མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྲིད་ཕེབས་རྒྱུའི་རེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་ངྷ་ས་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུཊ་ཐོག་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ལ་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གནང་སོང་།

སྐུ་སྒེར་ཡིག་ཚང་གི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གཙོས་པའི་ཁྲིམས་ཞིབ་པ་རྣམས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་། ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༦༠༠ ལྷག་འདུ་འཛོམས་ཐོག ཉེ་ལམ་སོག་ཡུལ་རྒྱལ་ས་ཨཱ་ལིམ་པཱ་ཐིར་རུ་དགོངས་པ་གཞན་དོན་གཤེགས་པའི་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཆེད་དུ། ༼བདུན་འཁོར་རྒྱུད་མཆན༽ཀློག་འདོན་དང་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གནང་སོང་།

མཆོད་འབུལ་སྨོན་ལམ་མཛད་སྒོའི་སྟེང་སྐུ་སྒེར་དྲུང་ཆེ་བྲེ་སང་ལགས་ཀྱིས། ཁལ་ཁ་རྗེ་བཙན་དམ་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་མང་ཚོགས་ལ་ངོ་སྤྲོད་དང་། དམ་པ་ཁོང་གི་ཡང་སྲིད་གང་མགྱོགས་བྱོན་ཐུབ་རྒྱུར་རེ་བ་དང་སྨོན་ལམ་རྒྱག་བཞིན་ཡོད་སྐོར་གསུངས་སོང་།

ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་གཅིག་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༣༢ ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་ལགས་དང་། ཡུམ་དབྱངས་ཅན་ལྷ་མོ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ༢༠༡༡ ལོར་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སོག་ཡུལ་དུ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས་ཡོད་ལ། ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པར་སོག་ཡུལ་རྒྱལ་སར་དགོངས་པ་གཞན་དོན་དུ་གཤེགས་ཡོད་ཅིང་། ད་ལྟ་ཁོང་དགུང་ལོ་ ༨༡ ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༤ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 7

  1. སངྒེ ། says:
    ལོ་ 13 སྔོན།

    འདི་ནི་ཇོ་ནང་བ་བློ་སློབ་ཆོས་རྒྱུད་དང་བཅས་པ་ལ་སྐུ་སྐེར་དངོས་ནས་་ཆེ་མཐོང་གནང་བ་རེད། ཧ་ཅང་ཡག་པོ་རེད་སྙམ། གཞན་ཡང་སྲིད་ལ་ལས་ཞབས་འདྲེན་བྱེདལ། ཡང་སྲིད་ལ་ལས་ཞབས་འདེགས་གནང་བས་ཡང་སྲིད་དགོས་མིན་ཧ་ཅང་བཤད་དཀའ། ད་དུང་ཡང་སྲིད་ལ་ལས་སྔོན་གནས་རྗེས་དྲིན་མིག་མཐོང་ལག་ཟིན་ལྟ་བུ་གནང་ཡོང་དུས་ཁས་མི་ལེན་རང་ལེན་མ་རེད་དམ། ཡང་ན་འགྲེལ་བཤད་གཞན་ཞིག་ཡོད།

    Reply
  2. རྫ་ཆུའི་ཟླ་བ། says:
    ལོ་ 13 སྔོན།

    དེང་དུས་སུ་ཡང་སྲིད་ཀྱི་རིན་ཐང་ཆུང་དུ་འགྲོ་ཡི་ཡོད་རེད། མ་འོངས་པར་དེ་ལས་ཀྱང་འགྲོ་སྲིད། ཨ་མ་དང་བླ་མ་གཉིས་ཀྱི་ཕྲུ་གུ་མང་ཆེ་བར་སྤྲུལ་སྐུའི་མཚན་གནས་ཡོད་རེད། ཐོས་བསམ་སྒོམ་གསུམ་བྱེད་ལོང་མེད་པར་ཨ་མའི་རྐུབ་ནས་ལྷུང་བའི་ལོ་གཅིག་གི་རྗེས་སུ་གསེར་ཁྲིའི་སྟེང་དུ་འཕགས་ཐུབ་པ་ཤ་སྟག་རེད། ཕྲུ་གུའི་ཕ་ཁུ་དགོན་བདག་ཡིན་པའི་རྐྱེན་གྱིས་ཁྲི་འདོན་མཛད་སྒོ་ནི་ལས་སླ་རུ་སོང་ཡོད་རེད། བླ་མ་དང་ ཨ་མ་ ཕྲུ་གུ་སོགས་སྐུ་འཁོར་ཡོངས་བརྫོགས་གཙུག་ལག་ཁང་གི་ལྡིང་ཆ་མཐོ་ཤོས་སྟེང་གི་མི་སྣ་རེད། ཡབ་ཡུམ་གཉིས་ཀྱིས་ཕྲུ་གུ་བསྐྱོར་ནས་གསེར་ཁྲིའི་སྒང་དེར་བཞགས་ནས་དགོན་པའི་ནང་གི་ཐོས་བསམ་སློབ་གཉེར་བྱེད་མཁན་ཚོར་མཇལ་དར་སྒྲོན་བཅུག་གི་ཡོད་པ་དང་། ཞོར་ལ་དཔར་གཉེར་མི་སྣའི་སྐུ་འཁོར་ཡོངས་བརྫོགས་འདྲ་པར་སྐྱོན་གྱི་ཡོད་རེད། ཁོང་ཚོའི་དམིགས་ཡུལ་ནི་སྲིད་དེ་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་བསྒྲག་ཡགས་པོ་འགྲོ་བའི་ཆེད་དུ་རེད། མཇལ་དར་སྒྲོན་མཁན་ཚོ་ཡང་སྐུ་སྔོན་མའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་དྲན་པས་དད་པ་དང་མོས་གུས་ཆེ་དྲག་པས་མ་ཡིན་པར། སོ་སོའི་དཔར་འབྱོར་འབྲེལ་ལམ་དང་། ཡང་ན་སྒྲིག་གཞི་གཞན་ཞིག་གི་ཆེད་དུ་ཡིན། དཔེར་ན་ཕོ་མོ་གཉེན་སྒྲིག་སྐབས་སུ་མག་པ་དང་བག་མ་གཉིས་ལ་ཇ་ནོམ་གྱི་མཆོད་པས་མཉེས་པར་བྱེད་ཀྱི་ཡོད་པ་དང་། མི་རིགས་སོ་སོའི་ཡུལ་སྲོལ་དང་མཐུན་པའི་རྟེན་འབྲེལ་མཛད་སྒོ་བྱེད་ཀྱི་ཡོད་པ་དེ་ཡང་དད་པ་དང་མོས་གུས་ཀྱིས་མ་ཡིན་པར་ཕན་ཚུན་བར་དཔལ་འབྱོར་འབྲེལ་ལམ་དང་ཉེ་འབྲེལ་འབྲེལ་ལམ་གྱི་ཆེད་ཙམ་རེད། བྱས་ཙང་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་འདིའང་དེ་ག་རང་ཡིན་སྲིད་པས་་ནི་མ་འོངས་རྒྱལ་སྤྱིའི་ནང་ཕན་པ་ལས་གནོད་པ་ཆེ་བར་འོང་བའི་དོགས་གཞི་དང་སྔངས་་སྐྲག་ཁོ་ན་ལས་་མ་འདས།
    སོང་ཙང་རང་ངོས་ནས་བཤད་ན་ཡང་སྲིད་ཕེབ་རྒྱུའི་རེ་བ་ལས་ཟློག་སྟེ། མིའི་སྤྱི་་ཚོགས་འདི་ཕྱི་གསལ་ནང་གསལ་ཡང་དག་ཞིག་ཆགས་ཐུབ་པའི་རེ་བ་ཡོད།
    མཇུག་མཐར་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག །།།།

    Reply
  3. ཤིང་ལོ། says:
    ལོ་ 13 སྔོན།

    ཡང་ཡང་སྲིད་ན་སྲིད་པའི་ཁོ་ལག་རྒྱས།།
    རྩ་བ་བདག་གཞན་བླ་སློབ་ཀུན་ལ་ཐུག།
    ཆོས་མེད་དད་མེད་འདྲེས་པ་བཙོག་པའི་ཆུ།།
    མ་ཡིན་གཞན་སྟོང་བསྟན་པའི་གཙང་བོ་རྒྱས།།

    Reply
  4. བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་པ་གཞིས་ཆགས་མགོ་བདེ་དེ་ཚོས་སྐྱག་སྤྲུལ་བཟོས་པ་རེད། ཞབས་འདྲེན་དེ་ལ་ལྟོས་ཡ།་་་གཤམ་གྱི་དྲ་ཐག་ནང་ན་ཡོད་རེད

    http://www.youtube.com/watch?v=z5Ka3bEN1rs&feature=related

    Reply
  5. བཀྲ་ཤིས། says:
    ལོ་ 13 སྔོན།

    ཡང་སྲིད་མིག་གི་མི་མཐོང་གི་སྨོན་ལམ་ཐོབ སྐྱག་རྫུན་སྐྱག་ནག་ཡིན་ནི་རེད། གཞིས་ཆགས་དེ་ཚོས་མི་ཚང་མ་མགོ་སྐོར་གཏོང་ནས་ཡང་སྲིད་བཟོས་། ཞབས་འདྲེན་གནམ་ས་ལ་མི་ཤོངས་བ་བཟོས་ཡོད།

    ཀ་ལི་རིན་པོ་ཆེའི་ཡང་སྲིད་ཀྱི་ལོ་རྒྱུས་ལ་ལྟོས།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    དེང་སང་ཡང་སྲིད་ཟེར་བའི་ཚིག་དེ་མཐོང་ཡོད་དུས་རང་བཞིན་དུ་སེམས་ལ་འཇིགས་སྣང་རེ་སྐྱེ་ཡོང་གི་འདུག
    མཚམས་རེ་ཡང་སྲིད་དང་སྤྲུལ་སྐུ་ཟེར་བ་འདི་ཚོ་འདུག་ས་མཐོ་དམན་དང་ང་ཆེ་ཁྱོད་བཙན་རྩོད་ནས་འཛམ་གླིང་དམགས་ཆེན་གསུམ་པ་ཞིག་མི་བསླངས་པའི་ངེས་པ་མི་འདུག་བསམ་ནས་རང་བཞིན་དུ་སྐྲག་གི་འདུག
    ༧རྒྱལ་བ་ཇོ་ནང་གི་བསྟན་པའི་བདག་པོ་རིན་པོ་ཆེ་ཁོང་ལྟ་བུ་ལ་ཆ་མཚོན་ན་རྙོག་གླེང་གང་ཡང་མེད་པའི་བླ་ཆེན་ཞིག་རེད།
    ང་ལྟ་བུ་ལ་ཆ་མཚོན་ན་སྤྱི་སྟངས་བོད་ཀྱི་ཡང་སྲིད་ལམ་ལུགས་ལ་རེ་བ་རྫོགས་སོང་བ་ཞིག་ཡིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་སྨོན་འདུན་དང་།

    ཇོ་ནང་ཆོས་འབྱུང་ཟླ་སྒྲོན་ལས།

    རྒྱལ་བའི་ལུང་བསྟན་ཇོ་ནང་ཀུན་མཁྱེན་དོལ་པོ་རྗེ་༡། །
    ཆོས་གྲགས་༢བློ་དཔལ་༣ས་བཟང་༤མ་ཎི༥ཞིང་སྟོན༥དང་། །
    ཐང་ཆེན་༧སྨན་ཆུ་༨རིན་ཚུལ་༩གྷ་རུང་༡༠ཕུན་ཚོགས་དཔལ་༡༡། །
    ཐང་ཆུང་༡༢ཕྱོགས་རྒྱལ་༡༣ཉ་དབོན༡༤མཚན་མིན་༡༥བཅོ་ལྔ་འོ། །

    ཞེས་གསུངས་པ་ལྟར་དཔལ་ཇོ་ནང་པའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese