རྒྱ་གཞུང་གིས་ཟླ་སྔོན་མའི་ནང་ཁམས་ནང་ཆེན་རྫོང་གི་གླུ་བ་ཨོ་རྒྱན་བསྟན་འཛིན་ལགས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ པའི་ཟླ་དཀྱིལ་དུ་ཁམས་ནང་ཆེན་རྫོང་གི་གླུ་བ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་འགྲེམས་སྤེལ་བྱས་པའི་ཆེད་བསྒྲིགས་འོད་སྡེར་༼སྙིང་ཁྲག་གི་བཞུར་རྒྱུན༽ཞེས་པའི་ནང་། ༸གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་བཅས་ལ་བསྟོད་གླུ་དང་། ཆབ་སྲིད་དང་འབྲེལ་བའི་གླུ་གཞས་བཏང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡ་མ་ཤེས་པར་ལྷག་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་ཨེ་ཤ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་པ་ལྟར་ན། གླུ་བ་ཨོ་རྒྱན་བསྟན་འཛིན་ལགས་འཛིན་བཟུང་མ་བྱས་པའི་ཡར་སྔོན་དུ་བཤག་བཅོས་བྱས་ཏེ་དྲག་སྐྱེད་བྱུང་མེད་པ་དང་། ཉེ་ལམ་ཉེན་རྟོག་མི་སྣ་ཞིག་བརྒྱུད་དེ་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་འདུག
གཞས་ཚིག་རེ་ཟུང་དང་ཡང་ན་གཞས་ཚིག་རེ་ཟུང་གི་ནང་དོན་ཤེས་རྟོག་ཐུབ་ན་ལེགས་པས་་་
གླུ་སྙན་མོ་འཚོ་བའི་མངར་ཁ་ཡིན།།
དེའི་མི་ཚད་མི་ཡི་ཞི་བདེ་ཡིན།།
གླུ་སྙན་མོ་གོ་རྒྱུ་མེད་སོང་ན།།
རྣ་ཡོད་ཀྱང་འགྱིག་ཤོག་ལེབ་ལེབ་ཡིན།།
མྱ་ངན་ཞུ།