལ་གསུམ་ཞེས་མིང་གསུམ་དེ་སྤྱི་ཚོགས་ཐོག་མེད་པ་བྱེད་དགོས། དོན་དམ་པའི་ལས་འགུལ་དངོས་དང་དགོས་ངེས་ཀྱི་ལས་འགུལ་ནི་བོད་ཕྱི་ནང་གཉིས་མཐུན་འབྲེལ་ནུས་ཤུགས་རྡོག་རྩ་གཅིག་ཏུ་དྲིལ་ནས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱིས་ལུང་ཕྱོགས་ལ་རྒྱབ་སྐྱོར་ངང་རང་ལ་གང་ནས་ཀྱི་སློབ་སྦྱོང་བྱེད་དགོས་འདི་ནི་ལས་འགུལ་དངོས་ཡིན་ལ་དགོས་ངེས་ཀྱི་ལས་འགུལ་ཡང་རེད། དེ་མིན་ཚོགས་ལ་ལའི་བོད་དོན་ལྟོ་གོས་ཆེད་བེད་སྤྱོད་བྱེད་དང་བྱེད་བཞིན་པ་དེ་ཚོ་ངོ་ཚ་དགོས་པ་ཞིག་རེད་མོད་ད་དུང་བོད་མི་འགའ་རེ་གཉིད་སད་མེད་པས་དེ་དག་ལ་མཐུན་འགྱུར་བསྐྲུན་བཞིན་ཡོད་པ་ནི་བོད་དོན་བདེན་མཐའ་གསལ་བ་ནག་ཉེས་ཅན་དུ་ངོས་འཛིན་ལས་གཞན་ཐོབ་བྱ་གང་ཡང་མེད། སློབ་སྦྱོང་བྱ་རྒྱུ་ནི་བོད་མིའི་ད་ལྟའི་གནས་བབས་ལ་དགོས་ངེས་ཀྱི་ལས་འགུལ་དངོས་ཡིན། སྤྱི་སྒེར་གཉིས་ནས་བོད་མི་གཞོན་སྐྱེས་ཡོངས་ལ་གང་མཚམ་གྱི་གང་ནུས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་ནི་བོད་མི་རེ་རེའི་འགན་ཁུར་དགོས་པ་ཞིག་ཡིན་པས་ཚང་མའི་ཐུགས་ལ་འཛིན་རོགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གཞན་གྱིས་མངའ་འོག་ཏུ་སྡོད་ལས། །
    རང་དབང་གི་དོན་དུ་འཆི་བ་དགའ། །
    སེམས་དཔའ་ཆེན་པོ་གྷན་དྷི་ཡིས།
    ཧི་སྐད་དུ།
    གུ་ལམ་མི་ མེ་ ཇི་ནེ་ སེ། །
    ཨ་ཇྰད་ཏི་ ཀེ་ ལི་ཡེ་ མར་ན་ ཨ་ཆ་ ཧེེ། །

    Reply
  3. རིག་འཛིན། says:
    ལོ་ 13 སྔོན།

    རང་དབང་ནི།
    བདེ་སྐྱིད་ཀྱི་གཞི་མ།
    བདེ་སྐྱིད་ནི།
    མི་ཚེའི་རིན་ཐང་།
    དེས་ན།
    མི་ཚེ་ལ་རིང་ཐང་དགོས་ན།
    བདེ་སྐྱིད་དགོས་ལ།
    རང་དབང་ཡང་དགོས།།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རང་དབང་ལ་སྣེ་མང་ཡོད་པ་རེད། དཔེར་ན་ཆབ་སྲིད་རང་དབང་། ཆོས་དད་རང་དབང་། དཔལ་འབྱོར་རང་དབང་། རིག་གཞུང་རང་དབང་། སྐད་ཡིག་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་། བདག་དབང་རང་དབང་སོགས་གང་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། གལ་ཏེ་རང་དབང་དེ་དག་ཐམས་ཅད་འདོད་ཀྱི་ཡོད་ན་རང་དབང་དེ་ཚོ་ལོངས་སུ་སྤྱོད་སའི་འཁོར་ཡུག་དེ་ངེས་པར་དུ་རང་དབང་གཙང་མ་ཞིག་དགོས་པ་རེད། འཁོར་ཡུག་རང་དབང་གཙང་མ་ཞིག་མེད་ན་རང་དབང་གཞན་རྣམས་རང་དབང་ཉི་ཚེ་བ་ལས་རང་དབང་མཚན་ཉིད་པ་མ་རེད།

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    རང་དབང་མཚན་ཉིད་པ་ཐོབ་འདོད་ན། མི་དམངས་ཁྱོན་ཡོངས་ནས་ཐོབ་བྱའི་རང་དབང་མཚན་ཉིད་པ་དང་རང་དབང་ཉི་ཚེའམ་བཏགས་པ་བ་གཉིས་ཀྱི་ལམ་ཐག་ཉེ་རིང་གི་ཁྱད་པར་གསལ་པོ་རྟོགས་དགོས། དེ་གཉིས་གང་ཞིག་གནས་ལུགས་དང་དཔང་རྟགས་ཁུངས་སྐྱེལ་ལྡན་པ་དེ་ནམ་ཞིག་བདེན་མཐའ་གསལ་སྲིད། ཆབ་སྲིད་ཀྱི་འཐབ་རྩོད་ལ་གནོན་ཤུགས་སྤྲོད་བྱེད་ཀྱི་སྟོབས་ཤུགས་མེད་ན། སྤྲེལ་ལད་སྲིད་ཇུས་དང་འུ་ཐུག་གིས་ལམ་དཀྱུས་བརྗེ་བ་སོགས་ཀྱིས་རྒྱལ་ཁ་ཐུབ་མི་སྲིད། ཁྱེད་ཀྱིས་གསུང་དང་ངའི་བསམ་ཚུལ་ཧ་ཅང་བར་ཐག་ཉེ་བོ་འདུག གུས་པས་ཐུགས་རྗེ་ཆེ་ཞུའོ།།

    Reply
  6. ཚེ་དབང་། says:
    ལོ་ 13 སྔོན།

    རང་དབང་བརྗོད་གཞི་བྱས་པའི་དཔྱད་བརྗོད་དམ་ཡང་ན་བསམ་ཚུལ་འདི།ཀླད་པའི་ནང་དུ་རྒྱ་མའི་དུག་གིས་ཁྱབ་ཡོད་པའི་མི་ཞིག་ཏུ་སྣང་།དང་པོ།རྒྱ་ནག་ལ་མེས་རྒྱལ་གྱི་འདུ་ཤེས།གཉིས་པ།བོད་པའི་འཐབ་རྩོད་དེ་རང་དབང་ཙམ་མ་གཏོགས་བདག་དབང་དང་ཁྱབ་ཁོངས་ལ་འབྲེལ་བ་མེད་པར་འཛིན་པ།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པ་ཧ་ཅང་བཀླགས་སྤྲོ་བོ་བྱུང་། ཁྱོད་ཀྱིས་ལོ་གསར་སྐབས་བསྟུན་རྩོམ་ཡིག་འདི་འདྲ་སྤེལ་གནང་བར་ངོ་མ་བཀའ་དྲིན་ཆེ་ཞུ། རབ་བྱུང་ན་ཁ་བརྡ་སོགས་དྲ་རྒྱ་མང་པོར་འགོད་ཐུབ་ན་བཟང་གི་སྙམ། བཀའ་དྲིན་ཆེ་ལགས། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese