མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་སློབ་འབྲིང་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཕུར་བའི་ཉིན་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་ཁུལ་འབའ་རྫོང་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་། ས་གནས་མང་ཚོགས་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་གནང་སྟེ་ཉིན་དེའི་ཕྱི་དྲོར་རྒྱ་གཞུང་གིས་ཤིང་ཁྲི་དགོན་པའི་དགེ་འདུན་པ་ ༥༠ ཙམ་འཛིན་བཟུང་བྱས་ཡོད་སྟབས། ཁ་སང་ས་གནས་མང་ཚོགས་ ༢༠༠༠ ལྷག་གིས་རྫོང་སྲིད་གཞུང་མདུན་དུ་ངོ་རྒོལ་སྐད་འབོད་དང་།  
འབའ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་སྐད་འབོད་རྒྱག་གཞིན་རྫོང་ཐོག་ཏུ་སྐྱོད་པའི་ལམ་བར་ནས་དམག་གིས་བཀག་ཡོད་པ་དང་། ད་ཆར་སློབ་མ་རྣམས་སོ་སོའི་ཁྱིམ་ལ་བཏང་སྟེ་སློབ་གྲྭ་སྒོ་བརྒྱབ་ཡོད་འདུག  

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཚེས་ ༡༥ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གད་པ་སུམ་མདོའམ་འབའ་རྫོང་(ཐུན་ཏེ)ཤིང་ཁྲི་དགོན་པའི་དགེ་འདུན་པ་གྲངས་ ༡༥༠ ནས་ ༢༠༠ ཙམ་གྱིས་ཞོགས་པའི་ཆུ་ཚོད་ ༦ པ་ཙམ་དུ་དབུ་བཙུགས་ཏེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་བསྐྱོད་དེ། བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ངོ་རྒོལ་དེའི་ཁྲོད་ས་གནས་མང་ཚོགས་ཀྱང་ ༡༠༠༠ ཙམ་ཞིག་མཉམ་ཞུགས་བྱས་ཡོད་འདུག 

སྐབས་དེར་ས་གནས་དཔོིན་རིགས་ཚོས་ཞི་འཇམ་ཡོང་དགོས་ཚུལ་བཤད་དེ། དགེ་འདུན་པ་རྣམས་ཕྱིར་ས་གནས་སུ་ལོག་བཅུག་ཡོད་ཀྱང་། ཕྱི་དྲོར་ཉེན་རྟོག་པས་དགེ་འདུན་པ་ ༥༠ ཙམ་འཛིན་བཟུང་བྱས་པར་བརྟེན། ཕྱི་ཚེས་ ༡༦ ཉིན་མང་ཚོགས་ ༢༠༠༠ ཙམ་རྫོང་སྲིད་གཞུང་མདུན་ལ་འཛོམས་ཏེ་ཚེས་ ༡༥ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་ཚོ་ཀློད་གྲོལ་གཏོང་དགོས་པ་དང་། བོད་ལ་རང་དབང་དགོས། སྐད་ཡིག་འདྲ་མཉམ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་འདུག 

ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་རྫོང་སྲིད་གཞུང་གི་དཔོན་རིགས་ཚོས་མང་ཚོགས་ལ་གཏམ་བཤད་བྱས་ཏེ། མང་ཚོགས་རྣམས་རང་ཁྱིམ་དུ་ཕྱིར་ལོག་དགོས་པ་དང་། གཞུང་ཕྱོགས་ནས་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། མང་ཚོགས་ངོས་ནས་གལ་ཏེ་ལུགས་མཐུན་གྱི་ཐག་གཅོད་མ་བྱས་ན་མུ་མཐུད་ངོ་རྒོལ་སྐད་འབོད་བྱ་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་ཏེ་ད་ལྟ་འུར་ཟིང་གི་རྣམ་པ་ཆེས་ཛ་དྲག་ཆགས་ཡོད་འདུག  

ཤིང་ཁྲི་དགོན་པའི་འདུན་པ་འཛིན་བཟུང་གི་དོན་རྐྱེན་དེ་ལ་བརྟེན་ཏེ། ཁ་སང་ཕྱི་ཚེས་ ༡༦ ཉིན་འབའ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་སློབ་གྲྭའི་ནང་ནས་མགོ་བཙུགས་ཏེ། སྐད་ཡིག་འདྲ་མཉམ་དང་མི་རིགས་ལ་རང་དབང་དགོས་པའི་སྐད་འབོད་རྒྱག་བཞིན་རྫོང་ཐོག་ཏུ་སྐྱོད་པའི་ལམ་བར་རྫོང་གི་བཤས་རྭའི་མདུན་དུ་དམག་མིས་བཀག་སྟེ་རྫོང་ཐོག་ཏུ་བཏང་མེད་པ་དང་། ད་ལྟ་ཟི་ལིང་ནས་འབའ་རྫོང་ཕྱོགས་སུ་དམག་མིའི་རླངས་འཁོར་མང་པོ་འབྱོར་ཏེ། མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཕྱིར་རང་ཡུལ་དུ་ལོག་བཅུག་ཡོད་པ་མ་ཟད། སློབ་གྲྭ་ཡང་སྒོ་བརྒྱབ་ཡོད་འདུག  

གད་པ་སུམ་མདོ་འམ་འབའ་རྫོང་མི་རིགས་སློབ་འབྲིང་ནི་ ༡༩༧༦ ལོར་བཙུགས་ཤིང་། ད་ལྟ་སློབ་གྲྭ་དེར་བསྡོམས་སློབ་མ་ ༦༦༦ ཡོད་འདུག

གནས་ཚུལ་གཏོང་མཁན། འབའ་རྫོང་གངས་མྱིག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 10

  1. རྒྱ་གར་ཏིག་ཏ། says:
    ལོ་ 14 སྔོན།

    མང་ཚོགས་ཚོ་ནམ་རྒྱུན་སློབ་ཕྲུག་དག་གི་རྒྱབ་ན་ལངས་འདུག ངོ་མ་གཟི་བརྗིད་རེད་ཡ།

    Reply
  2. སྨྱུག་མདའ། says:
    ལོ་ 14 སྔོན།

    དེ་རིང་ཕ་ཡུལ་འབའ་རྫོང་གྱི་སློབ་རའི་སྒོ་བརྒྱབ་ན་ཡང་སློབ་བུ་ཚོས་སེམས་ཁུང་གི་ལ་རྒྱ་དང་སྙིང་སྟོབས་སྒོ་རྒྱག་མི་ཐུབ་བ་ཞིག་རེད།

    Reply
  3. སྨྱུག་མདའ། says:
    ལོ་ 14 སྔོན།

    དེ་རིང་ཕ་ཡུལ་འབའ་རྫོང་གྱི་སློབ་རའི་སྒོ་ཆེན་བརྒྱབ་ན་ཡང་སློབ་བུ་ཚོས་སེམས་ཁུང་གི་ལ་རྒྱ་དང་སྙིང་སྟོབས་དུས་གཏན་ཏུ་རྒྱག་མི་ཐུབ་བ་ཞིག་རེད།ཕ་ཡུལ་འབའ་རྫོང་གྱི་ཡུལ་མི་ཚོས་བཙན་པོ་སྙིང་སྟོབས་་མངོན་པ་འདི་འཁྱམས་པོ་ངའི་བཀའ་དྲིན་གྲངས་མེད་ཞུ།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    སློབ་གྲྭའི་སྒོ་རྒྱག་ཐུབ་ནའང་བསམ་བློའི་སྒོ་གཏན་ནས་རྒྱག་མི་ཐུབ། སློབ་ཕྲུག་ཚོས་ཀྲུང་ཧ་མོས་རྒྱལ་གྱི་སྐད་ཡིག་བཤད་ཀྱི་ཡོད་པ་ལས། རྒྱ་མགོ་གཅོད་རྒྱུ་ལབ་ཀྱི་མི་འདུག

    Reply
  5. རྟ་མགྲིན། says:
    ལོ་ 14 སྔོན།

    དགོངས་དག དེང་སྐབས་སེམས་ཁམས་འཁྲུགས་ཏེ་ཡི་གེ་ཡང་ཅི་གཏགས་འདི་གཏགས་མི་འདུག བོད་མི་དྲུག་བརྒྱ་མ་རེད། བོད་མི་ཁྲི་དྲུག་བརྒྱ་གསད་ཚར་རྒྱུ་མ་རེད།ཅེས་པ་ཡིན།

    Reply
  6. རྟ་མགྲིན། says:
    ལོ་ 14 སྔོན།

    འབའ་སྲས་ཤོད་པ་བདེན། ད་ལྟ་ངེད་ནས་རྫོང་ཐོག་དང་རོང་འབྲོག་གི་ཁྱིམ་ཚང་བཅུ་དྲུག་ཙམ་གྱི་ནང་ཁ་པར་བརྒྱུད་འབྲེལ་བྱས་ཀྱང་། འབྲེལ་བ་གཏན་ནས་བྱེད་ཐུབ་ཀྱི་མི་འདུག རྒྱ་གཞུང་ཚང་གི་ཚང་མ་མུན་སྒམ་བཀོལ་སྤྱོད་བྱེད་བཞིན་པ་རེད། ཡིན་ནའང་བོད་མི་དྲུག་བརྒྱ་གསོད་ཚར་རྒྱུ་མ་རེད།

    Reply
  7. འབའ་སྲས། says:
    ལོ་ 14 སྔོན།

    ང་ནི་སློབ་གྲྭ་འདི་ཐོག་མར་བཙུགས་པའི་ལོ་ཡི་སློབ་མ་དང་པོའི་གྲས་ཡིན། གནས་ཚུལ་འདི་ཐོས་མ་ཐག་ངས་ཕ་ཡུལ་ལ་ཁ་པར་ཐེངས་མང་བཏང་ཡང་ཁ་པར་ཚང་མའི་སྒོ་བརྒྱབས་འདུག

    Reply
  8. བདེ་རྒྱལ། says:
    ལོ་ 14 སྔོན།

    ཉིན་རེ་ནས་ཉིན་རེར་སེམས་འཚབ་ནས་འདུག་ཐབས་ཤིག་མི་འདུག དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། རྒྱལ་བསྟན་ལ་ཁའི་གྲིབ་སོའི་དུས་མཚམས་འདིར།།
    ཐུགས་རྗེ་མ་ཡལ་གངས་ཅན་བོད་ལ་གཟིགས།། ཉམ་ཐག་བོད་ཀྱི་མདུན་མའི་ལམ་སྣ་དྲོངས།།

    Reply
  9. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    བྱ་འདི་ད་ཅི་ཞིག་བྱེད་རེ། ངོ་མ་ད་ཡིན་ན།

    Reply
  10. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    བཟང་གི. ད་ནི་ཉིན་རེ་བཞིན་དུས་ཡུན་ཅུང་ཙམ་རིང། ་གྲོང་སྡེ་སོ་སོའི་ནང་གི་སྤྱི་ཁང་ངམ་ཚོགས་ས་དག་ལ་འཛོམས་ཏེ། ་རིག་གསར་དང་མི་བཞི་ཤོག་ཁག་རོ་ལང་བརྒྱབ་མི་ཆོག ཀྲུང་ཨུ་ཚང་འཛོམས་༡༡ པས་གཏན་ཕབ་ཁྲིམས་ཡིག་ལ་བསྒྱུར་བཅས་མི་ཆོག. རྒྱལ་ཁབ་ཀྱི་ཁྲིམས་ཡིག་གཏན་འབེབ་ནི་ལག་སྟར་དང་སྤྱི་དམངས་ཚང་མའི་ཁེ་ཕན་དུ་ཡིན. རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས།
    ཞེས་ཡོངས་སུ་ལང་དགོས། འོན་ཀྱང་ཁྲོམ་གཞུང་ཆེ་ཁག་ལ་མ་ཕེབ་ན་བཞང་ངོ།། གཞན་སྡེ་བ་ཐམས་ཅད་ལྷན་དུ་འང་མ་འཛོམས་ན་བཟང་ངོ་སྙམས་སོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese