མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་དུ་མི་༢༠དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ཤིན་ཅང་ཡེ་ཁྲིན་རྫོང་དུ་དྲག་རྒོལ་དམར་འཛིང་དོན་རྐྱེན་ཞིག་བྱུང་སྟེ། མི་ ༢༠ རྐྱེན་འདས་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

ཕྱི་ཟླ་ ༢ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཙམ་གྱི་སྟེང་། ཤིན་ཅང་ཀུ་ཧྲི་ཡེ་ཁྲིན་རྫོང་གི་རྒྱ་རིགས་འདུས་སྡོད་ཤུགས་ཆེ་སའི་བདེ་སྐྱིད་ཁྲོམ་གཞུང་དུ་དྲག་རྒོལ་དམར་འཛིང་གི་གནས་ཚུལ་ཞིག་བྱུང་འདུག   སྐབས་དེར་རྒྱ་གཞུང་དྲག་དམག་གིས་ཡུ་གུར་དྲག་རྒོལ་བ་མི་ ༧ དམར་གསོད་བཏང་ཡོད་པ་དང་། ཡུ་གུར་དྲག་རྒོལ་བ་ཚོས་ཀྱང་དམག་མི་གཙོས་པའི་ཁ་གཏད་ཀྱི་མི་ ༡༣ བསད་ཡོད་འདུག དོན་རྐྱེན་གྱི་འབྱུང་རྩ་གང་ཡིན་མིན་དང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཐད་གཅིག་གྱུར་ཁ་གསལ་ཞིག་བྱུང་མི་འདུག  

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། དོན་རྐྱེན་དེ་ནི་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་དང་། རྒྱ་རིགས་གནས་སྤོ་བ་ཚོས་དུས་རྒྱུན་ས་གནས་ཡུ་གུར་མང་ཚོགས་ལ་མཐོང་ཆུང་བརྙས་བཅོས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དོན་རྐྱེན་ཁྲོད་རྒྱ་གཞུང་དྲག་དམག་གིས་མེ་མདའ་བརྒྱབ་སྟེ་ཡུ་གུར་བ་མི་ ༡༠ དམར་གསོད་དང་། མི་ ༡༡ ལ་རྨས་སྐྱོན་བཟོས་ཡོད་པའི་ཁྲོད་མི་ ༡ ལ་སྲོག་ཉེན་འཕྲད་ཡོད་ལ། ཡུ་གུར་བ་མི་ ༡༠༠ ལྷག་འཇུ་བཟུང་བྱས་ཡོད་འདུག དེ་བཞིན། ཡུ་གུར་ངོ་རྒོལ་བ་རྣམས་ཀྱིས་ཀྱང་ཕར་མི་ ༡༢ བསད་ཡོད་པའི་ཁྲོད་ནས་མི་ ༧ ནི་རྒྱ་གཞུང་གི་ཉེན་རྟོགས་ལས་ཀ་གཉེར་མཁན་ཡིན་འདུག

རྒྱ་གཞུང་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། ལག་ཏུ་གྲི་ཐོག་པའི་དྲག་སྤྱོད་པ་མི་ ༩ ཡིས་གློ་བུར་ཁྲོམ་གཞུང་དུ་དྲག་པོའི་བྱ་སྤྱོད་སྤེལ་ཏེ། ལམ་འགྲོ་བ་མང་ཚོགས་དཀྱུས་མ་ ༡༣ དམར་གསོད་དང་མི་མང་པོར་རྨས་སྐྱོན་བཟོས་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་འགོག་རྒོལ་ཆེད་མེ་མདའ་བརྒྱབ་སྟེ་དྲག་སྤྱོད་པ་མི་ ༧ དམར་གསོད་དང་མི་ ༢ འཇུ་བཟུང་བྱས་ཡོད་ཚུལ་བཀོད་འདུག་ལ། ཕྱི་ཚེས་ ༢༩ ཉིན་རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབ་པ་ཧོང་ལིས་ཡིས།   དོན་རྐྱེན་དེ་ནི་དྲག་སྤྱོད་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས་པས་བཟོས་པ་ཞིག་ཡིན་པ་དང་། རྒྱ་གཞུང་གི་ངོས་ནས་དྲག་སྤྱོད་པ་དང་ཁ་བྲལ་བ་ཉུང་ཤོས་ཀྱིས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་། ཞི་བདེ་ལ་གཏོར་སྐྱོན་བཟོ་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཚུལ་བརྗོད་འདུག

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐཱིས་ཀྱིས། ཡུ་གུར་མི་རིགས་རྣམས་རྒྱ་གཞུང་གི་སྒྲིག་གཞི་དང་འཆར་འགོད་རང་བཞིན་ཅན་གྱི་དྲག་གནོན་སྲིད་ཇུས་འོག་མུ་མཐུད་གནས་ཐབས་བྲལ་བ་དང་།  ཞི་བའི་སྒོ་ནས་སོ་སོའི་རེ་འདུན་བརྗོད་ཐབས་མེད་པར་གྱུར་བར་བརྟེན། ཕན་ཚུན་ཁ་གཏད་རང་བཞིན་གྱི་དྲག་རྒོལ་མི་བྱེད་རང་བྱེད་ཀྱི་གནས་སྟངས་ཆགས་ཡོད་ལ། རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་སྔར་ལས་དྲག་གནོན་ཤུགས་ཆེ་རུ་བཏང་སྟེ་ཡུ་གུར་བ་མང་པོ་འཇུ་བཟུང་བྱེད་བཞིན་བའི་གནས་སྟངས་འདིའི་རྐྱེན་པས། ད་དུང་དྲག་རྒོལ་དོན་རྐྱེན་མང་པོ་མུ་མཐུད་འབྱུང་སྲིད་པའི་བློ་འཚབ་ཡོད་སྐོར་བརྗོད་འདུག 

ཡེ་ཁྲིན་རྫོང་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། རྫོང་དེར་མི་འབོར་ཁྲི་ ༥༠ ཡོད་པའི་ནང་རྒྱ་རིགས་གནས་སྤོ་བ་བརྒྱ་ཆ་ ༦ ཙམ་ཡོད་འདུག ཡེ་ཁྲིན་རྫོང་ནི་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་མངའ་ཁོངས་སུ་ཡོད་པའི་ཀ་ཤི་མུར་ས་ཁུལ་དང་འདབས་འབྲེལ་དུ་ཆགས་ཡོད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. ཤིང་ལོ། says:
    ལོ་ 14 སྔོན།

    གསོད་མི་ཉན་ཚང་མ་འཚོ་འདོད་ཡོད།།
    རྒོལ་ལོས་ཉན་སློབ་གསོ་མེ་མདའ་རེད།།
    སྐྱོབ་ལོས་དགོས་མི་ནི་འདྲ་འདྲ་རེད།།
    ཅིག་སོམས་དང་ས་སྒང་གཅིག་གི་ཡིན།།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱ་འདྲེ་ཚང་ལ་ངོ་ཚ་དང་ཁྲེལ་རྩ་བ་ནས་མི་འདུག། ཡུ་གུར་མི་དམངས་སྙིང་རྗེ། རྒྱལ་སྤྱིའི་ཁྲིམས་འགལ་གྱི་དྲག་སྤྱོད་དེ་རྒྱ་ནག་རང་ཉིད་ཡིན་བཞིན་དུ་ཉམ་ཆུང་ཡུ་གུར་མི་དམངས་ལ་འཇིགས་སྐུལ་གྱི་སྙད་འདོགས་ཏེ། མི་དམངས་ལ་ཚོད་མེད་དུ་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་བཞིན་འདུག ལག་ཏུ་མེ་མདའ་དང་གོ་མཚོན་ཅན་གྱི་དམག་གིས་བཙན་འཛུལ་ཆོག་ན། དེའི་ཁ་གཏད་ལ་གྲི་ཙམ་ཞིག་འཁྱེར་མ་ཆོག་བ་དེ། ཐུབ་ཚོད་དང་ཧམ་བཤད་རང་རེད། ཡུ་གུར་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཞུའོ།།

    Reply
  3. གངས་རིའི་ཤེལ་དཀར། says:
    ལོ་ 14 སྔོན།

    ཉིན་ཅིག་བོད་པས་འདི་འདྲ་ཉེན་རྟོག་པ་གསད་མི་སྲིད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese