མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་པའི་ལས་ཀ་ནི་ཆོས་ཉམས་ལེན་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་གིས་ཀང་རཱ་ཊེན་ཊཱ་སྨན་ཁང་གི་ཚོགས་ཁང་དུ་རྒྱ་གར་མངའ་སྡེ་ ༢༤ ནས་ཕེབས་པའི་སྨན་པའི་སྐུ་ཚབ་ ༩༠༠ ལ་བཀའ་སློབ་བསྩལ་འདུག 

ཧི་མ་ཅལ་མངའ་སྡེ་གསོ་རིག་སློབ་གླིང་གི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་སྤྱི་ཚོཊ་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་སྨན་པའི་ལོ་འཁོར་ཚོཊ་ཆེན་ཐེངས་ ༣༩ པ་དེ། དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་ཀང་རཱ་རྫོང་ཉེ་འདབས་ཀྱི་ཊེན་ཊཱ་ (TANDA) སྨན་ཁང་གི་ཚོཊ་ཁང་དུ་ཚོགས་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་སྟེང་༸གོང་ས་མཆོག་གཙོས་པའི་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་གྲོང་ཁྱེར་གསུམ་དང་། མངའ་སྡེ་ཁག་ ༢༤ ཙམ་ནས་ཕེབས་པའི་སྨན་པ་དང་། སྨན་པའི་སྐུ་ཚབ་བཅས་ཁྱོན་མི་ ༩༠༠ ལྷག་འདུ་འཛོམས་བྱུང་ཡོད།

མཛད་སྒོའི་ཐོག་མར་མཐོ་སློབ་དེའི་སློབ་སྤྱི་ལགས་ཀྱིས་ཚོགས་ཆེན་གྱི་དམིགས་ཡུལ་དང་འཆར་གཞི་སྐོར་ངོ་སྤྲོད་གནང་རྗེས། ༸གོང་ས་མཆོག་གིས་ཚོགས་ཞུགས་པ་ཚོར་བཀའ་སློབ་བསྩལ་ཡོད།  ༸གོང་ས་མཆོག་གིས་གསུངས་དོན། “ ངོས་རང་ཚོགས་འདུ་གལ་ཆེན་འདིའི་སྟེང་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངོས་རང་ངྷ་སར་བསྡད་དེ་ལོ་ ༥༢ ལྷག་ཕྱིན་པ་རེད། འདས་པའི་ལོ་ངོ་འདི་དག་རིང་ས་ཆ་འདིར་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། ངོས་རང་ཐོག་མར་ངྷ་སར་འབྱོར་སྐབས་ས་འདིར་ཚོང་ཁང་གཉིས་ལས་མི་འདུག ད་ཆར་ཚོང་ཁང་དང་མགྲོན་ཁང་སོགས་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། སྨན་ཁང་ནི་ཧ་ཅང་གལ་ཆེན་གྱི་གྲས་ཡིན་ལ། མི་ཚང་མས་རང་ཉིད་ཀྱི་འཕྲོད་བསྟེན་ཐོག་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཚོ་སྨན་པར་ཆ་བཞག་ན་འཕྲོད་བསྟེན་ཐོག་དོ་སྣང་མང་ཙམ་གནང་དགོས་པ་རེད། ཁྱེད་ཚོའི་ལས་ཀ་འདི་གལ་ཆེན་པོ་ཆགས་ཡོད་པའི་ཆ་ནས། སྨན་པ་ཚོས་ཕྱག་ལས་གནང་སྐབས་སེམས་བཟང་པོ་དང་འགན་འཁུར་གྱི་ཚོར་བ་ཡོད་པ་ཞིག་གནང་ན། ཁྱེད་རྣམ་པའི་ལས་ཀ་དེ་ཆོས་ཕྱོགས་ཀྱི་ཉམས་ལེན་ཡག་ཤོས་དེ་ཆགས་ཡོད། ང་རང་ལ་མཚོན་ནའང་། སྨན་ཁང་དུ་སྨན་བཅོས་བྱེད་སྐབས་སྨན་པ་ཚོའི་གདོང་ལ་འཛུམ་མདངས་ཡོད་པ་དང་། སེམས་ཁུར་དང་ཤ་ཚའི་རྣམ་འགྱུར་ཡོད་ན་རང་བཞིན་གྱིས་སེམས་ལ་དགའ་ཚོར་ཡོང་གི་འདུག་ ” ཅེས་གསུངས་ཡོད།

རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་སྨན་པའི་ལོ་འཁོར་ལྷན་ཚོགས་དེ་དུས་ཡུན་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༧ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. སངྒེ ། says:
    ལོ་ 15 སྔོན།

    ཚོགས་འདུས་སྟེང་བོད་གཞུང་སྨན་རྩིས་དང་འཕྲོད་སྟེན་གྱི་སྐུ་ཚབ་ཞུགས་ཐུབ་ཡོད་དམ། འདི་འདྲའི་གོ་སྐབས་རྩོད་ལེན་བྱ་དགོས་རེད།

    Reply
  2. གླག་སྨྱོན། says:
    ལོ་ 15 སྔོན།

    ཞི་བདེའི་སྟོན་པ་འདི་གང་ན་ཕེབས་ཀྱང་སེམས་བཟང་པོ་བྱེད་དགོས་སྐོར་གསུང་པ་འདིས་མི་རྣམས་ཀྱི་ཀུན་སྤྱོད་ཕྱོགས་ནས་ཧ་ཅང་འགན་ཁུར་ཆེན་པོ་ཞིག་བྱེད་ཀྱིན་ཡོད་པ་མཚོན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese