མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་མར་མེ་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་ས་གནས་མགོ་འཛིན་གྱི་གོ་སྒྲིག་འོག མདང་དགོང་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་། བཞུཊ་སྒར་ངྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་མི་སེར་སྐྱ་ ༢༠༠ ཙམ་འདུ་འཛོམས་ཐོག འདས་པའི་ཉིན་གཉིས་རིང་མདོ་སྨད་རྔ་པ་དང་རེབ་ གོང་ཁུལ་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཁོང་རྣམ་པའི་སྐུ་པར་འཕྱར་ཏེ་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་མེར་མེ་ཁྲོམ་སྐོར་ཞིག་གནང་སོང་།

མཇུག་སྡོམ་མཛད་སྒོའི་ཐོག་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས། ཁ་སང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བརྒྱུད་རིམ་དང་། ད་ལྟའི་རྔ་པ་དགོན་གྲོང་གཉིས་ཀྱི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་ཡོད་ལ། དེའི་རྗེས། འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་པ་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ཀྱིས། རེབ་གོང་ཁུལ་དུ་རང་ལུས་མེར་བསྲེགས་བཏང་བའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་དང་། མི་སྐྱ་བསོད་ནམས་དར་རྒྱས་ལགས་གཉིས་ཀྱི་གནས་སྟངས་དང་། ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་སོགས་ངོ་སྤྲོད་གནང་སོང་།

མཇུག་ཏུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས། དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་རྒྱལ་ས་ལྷ་ས་དང་གདན་ས་སེ་འབྲས་དགེ་གསུམ་གྱི་དྲག་གནོན་སྲིད་བྱུས་སྐོར་ཞིབ་ཕྲར་ངོ་སྤྲོད་གནང་སོང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༩ སྔོན་ལ།
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 4

  1. འཇིག་རྟེན་ says:
    ལོ་ 14 སྔོན།

    མར་མེ་ཁྲོམ་སྐོར་ཞིག་གིས།།བདེན་པའི་མཐའ་དོན་མི་སེལ།།སྐུ་ངོ་ཕེབས་ཐེང་ཅིག་གིས།།གདུང་སེམས་མཉམ་པ་མི་མཚོན།།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    མར་མེ་ཁྲོམ་ནས་བསྐོར་ན།།
    མེ་ལྕེ་བོད་ནས་མཆེད་གི།།
    བྱང་ཆུབ་སེམས་མཆོག་བསྐྱོར་ན།།
    བྱང་ཕྱོགས་བོད་ནས་ངུ་གི།།

    Reply
  3. རྒྱ་གར་ཏིག་ཏ། says:
    ལོ་ 14 སྔོན།

    ཁྱེད་ཅག་ཚོའི་སྙིང་སྟོབས་ལ་སྔགས་བརྗོད་ཡོད།

    Reply
  4. མི་རབས་གསར་པ་ says:
    ལོ་ 14 སྔོན།

    མར་མེ་ཁྲོམ་བྱེད་པ་ཐུགས་རྗེ་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese