ཁ་སང་གཟའ་པ་སངས་ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འཛིན་སྐྱོང་བཀའ་ཤག་གིས་ལྷན་ཚོགས་ཀྱི་རྒྱུན་གྲོན་བཀག་འགོག་བྱས་པར་བློ་ཕམ་དང་། བོད་ཀྱི་རིག་གནས་དང་གསོ་བ་རིག་པའི་ལས་དོན་ལ་ཆེ་མཐོང་དང་རྒྱབ་སྐྱོར་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར།
ཟླ་འདིའི་ཕྱི་ཚེས་ ༢ ནས་ ༦ བར་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་བདུན་པ་ཚོགས་ཡོད་པ་ལྟར། ཁ་སང་ཚོགས་འདུའི་ཉིན་མཐའ་མར་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ཚེ་རིང་ཐག་གཅོད་དང་། ཚོགས་གཞོན་སྨན་རམས་པ་བསོད་ནམས་སྒྲོལ་མ། དྲུང་ཆེ་སྨན་རྩིས་པ་བསོད་ནམས་རིན་ཆེན། གཞན་ཡང་། བོན་གྱི་འཐུས་མི་སྨན་པ་ཐོགས་མེད། ཁ་འཐོར་སྨན་པའམ་སྒེར་བའི་འཐུས་མི་སྨན་པ་རྡོ་རྗེ་དབང་ཕྱུག་དང་སྨན་པ་ཚེ་རིང་མཚམས་གཅོད་བཅས་ལྷན་འཛོམས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་གྲོས་ཚོགས་ནང་དམིགས་བསལ་ཁྲིམས་ཡིག་གཏན་འབེབས་བྱས་ཏེ་གྲུབ་པའི་ཚོགས་པ་ཞིག་ཆགས་ཡོད་སྟབས། གཞུང་གི་ལས་ཁུངས་ཀྱི་གྲས་སུ་བསླེབས་དགོས་ཀྱི་ཡོད་པ་རེད། དེ་བཞིན། སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་རིམ་པའི་ཐོག་སྤྱི་མོས་བྱུང་པ་ལྟར་མུ་མཐུད་གཞུང་གི་རྒྱབ་སྐྱོར་དང་། ལྷན་ཚོགས་ཀྱི་རྒྱུན་གྲོན་དང་འགྲོ་སོང་ཆ་ཚང་ལ་མཐུན་རྐྱེན་སྦྱོར་དགོས་པའི་སྐོར་སྤྱི་འཐུས་རྣམ་པར་ཞུས་ཡོད་ཀྱང་། ད་ལྟའི་ཆར་ཡང་རང་སྐྱོང་གི་ངོ་བོར་བཞག་སྟེ་གཞུང་གིས་རོགས་དངུལ་ཕྲན་བུ་ལས་སྤྲོད་ཀྱི་མེད་པར་བརྟེན། ཚོགས་པའི་ལས་དོན་དང་མ་དངུལ་འཚོལ་བསྡུ་སོགས་ཀྱང་ཚོགས་མི་རང་ངོས་ནས་འབད་སྒྲུབ་གནང་བཞིན་ཡོད་ལ། ལྷན་ཚོགས་ཀྱི་ཚོགས་མི་མང་ཆེ་བའང་ཞོར་ལས་གྱི་ངོ་བོ་ལྟ་བུ་བསྡད་ཡོད་པ་རེད། སྨན་པའི་ལྷན་ཚོགས་བཙུགས་ནས་ད་ལྟའི་བར་རྒྱུན་ལས་སྐབས་གསུམ་ཕྱིན་ཡོད་ལ། དེ་སྔོན་ལྷན་ཚོགས་ཀྱི་དུས་ཡུན་ལོ་ ༣ ཡིན་ཡང་། སྐབས་རྗེས་མ་ནས་བཟུང་དུས་ཡུན་ལོ་ ༥ དང་། ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ལས་མི་གང་རུང་གཉིས་ནམ་རྒྱུན་ལས་ཁུངས་ནང་བསྡད་དེ་ལྷན་ཚོགས་ཀྱི་ལས་ཀ་བྱེད་དགོས་པའི་གཏན་འབེབས་བཟོས་ཡོད་འདུག
སྨན་པའི་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཐོག ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་ཀྱིས་སྔོན་ཆད་ལྷན་ཚོགས་ཀྱི་རྒྱུན་གྲོན་ལ་འབུམ་ ༦ འགྲོ་བཞིན་ཡོད་ཀྱང་། སྔར་ལོའི་ཕྱི་ཟླ་ ༤ ནས་ད་ལྟའི་བར་རྒྱུན་གྲོན་འབུམ་ ༩ ལྷག་ཆས་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྔོན་མ་ཁྲི་བཅུ་གཉིས་ལྷག་ (༡༢༥༠༠༠ ) ལས་ཕུལ་མེད་སྟབས། ཕྱིས་སུ་ལྷན་ཚོགས་ཀྱི་ངོས་ནས་ཐེངས་མང་སྙན་གསན་ཞུས་མཐར་ཁྲི་ ༢༥ ་ལ་སྤར་ཡོད་པའི་སྐོར་གསལ་བཤད་དང་སྦྲགས། ཁོང་གིས “ད་ལོ་སྔར་ལས་ལྷག་པའི་འགྲོ་སོང་ཡོད་ཀྱང་། བཀའ་ཤག་གི་ངོས་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་བཀའ་འཁྲོལ་གནང་ཡོད་པ་མ་རེད། གནད་དོན་འདིའི་ཐོག་སྐབས་སུ་བབ་པའི་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཀྱང་། ལྷན་ཚོགས་ཀྱི་རྒྱུན་གྲོན་དང་དཀའ་ངལ་གང་འདྲ་ཞིག་ཡོད་པ་མཁྱེན་ཡོད་བཞིན་དུ་ཐག་གཅོད་གནང་བ་དེར་བློ་ཕམ་ཡོད་ལ། ང་ཚོའི་ངོས་ནས་རིག་གཞུང་ལ་ཆེ་མཐོང་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ལྟའི་ཆར་ང་ཚོར་ལས་གཞི་དང་རྒྱུན་གྲོན་གྱི་ཐོག་ནས་དཀའ་ངལ་བྱུང་གི་ཡོད་སྟབས། དངུལ་གྱི་འགྲོ་གྲོན་གྱི་ཐད་ནས་སྨན་རྩིས་ཁང་ལ་རེ་བ་རྒྱག་གི་ཡོད།” ཅེས་བརྗོད་སོང་།
༢༠༡༠ ཕྱི་ཟླ་ ༨ ཚེས་ ༣༠ ཉིན་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནང་བོད་ཀྱི་གསོ་བ་རིག་པ་ངོས་བཞེས་ཐོབ་སྟེ། རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་ཐོག་ཕྱག་ལས་གནང་མཁན་ཚོར་སྔར་མེད་ཀྱི་གོ་སྐབས་ལེགས་པོ་ཞིག་ཐོབ་ཡོད་ཀྱང་། སྤྱི་ཚོགས་ནང་སྐབས་རེར་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད་བོད་ཀྱི་གསོ་བ་རིག་པའི་མིང་ཁྱེར་ཏེ་ཚོང་འདྲ་མིན་རྒྱག་མཁན་ཡོང་གི་ཡོད་སྟབས། སྨན་པའི་ལྷན་ཚོགས་ཀྱིས་གནད་དོན་དེ་རིགས་སྔོན་འགོག་ཆེད། ལྷན་ཚོགས་ཀྱི་ངོས་ནས་བོད་སྨན་རྣམས་ལ་དུས་བཀག་ངེས་མེད་ཀྱི་ཕྱག་འཁྱེར་ཞིག་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་བསྐྱར་ཞིབ་ཀྱིས་དུས་ཡུན་ལོ་ ༣ བཟོས་ཤིང་། ལོ་གསུམ་གྱི་རྗེས་སུ་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་མ་འགལ་ཚེ་ཕར་འགྱངས་བྱ་རྒྱུའི་སྒྲིག་གཞི་གཏན་འབེབས་བྱས་ཡོད་པ་མ་ཟད། ད་ལྟའི་བར་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ཐོག་ཟབ་སྦྱོང་ཐེངས་གསུམ་གོ་སྒྲིག་གནང་ཡོད་འདུག ཡིན་ནའང་། ད་ལྟའི་བར་སྨན་རྩིས་ཁང་གི་སྨན་སྦྱོར་མ་གཏོགས་གཞན་དག་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་རེད།
སྨན་སྦྱོར་དེབ་སྐྱེལ་གྱི་ཐད་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་ཀྱིས། “ཆེས་མཐོའི་སྨན་པའི་ལྷན་ཚོགས་འོག་ཡོད་ཀྱང་། དེབ་སྐྱེལ་མེད་པའི་ལྕགས་པོ་རིའི་མཐོ་སློབ་ཀྱི་སྨན་སྦྱོར་ཁང་དང་། ཝར་ནཱ་མཐོ་སློབ་ཀྱི་གསོ་རིག་སྡེ་ཚན་སྨན་སྦྱོང་ཁང་། ལ་དྭགས་ནང་པའི་མཚན་ཉིད་སློབ་གྲྭའི་སྨན་སྦྱོར་ཁང་བཅས་ཀྱིས། ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༥ ནང་ཚུད་དེབ་སྐྱེལ་ངེས་པར་བྱ་རྒྱུ་དང་། སྒེར་བ་བོད་སྨན་སྦྱོར་བཟོ་གནང་མཁན་ཚོས་ཀྱང་ ༢༠༡༢ ཟླ་ ༧ པའི་ཚེས་ ༡༥ ནང་ཚུད་ལ་དེབ་སྐྱེལ་བྱ་དགོས་པའི་གསལ་བསྒྲགས་གནང་ཡོད། གལ་སྲིད། དུས་བཀག་ནང་དེབ་སྐྱེལ་མ་གནང་བ་ཡིན་ན། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་ ༩ པ་ངོས་ལེན་མ་བྱས་པའི་ངོས་འཛིན་ཐོག་གྲོས་ཚོགས་ལ་སྙན་སེང་ཞུ་རྒྱུ་ཡིན།” ཞེས་བརྗོད་ཡོད་པ་རེད།
༢༠༡༢ ནས་ ༢༠༡༧ ལོའི་བར་རྒྱ་གར་གཞུང་གིས་སྨན་ལུགས་མི་འདྲ་བ་ཁག་གི་ཐད་ལ་གྲོན་དངུལ་གཏོང་བའི་ལས་འཆར་སྒྲིག་གི་ཡོད་པ་ལྟར། རྒྱ་གར་གཞུང་གིས་རྒྱལ་ཡོངས་གསོ་བ་རིག་པའི་བསྟི་གནས་ཁང་གསར་འཛུགས་ཆེད་ཧིན་སྒོར་བྱེ་བ་ ༡༠༠ བཏང་ཡོད་སྟབས། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ངོས་ཀྱང་ནས་ཧིན་སྒོར་བྱེ་བ་ ༥༠ ནི་ལོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་ཉམས་ཞིབ་ཀྱི་ཐོག་ལ་གཏོང་གནང་ཡོང་བའི་ལས་འཆར་སྒྲིག་ཡོད་པ་མ་ཟད། ལོ་འདིའི་ནང་སྨན་པའི་ཤེས་ཡོན་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་བཞི་གོ་སྒྲིག་བྱ་འཆར་ཡོད་པའི་ཁྲོད། ཟབ་སྦྱོང་ཐེངས་དང་པོ་ཕྱི་ཟླ་ ༧ ནང་ལ་དྭགས་སུ་གོ་སྒྲིག་དང་། ཐེངས་གཉིས་པ་ཕྱི་ཟླ་ ༡༠ ནང་རྡོར་རྗེ་གླིང་དུ་གོ་སྒྲིག ཐེངས་གསུམ་པ་ ༢༠༡༣ ལོའི་ཕྱི་ཟླ་ ༡ ནང་ངྷ་རམ་ས་ལར་གོ་སྒྲིག ཐེངས་བཞི་པ་དུས་ཚོད་གཏན་འཁེལ་མེད་ཀྱང་བརྗོད་གཞི་དམིགས་བསལ་བ་ཞིག་གི་ཐོག་གོ་སྒྲིག་གནང་འཆར་ཡོད་འདུག
གཞན་ཡང་། ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༢༧ ནས་ ༢༩ བར་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་། བོད་གཞུང་སྨན་རྩིས་ཁང་། ལྕགས་པོ་རིའི་སློབ་གཉེར་ཁང་། ཝར་ནཱ་མཐོ་སློབ་གསོ་རིག་སྡེ་ཚན་བཅས་ཀྱི་མཉམ་རུབ་གོ་སྒྲིག་ཐོག རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་གཉིས་པ་ངྷ་རམ་ས་ལར་ཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུའི་མཛད་སྒོའི་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་ཞལ་བཞེས་ཐོབ་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་སྨན་པ་དང་། གསོ་རིག་ལས་དོན་ཐད་དོ་སྣང་ཅན་མང་པོ་ཞིག་འདུ་འཛོམས་བྱ་རྒྱུའི་འཆར་གཞི་ཡོད་འདུག
བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་ ༢༠༠༤ ལོའི་ཟླ་ ༡ ཚེས་ ༥ ཉིན་དབུ་བརྙེས་པ་དང་། ད་ལྟའི་ཆར་ལྷན་ཚོགས་འདིར་དེབ་སྐྱེལ་བྱས་པའི་སྨན་པ་གྲངས་ ༤༠༠ ཡོད་པའི་ཁྲོད། ༡༩༩༢ ལོའི་ཡར་སྔོན་ནས་སྨན་པའི་ཕྱག་ལས་གནང་མཁན་གྱི་ཡོངས་གྲགས་སྨན་པ་ ༡༤༠ དང་། སློབ་གྲྭ་ཁག་ཆ་ཚང་འགྲིམས་ཏེ་ཚད་ལྡན་གྱི་ལག་འཁྱེར་ཡོད་པའི་སྨན་པ་ ༢༥༣ ། རྒྱུན་འཛིན་སྨན་པ་ ༡༠ བཅས་ཡོད་པ་དང་། བོད་ཀྱི་སྨན་རྩིས་མཐོ་སློབ་དང་ལྕགས་པོ་རིའི་གསོ་རིག་མཐོ་སློབ། ཝར་ནཱ་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། ལ་དྭགས་ནང་པའི་མཚན་ཉིད་སློབ་གྲྭའི་ཁོངས་ཀྱི་གསོ་རིག་སྡེ་ཚན་བཅས་སྨན་པའི་སློབ་གཉེར་ཁང་བཞི་དང་། བོད་གཞུང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་བཅས་ལ་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལྟ་སྐྱོང་གནང་གི་ཡོད་འདུག
བོད་ནང་དུ་བོད་ལུགས་གསོ་རིག་སྨན་སྦྱོར་ཁང་ ༧༠ ལྷག་ཡོད་པའི་ཁྲོད་སྨན་སྦྱོར་ཁང་ ༤༠ རྒྱ་མིས་བདག་པོ་བརྒྱབ་ཚར་ཡོད་པ་དང་། ད་ལྟའི་ཆར་བོད་པའི་བདག་པོ་རྒྱག་བཞིན་པའི་སྨན་སྦྱོང་ཁང་ ༣༥ ཡོད་པ་རྣམས་ཀྱང་རྒྱ་མིས་ལག་ལ་འཆོར་ཉེན་གྱི་ཛ་དྲག་གི་གནས་བབ་འོག་ལྷག་ཡོད་འདུག
གསར་འགོད་པ། དོན་གོ།
ཡ་ད་དེང་སང་སྨན་པའི་ལྷན་ཚོགས་རླུང་སྨན་སེམས་ཀྱི་བདེ་སྐྱིད་བཞེས་ནས་རྣལ་དུ་འབྱོར་ཤག། ཀུ་རེ་ཞུས་ཡིན་ད།
འདི་ལྷན་ཚོགས་ནས་འཕྲོད་རྟེན་གྱི་ལམ་སྟོན་མཆན་སྤེལ་ཐུབ་ཚེ་མི་མང་ནས་བསྔགས་བརྗོད་དང་། མཛད་པ་རྒྱུན་དུ་བསྐྱང་པ་ངོས་འཛིན་བྱེད་སྲིད།།།།
མཁྱེན་རབ་ནོར་བུ་ལགས། ཁྱེད་ཀྱིས་ཡོ་རུབ་ལ་ཝི་ཟ་བཙོང་བའི་སྐོར་ནས་སྐད་ཆ་ཞིག་བཤད་འདུག ང་ལ་མཚོན་ན་མཐའ་གཅིག་ཏུ་བདེན་རྫུན་གང་ལའང་ངོས་ལེན་ཐུབ་ས་མ་རེད། ཡིན་ནའང་ཁྱེད་ཀྱིས་གསུང་བ་ལ་བལྟས་ན་བདེན་པ་འདྲ་ཞིག་མཐོང་། མི་ངན་ཐེར་འདོན་བྱེད་པའི་ཆེད་དུ་ཁྱེད་ཀྱིས་ཁ་གསལ་དུ་བཏང་ནས་གསུང་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེ་མིན་འདི་དག་ངན་པ་ལང་ཤོར་དུ་འགྲོ་གིན་འདུག
ཕྱི་རྒྱལ་ལ་མི་གཏོང་མཁན་དེ་སྨན་པའི་ལྷན་ཚོགས་ཡིན་ས་མ་རེད། སྦེང་ལོར་སྨན་རྩིས་ཁང་ཡིན་རབས་འདུག གནས་ཚུལ་དེ་བདེན་པ་ཡིན་ན་དངོས་གནས་གྲངས་གནས་ཞབས་འདྲེན་རེད། ཁྲིམས་ཐོག་ནས་ཞིབ་འཇུག་བྱེད་དགོས་པ་རེད།
དྲ་གྲོགས་འགའ་ཤས་ཤིག་གིས་དངོས་ཡོད་གནས་ཚུལ་མ་མཁྱེན་པར་གང་བྱུང་སྐད་ཆ་བཤད་བཞིན་འདུག སྨན་པའི་ལྷན་ཚོགས་ཟེར་བ་དེ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ནས་གཏན་འབེབས་བྱས་ཏེ་གཞུང་འབྲེལ་གྱིས་གྲུབ་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞིག་ཡིན་དེར་༸ གོང་ས་མཆོག་གིས་རྩ་ཆེའི་མཚན་རྟགས་འགོད་གནང་མཛད་པ་རེད།
ལྷན་ཚོགས་འདིའི་འོག་ནས་བོད་ཀྱི་རྩ་ཆེའི་རིན་ཐང་བྲལ་བའི་ནོར་བུ་གཉིས་པ་གསོ་བ་རིག་པའི་རིག་གཞུང་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་སྤྱི་སྒེར་བོད་སྨན་ཡོངས་ལ་བཏང་འཛིན་བྱེད་དང་མུ་མཐུད་འཕེལ་རྒྱས་ཡོང་རྒྱུའི་ལྷན་ཚོགས་ཤིག་ཆགས་ཡོད།
ལྷན་ཚོགས་འདི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཚོགས་པ་ཞིག་ཡིན་ན་ཡང་དཔལ་འབྱོར་ཀྱི་ཡོང་ཁུངས་གང་ཡང་མེད་སྟབས་ད་བར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་འོག་ནས་རྒྱུན་གྲོན་བཏང་གནང་བ་རེད།
ད་རེས་གྲོས་ཚོགས་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ནས་སྔོན་རྩིས་གཏན་འབེབས་སྐབས་རྒྱུན་གྲོན་བཀག་འགོག་བྱས་སྟབས། སྤྱི་མཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་འགས་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་མུ་མཐུད་གནང་དགོས་པའི་དགོངས་བཏོན་གནང་མཛད་དགོས་བྱུང་བ་དེར་ཚོགས་གཙོ་བློ་ཕམ་སྐྱེ་དགོས་པ་རང་བཞིན་གྱིས་ཆགས་པ་རེད།
དེ་མིན་སྨན་རྩིས་ཁང་དེར་མཚོན་༸ གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་འོག་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུ་གྲུ་ཁག་བཅས་ལ་བོད་སྨན་གྱིས་ཞབས་འདེབས་རླབས་ཆེན་ཞིག་བསྒྲུབས་དང་སྒྲུབ་བཞིན་འདུག ད་དུང་བཙན་བོད་མིའི་ནང་མཚོན་ན་ལོ་རེར་སྨན་རྩིས་ཁང་གིས་རིན་མེད་སྨན་སྦྱིན་ཁོ་ན་ཧིན་སྒཽར་འབུམ་༡༠༠ ནས་༢༠༠ བར་ལོ་རེར་གནང་བཞིན་འདུག
ད་དུང་སྨན་རྩིས་ཁང་གི་ཁེ་བབ་ཀྱི་རྒྱ་ཆ་ ༡༥ ཙམ་མ་དངུལ་ཧིན་སྒོར་འབུམ་ ༦༠ དང་༧༠ ཙམ་ཞིག་ལོ་ལྟར་བོད་གཞུང་ལ་ཡར་འབུལ་བཞིན་འདུག ད་དུང་བོད་རྩིས་ཁང་གི་སྨན་རྩིས་ལས་བྱེད་དང་བཅས་པ་༦༠༠ ལྷག་དང་དེ་དག་ནང་མིའི་འཚོ་བའི་མཐུན་རྐྱེན་ཡང་རང་མགོ་རང་མཐོན་གྱིས་ལེགས་བསྐྱེད་འབུལ་བཞུན་འདུག
བཀའ་ཁྲི་གསུངས་པ་ལྟར་སྨན་རྩིས་ཁང་འདི་ཡར་རྒྱས་རླབས་ཆེན་ཞིག་བཏང་ཐུབ་ཚེ་བཙན་བཅོལ་བོད་མི་ཡོངས་རྫོགས་ཀྱི་འཚོ་བའི་རྟེན་གཞི་ཡང་སྨན་རྩིས་གཅིག་པུས་གསོ་སྐྱོང་དང་ལྟ་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་པ་རེད།
གང་ཡིན་ཟེར་ན་བོད་ཀྱི་གསོ་རིག་སྨན་དང་། བོད་ཀྱི་སྐར་དཔྱད་རྩིས་རིག་གི་རིག་པའི་གཞུང་ལུགས་ཀྱི་རིན་ཐང་ནི་གཞལ་དུ་མེད་པའི་རྩ་ཆེའི་ནོར་བུ་ཞིག་ཆགས་ཡོད།
དེར་བརྟེན་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ནས་བཤད་ནས་བོད་ཀྱི་གསོ་རིག་དེ་ལ་ཆེ་མཐོང་དང་། ཡར་རྒྱས། གེང་འཇོག་བཅས་ངེས་པར་གནང་ཐུབ་པ་དགོས།
ད་ལྟའི་ཆར་རྒྱ་མིས་བོད་ནང་དུ་བོད་ཀྱི་གསོ་རིག་དེ་ལ་རིན་ཐང་ཞིག་ཡོད་པར་མཐོང་སྟེ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་བཞིན་འདུག
བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་དང་བཀའ་ཤག་གི་ངོས་ནས་བོད་ཀྱི་ནང་བསྟན་ཆོས་དང་། བོད་སྨན། བོད་ཀྱི་སྐར་རྩིས། བོད་ཀྱི་སྐད་ཡིག སྒྱུ་རྩལ་སོགས་རིག་གཞུང་ཐ་དག་ལ་དེང་འཇོག་དང་བརྩི་མཐོང་གིས་ཡར་རྒྱས་གཏོང་རྒྱུ་དང་རིས་མེད་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་ཞབས་འདེགས་རླབས་ཆན་ཞིག་བསྒྲུབ་ཐུབ་པར་དགོངས་བཞེད་གནང་དགོསཔ་དེ་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་གྱིས་གྲས་ཤིག་ཆགས་ཡོད་པ་རེད།
ད་ཐེངས་སྨན་ལྷན་ཀྱི་གནང་སྟངས་འདི་གསར་འགྱུར་འཁྲུག་ཤོས་གྲས་སུ་ཚུད་པ་དང་། དེར་སྤྱི་ཚོགས་སྟེང་གི་ཤེས་ལྡན་རྣམས་ནས་རང་གི་བསམ་ཚུལ་ལྷུག་པར་བརྗོད་པ་ལ་བརྟེན་ནས་སྨན་ལྷན་གྱི་མ་འོངས་པར་ལས་དོན་ཆེ་ཕྲ་ཆུང་གསུམ་གང་གནང་ཡང་བབ་བརླིང་བརྟན་གསུམ་བྱེད་དགོས་པའི་གལ་གནད་རང་བཞིན་མཁྱེན་རྟོགས་ཐུབ་པའི་རེ་བ་ཡོད། ཡོ་རོབ་སྤྱི་ཚོགས་སྟེང་ཡོངས་གྲགས་ཤིག་ནི་སྨན་པའི་ལྷན་ཚོགས་དང་། སྦེང་ལོར་སྨན་རྩིས་ཁང་། བུ་ཆུང་ལ་སོགས་མཉམ་སྦྲེལ་གྱི་སྨན་རྩིས་ཁང་གི་མིང་ཐོག་ནས་ཡོ་རོབ་ལ་མི་རེར་ཧིན་སྒོར་འབུམ་བརྒྱད་རེ་བླངས་ཏེ་མི་གཏོང་ནག་ཚོང་རྒྱག་བཞིན་ཡོད་པའི་གནས་ཚུལ་དེར་གསལ་བཤད་འདྲ་གནང་རྒྱུ་ཡོད་ན་གནང་རོགས་ཞུ་བཞིན་ཡོད།
གསལ་བཤད་ཀྱིས་ཚུལ་འཛིན་པ་ལ་ཐུགས་རྗེ་ཆེ་། རྗེ་སྲོལ་སྤྱི་བསྒྲགས་སྤེལ་སྐབས་སྔ་དྲོ་སྔ་ཙམ་ལྡང་ནས་གཉིད་ལེགས་པོ་གསོད་རྗེས་ཨ་ནི་གསུངས་སྐད་རྫིག་པོ་སྐྱོན་ཨང་དེ་སྐྱོན་བརྗོད་མིན། ཡར་རྒྱས་རྨོང་ཆགས་ཡིན།
དྲི་བ་ལ། སྨན་པའི་ལྷན་ཚོགས་ལགས་ནས་བཞི་པའི་བཅུ་ཉིན་མཆན་ནང་( ད་ལྟའི་འཆར་སྨན་སྦྱོར་བཟོ་གཅིག་པུ་མིན་པ་བོད་སྨན་ཚོང་གཉེར་བྱེད་བཞིན་པའི་སློབ་གྲྭ་ཞེས་བསྒྲགས་འདུག་པས་བྱེས་བོད་ནང་འདི་འདྲ་ཡོད་དམ། ཡོད་ཚེ་སུ་ཡིན་གསལ་བཤད་གཅིག་གནང་རོགས། དེ་ཁྱེད་རྣམས་འོས་འགན་རེད། བཀའ་ལན་ལ་བསུ་བ་ཞུ།།།།
རྒྱ་གར་གཞུང་གིས་གསོ་བ་རིག་པ་ཁྲིམས་ཐོག་ངོས་ལེན་བྱས་པ་དང་དུས་མཉམ་སྨན་པའི་ལྷན་ཚོགས་ཞེས་པའི་མིང་དེ་དེང་དང་པོ་གོ་ཐོས་བྱུང་། ལྷག་པར་ད་རེས་གསར་འགོད་གསལ་བསྒྲགས་དང་མཆན་འགོད་དག་བཀླག་རྗེས་ལྷན་ཚོགས་ཀྱི་ལས་དོན་ངོ་མ་གང་ཞིག་བྱ་གི་ཡོད་དམ་སྙམ་པའི་ཐེ་ཚོམས་བྱུང་ཡང་། ཁ་ཉིན་གསར་འགོད་གསལ་བསྒྲགས་ལས་འཕྲོས་པའི་གསལ་བཤད་རྒྱས་པོ་ཞིག་གནང་འདུག་པ་དེས་ཕྱི་གསལ་ནང་གསལ་ཆགས་སོང་བས་མཆན་བྲིས་མཁན་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རེས་ཀྱི་གནས་ཚུལ་འདིར་དཔེ་བྱས་ཏེ་རྗེས་མ་ནས་གཞུང་སྒེར་གྱི་ལས་དོན་གང་ཞིག་ཡིན་རུང་ཤིན་ཏུ་གསང་དགོས་ཁག་མ་གཏོགས་དེ་འདྲ་ཕྱི་གསལ་ནང་གསལ་བྱུང་ན་མི་མང་གི་གོ་རྟོགས་སེལ་ཐུབ་པ་མ་ཟད། མགོ་མ་ཚོད་པར་གང་བྱུང་མཆན་བཏབ་མཁན་རིགས་ལའང་ཕན་ཐོག་ཆེན་པོ་ཡོང་བ་འདུག
ངས་ད་བར་མཆན་མང་པོ་བཏབ་ཡིན། དུས་བབས་ཚང་གི་བཀོད་མི་འདུག་དངོས་ནས་ཡ་མཚན་རེད། གང་འདྲ་ཞིག་ལ་གསར་བགོད་རང་དབང་ངོས་འཛིན་གི་ཡོད་དམ། དུས་བབས་ཚང་ད་དུང་བསམ་བློ་རྙིང་ཕྱོགས་སུ་ཡོད་པ་རང་རྟགས་གསལ་པོ་འདུག། ཧ་ཧ་། དུས་བབས་ཚང་གི་འདི་འདྲའི་སྨན་པའི་ལྷན་ཚོགས་གྱིས་བྱ་ངན་ལ་བརྩེ་བ་ཡོད་པ་གང་ཡིན་ནམ།།།།།།
ཁ་སང་གསར་འགྱུར་ཀློག་སྐབས། སྐུ་སྒེར་ཡིག་ཚང་གི་སྐུ་ཚབ་བླ་སྨན་རྟ་མགྲིན་ལགས་ཞེས་གསར་འགྱུར་ནང་གསལ་འདུག དེ་རིང་དེ་གསལ་མི་འདུག གསར་འགྱུར་ནང་གི་མཚན་བསུབ་པར་དགའ་སྤྲོ་ཆེན་པོ་ཡོད། པར་རང་འཇགས་བཞག་པ་འདི་མཇལ་བདེ་པོ་མི་འདུག པར་འདི་ཡང་བརྗེ་པོ་ཞིག་བསྐྱོན་རོགས།
ཕྲན་གྱིས་ཁ་སང་འདིའི་སྐོར་རང་གི་བསམ་ཚུལ་མཚོན་པའི་རྩོམ་ཐུང་ཞིག་བྲིས་ཀྱང་དུས་བབ་ཚང་གི་འགོད་འདོད་མེད་པ་འདྲ། ད་དུང་ཡང་ཐོན་མི་འདུག སྒྲིག་ལམ་དང་འགལ་བ་གང་ཡང་བྲིས་མེད་སྙམ་ཡང་གང་ཡིན་མི་ཤིས།
གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལག་བསྟར་ཆེད། ད་ལྟའི་འཆར་བོད་སྨན་སྦྱོར་བཟོ་ཙམ་མིན་པར་སྨན་ཚོང་གཉེར་བྱ་བཞིན་པའི་སློབ་གྲྭ་དང་སྨན་པ་རྣམས་ལ་སྨན་སྦྱོར་དེབ་སྐྱེལ་ངེས་པར་བྱ་དགོས་པ་དུས་ལ་བབས་སྟབས་ཁྲིམས་ཡིག་དགོངས་དོན་ལྟར་དེ་དག་ལ་སྟངས་འཛིན་ཇི་དགེའི་གྲོས་འཆར་གལ་གནད་དུ་བཟུང་ཡོད།
3
བཞི་པ། སྨན་པའི་ལྷན་ཚོགས་འདི་བཞིན་སྨན་རྩིས་ཁང་དང་། ཝ་ཎ། ལྕགས་པོ་རི་སོགས་སློབ་གྲྭ་ཁག་ནས་ཐོན་པའི་སྨན་པ་ཙམ་མིན་པར། ལ་དྭགས་དང་། ཁུ་ནུ། ཨ་རུ་ན་ཅལ་སོགས་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་(རྒྱ་གར་ཡུལ་མི་ཡིན་པའི་རིག་གཞུང་གཅིག་པའི་)ཧི་མ་ལ་ཡའི་རྒྱུན་འཛིན་སྨན་པ་དང་། ཡོངས་གྲགས་སྨན་པའང་ཇི་སྙེད་ཅིག་ཡོད་སྟབས། དེ་དག་ཚང་མའི་དགོས་དབང་དང་ཤེས་ཚད་ལ་འཚམས་པའི་ཟབ་སྦྱོང་གོ་སྒྲིག་གིས་སྨན་པ་རྣམས་ཀྱི་ཤེས་ཡོན་ཇེ་ལེགས་སུ་གཏོང་རྒྱུའི་ལས་འགན་ཡང་ལྷན་ཚོས་འདིའི་ཁྲིམས་ཡིག་དགོངས་དོན་ནང་གསལ་ཡོད་སྟབས་ལྷན་ཚོགས་ནས་དུས་ནས་དུས་སུ་བསྐྱར་ཞིབ་ཀྱིས་ལག་བསྟར་བྱ་དགོས་པ་ཡིན། མཚམས་སུ་ཞུ་རྒྱུར། རྒྱ་གར་གཞུང་གིས་གསོ་བ་རིག་པ་ཁྲིམས་མཐུན་ངོས་ལེན་གནངས་བའི་རྗེས། ལྷན་ཚོགས་ནས་རྒྱ་གར་ཨ་ཡུ་ཤི་ཚོགས་པའི་སྒྲོམ་གཞིིའི་གསོ་བ་རིག་པའི་ཡར་རྒྱས་ཆེད་ལོ་རེར་འགྲོ་སོང་གཏོང་འཆར་སོགས་གོ་སྐབས་དམ་འཛིན་གྱིས་ཨཡུ་ཤི་ཚོགས་པར་འབྲེལ་ལམ་ཐེངས་མང་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༡ ནང་སྨན་པའི་ཟབ་སྦྱོང་ཐེངས་དང་པོ་དང། ༢༠༡༢ ནང་ཐེངས་གཉིས་པ་དང་། གསུམ་པའི་གོ་སྐབས་ཀྱི་ཆ་ཤས་ལེན་ཐུབ་པ་བྱུང་ཡོད་པ་དེས་སྐབས་ཤིག་རིང་སྨན་པའི་ཤེས་ཡོན་གོང་སྤེལ་དང་འབྲེལ་བའི་འགྲོ་སོང་གི་དཀའ་ངལ་དག་སེལཐུབ་པ་བྱུང་ཡོད། ལྷན་ཚོགས་འདིས་གོ་སྒྲིག་གནང་བའི་ལས་དོན་ལ་ཨ་ཤུ་ཤི་ཚོགས་པའི་ངོས་ནས་ཚགས་ཚུད་གང་ལེགས་བྱུང་བའི་བསྟོད་བསྔགས་ཐོབ་པ་ཅི་མ་འོངས་པའི་ཟབ་སྦྱང་གི་རོགས་དངུལ་སྤྲོད་ཆོག་ཐད་ལའང་ལམ་སྟོན་ཁ་གསལ་བྱུང་སྟབས། ཕྱི་ལོ་ ༢༠༡༢ ལོར་གོ་སྐབས་ཐེངས་བཞི་ཀའི་ཆ་ཤས་ལེན་ཐུབ་པའི་འབད་རྩོན་ཞུ་བཞིན་ཡོད་ལ། ད་ཐེངས་ལྷན་ཚོགས་ཀྱི་གྲོས་འཆར་གཞན་ཞིག་ནི་འཆར་ལོའི་ཟབ་སྦྱོང་གི་མཐུན་རྐྱེན་གང་མྱུར་ལེན་ཐབས་ཀྱིས་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུའི་ལས་འཆརབཟོས་ཡོད། དེ་ཡང་། སྨན་པ་རྣམས་ནས་སྔོན་ཚུད་ནས་ཤེས་ཡོན་གོ་སྐབས་ཀྱི་ཆ་ཤས་ལེན་ཐུབ་ཆེད། ཟབ་སྦྱོང་གི་ནང་དོན་དང་།
ས་གནས་གང་དུ། དུས་ཚོད་གང་ལ་ཚོགས་མིན་སོགས་ཐག་གཅོད་གང་ལེགས་བྱུང་ཡོད་དེ་ཡིན།
ལྔ་པ། རྒྱ་གར་གཞུང་ནས་མ་འོངས་རྒྱལ་ཡོངས་གསོ་བ་རིག་པའི་བསྟི་གནས་ཁང་གསར་འཛུགས་ཆེད་ཧིན་སྒོར་ཀ་རོ་(ས་ཡ་) ༡༠༠ དང་གསོ་བ་རིག་པའི་ཞིབ་འཇུག་ལས་དོན་ཆེད་ཧིན་སྒོར་ས་ཡ་ ༥༠ གཏོང་འཆར་ཡོད་པའི་གོ་སྐབས་དེ་ཆེས་མཐོའི་སྨན་པའི་ལྷན་ཚོགས་བརྒྱུད་ལྷན་ཚོགས་དེའི་འོག་དེབ་སྐྱེལ་ཡོད་པའི་སློབ་གཉེར་ཁང་གང་རུང་ཞིག་ལ་བསྩལ་གནང་ཡོང་བའི་བོད་སྐུལ་རྒྱབ་གཉེར་ཞུ་ཐད་གྲོས་ཆོད་བཞག་ཡོད་ལ་དེ་ཐད་གང་མྱུར་རྒྱ་གར་དབུས་གཞུང་ལ་ཡིག་འབྲེལ་ཆ་འཆར་ཡིན།
དྲུག་པ། རྒྱལ་ཡོངས་སྨན་པའི་ལྷན་ཚོགས་དུས་ནམ་ཚོགས་ཀྱི་དུས་ཚེས་གཏན་འབེབས་དང་། སྐབས་བཞི་པའི་ལྷན་ཚོགས་འདེམས་བསྐོ་སྤུས་དག་ཚགས་ཚུད་འོང་ཆེད་ལྷན་ཚོགས་ཚོགས་མའི་འོས་འདེམས་ལས་གཞིར་བསྐྱར་ཞིབ་དང་། དེ་མིན་གྲོས་གཞི་ཕྲན་ཚེགས་འགའ་ཞིག་ཐད་བགྲོ་གླེང་དང་གྲོས་འཆར་བཏོན་པ་བཅས་སྨན་པའི་ལྷན་ཚོགས་དང་ལྷན་ཚོགས་ཀྱི་ལས་དོན་ངོ་སྤྲོད་ཀྱི་ཚུལ་དུ་སྲོང་པོར་བཀོད་པའོ། །མངྒལཾ།
སྐུ་ཞབས་མཁྱེན་རབ་ནོར་བུ་ལགས། ལས་དོན་གང་ཞིག་སྒྲུབ་ཡང་མགོ་མཇུག་བར་གསུམ་ཚང་མ་དགོས་པ་རེད། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ཡིས་ནུས་པ་བཏོན་ཡོད་པ་མ་རེད་ཅེས་ངས་ནི་བཤད་མེད། ཁྱོད་ཀྱིས་གང་ནས་ཞིག་ནས་གཞན་ཞིག་མཐོང་བ་མིན་ན། ཡིན་ནའང་། དེ་ངོས་ལེན་བྱེད་པ་ལ་སྒྲིག་གཞི་ཞིག་དང་ཚད་གཞི་ཞིག་དགོས་པ་རེད། དེ་མེད་ན་༸གོང་ས་མཆོག་གིས་གསུངས་པ་ཙམ་དང་། ཟམ་གདོང་རིན་པོ་ཆེས་རེ་སྐུལ་ཞུས་པ་ཙམ་གྱིས་ཡོང་གི་མ་རེད། བོད་པར་སྨན་པ་རེ་རེ་འགྲོ་སྟངས་རེ་རེ་ཡོད་པ་རེད། སྨན་པ་རེ་རེ་སྨན་སྦྱོར་སྟངས་རེ་རེ་ཡོད་པ་རེད། གང་ཞིག་བོད་སྨན་སྡེབ་ལུགས་ཚད་ལྡན་དུ་ངོས་ལེན་གནང་དགོས་པ་རེད། ཁྱོད་ཀྱིས་ཤོད་དང་། གང་ཞིག་བོད་ཀྱི་སྨན་པ་ཚད་ལྡན་དུ་ངོས་ལེན་གནང་དགོས་པ་རེད། ཁྱོད་ཀྱིས་ཤོད་དང་། འདི་ལྟར་གཅིག་གྱུར་གྱི་ངོས་འཛིན་ཞིག་ཡོང་མ་ཐུབ་ན་། རྒྱ་གར་གཞུང་གིས་བོད་སྨན་དང་བོད་ཀྱི་སྨན་པ་ཁྲིམས་མཐུན་ངོས་ལེན་ཅི་ལྟར་གནང་དགོས་པ་རེད། གནང་ཐབས་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ནང་ནས་སྨན་པའི་ལྷན་ཚོགས་འཛུགས་དགོས་པའང་འདི་ལ་ཐུག་ཡོད་པ་རེད། སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་སྒེར་སོ་སོའི་ཐད་སྐྱོན་ཆ་ཡོད་ན་དེ་དེ་ལྟར་ལོག་ལ་བཀར་དེ་སྐྱོན་བརྗོད་བྱེད་དགོས་པ་རེད་མ་གཏོགས། སྨན་པའི་ལྷན་ཚོགས་ཀྱི་ངོ་བོར་སྦྱར་ཏེ་ཁ་རྡུང་བཏང་ན་འགྲིག་གི་མ་རེད། འདི་དག་ཤེས་པར་གྱིས། མི་རིགས་ཀྱི་ལས་དོན་དང་རིག་གཞུང་གི་ལས་དོན་ནི། མི་སྒེར་ག་གཅིག་གིས་དུས་ནམ་ཡང་ཡོང་ཐབས་ཡོད་པ་མ་རེད། དེ་ལ་མགོ་རྔ་ཆ་ཚང་དགོས་པ་རེད། ཆགས་སྡང་གི་སྐད་ཆ་བཤད་ནས་ཕན་ཐོགས་ཀྱི་མ་རེད། ངས་ནི་དངོས་ཡོད་གནས་སྟངས་ལ་བལྟས་ཏེ་བཤད་ཀྱིན་པ་ལས། སྨན་པའི་ལྷན་ཚོགས་ཀྱི་ཕྱོགས་ཁྱེར་ཏེ་བཤད་ཀྱིན་མེད།
༄༅།།སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་བཀག་འགོག་བྱས་པར་བློ་ཕམ་ཆེན་པོ་ཡོད་ཅེས་པའི་གསར་འགོད་གསལ་བསྒྲགས་ལས་
འཕྲོས་པའི་གསལ་བཤད་སྙིང་བསྡུས།
ད་ཐེངས་༼སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་བཀག་འགོག་བྱས་པར་བློ་ཕམ་ཆེན་པོ་ཡོད།༽ཅེས་པའི་གསར་འགོད་ཀྱི་བརྗོད་དོན་ཐད། རིག་པ་འདོན་པའི་གོ་སྐབས་དང་བསྟུན་རིག་པ་འདོན་མཁན་རྣམས་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསལ་འདེབས་ཐུང་ངུ་ཞིག་མ་བྱེད་ཐབས་མེད་དུ་འགྱུར་སོང་། གང་ཡིན་ཞེ་ན་གནས་ཚུལ་ཇི་ཡིན་གྱི་མགོ་འཇུག་གསལ་པོ་མ་མཁྱེན་པར་གོང་འོག་ཐམས་ཅད་ལ་མི་ཁ་གང་བྱུང་གཏོང་བའི་རང་རེའི་སྤྱི་ཚོགས་ཁྲོད་དུ་ལྷག་འི་གོམས་སྲོལ་ངན་པ་དེ་སེལ་མ་ཐུབ་རུང་། ལབ་གླེང་གི་སྨྲ་བའི་ཁྲོད་དུ་གནས་ཚུལ་དག་ཁ་ངོ་སྤྲོད་བྱ་རྒྱུ་ནི་སྐབས་བབས་ལྷན་ཚོགས་ཀྱི་ལས་འགན་ཙམ་མ་ཟད་རིག་པ་འདོན་པའི་དམ་ཚིག་དང་པོ་དེ་ཡིན་པར་སེམས། དེས་ན་ཐོག་མར་སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་ཀྱི་ངོས་འཛིན་ལས་བརྩམ་ཏེ་གླེང་རྒྱུ་ཡིན།
༡། སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་གི་བར་ཁྱད་པར་གང་ཡོད་དམ།
སྨན་པའི་ལྷན་ཚོགས་ཀྱི་མིང་ཆ་ཚང་ལ་བཙན་བྱོལ་བོད་མིིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཞེས་བརྗོད་པ་ཡིན། ལྷན་ཚོགས་འདི་ནི་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང་། སློབ་ཐོན་སྨན་པ། སྨན་སྦྱོར་སོགས་ཚད་ལྡན་ཡོང་ཆེད་ཁྲིམས་སྒྲིག་སྟངས་འཛིན་བྱ་མཁན་གྱི་དབང་ཚད་མཐོ་ཤོས་ཡོད་པའི་ཚོགས་པ་ཞིག་ཡིན། ལྷན་ཚོགས་ཀྱི་ཁྲིམས་ཡིག་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོས་མཚན་རྟགས་ཕེབས་པའི་བཙན་བྱོལ་བོད་མའི་བཅའ་ཁྲིམས་དོན་ཚན་བཅོ་བརྒྱད་པའི་འོག་བཀོད་སྒྲིག་བྱས་པ་ཞིག་དང། ཚོགས་མི་རྣམས་ནི་ཁྲིམས་ཡིག་ལེའུ་གཉིས་པའི་དོན་ཚན་དྲུག་པ་ལྟར་སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་ཁུངས་སོ་སོའི་སྨན་པ་རྣམས་ནས་འོས་འདེམས་ཀྱི་ལམ་ནས་མང་མོས་གདམས་ཁ་ཐོབ་པ་ཤ་སྟག་ཡིན། ཚོགས་པ་འདི་ཐོག་མར་ཕྱི་ལོ་ ༢༠༠༤ ལོར་གསར་འཛུགས་གནང་བ་ནས་བཟུང་ལོ་གསུམ་རེའི་དུས་ཡུན་དང་། འདི་ལོ་ལྷན་ཚོགས་སྐབས་གསུམ་པའི་ལོ་དུས་མཐའ་མ་ཡིན།
སྨན་རྩིས་ཁང་གི་མིང་ཆ་ཚང་ལ་སྨན་རྩིས་འགྲོ་ཕན་གླིང་དང་། བོད་གཞུང་སྨན་རྩིས་ཁང་། བོད་ཀྱི་སྨན་རྩིས་ཁང་ཞེས་ཡུལ་དུས་ཀྱི་འགྱུར་འགྲོས་དང་བསྟུན་མིང་འབོད་ཚུལ་མི་འདྲ་བ་གསུམ་ཙམ་བྱུང་། གལ་ཆེའི་ཚོགས་སྡེ་འདི་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་ལྷ་གདན་ཡུལ་དུ་གསར་འཛུགས་བསྐྱངས་པའི་སྨན་དང་རྩིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གཞུང་གི་ཚོགས་པ་ཆེ་གྲས་ཤིག་ཡིན་ལ། བོད་ས་གཞན་འོག་ཏུ་ཚུད་པ་དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་དེ་ཉིད་སླར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྲོལ་འཛིན་སླར་གསོ་དར་སྤེལ་ཆེད་ཕྱི་ལོ་ ༡༩༦༡ ལོར་འཛུགས་སྐྱོང་གནང་བའི་དགེ་རྩའི་ཚོགས་པ་གནད་ཆེ་ཞིག་ཡིན། ཚོགས་པ་འདིས་རང་མི་རིགས་ཀྱི་རིག་གཞུང་དང་རིས་སུ་མ་ཆད་པའི་འགྲོ་བའི་ཚེ་སྲོག་སྲུང་སྐྱོབས་ཆེད་ཕུལ་བའི་ལེགས་བསྐྱེད་ནི་རང་ཅག་བཙན་བྱོལ་པ་མཚོན་ན་ངོམས་རིན་ཆོག་པའི་ནོར་བུ་གཉིས་པ་དེ་ཡིན། ཚོགས་པ་འདིས་བཙན་བྱོལ་བོད་མི་དྲུག་བརྒྱ་ལྷག་ལ་ཉེ་བའི་འཚོ་བའི་གནས་བབས་རང་ཁ་རང་གསོ་ཐུབ་པའི་ཐོག རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ཉམས་ཐག་ནད་པ་རྣམས་ལ་རིན་མེད་སྨན་བཅོས་ཀྱིས་ཕན་བསྐྱེད་ལྷག་ཏུ་སྒྲུབ་བཞིན་ཡོད་པ་དེ་དག་དངུལ་ལོར་ལ་ཕབ་ན་ལོ་རེར་འབུམ་ ༡༢༠ ལྷག་ཟིན་གྱི་ཡོད་ཅིང་། ཚོགས་པ་འདིས་ལོ་ལྟར་རང་རེའི་གཞུང་ལ་ཁེ་བབས་ཧིན་སྒོར་འབུམ་སུམ་ཅུ་ནས་བདུན་བཅུའི་བར་ཕུལ་བཞིན་ཡོད་པ་དེ་ལྟའི་ཚོགས་པ་ནི་བཙན་བྱོལ་ནང་འདི་ཉིད་ཁོ་ན་ཡིན་ལ། ཉེ་འཆར་བཀའ་བློན་ཁྲི་པས་སྨན་རྩིས་ཁང་གི་ལོ་འཁོར་ཚོགས་ཆེན་སྟེང་། སྨན་རྩིས་ཁང་ནི་ཆིག་སྒྲིལ་དང་། རང་ཁ་རང་གསོ། གསར་གཏོད་བཅས་ཁོང་གིས་བཏོན་པའི་དམ་བཅའ་གསུམ་སྒྲུབ་མཁན་གྱི་ཚོགས་པ་དེ་ཆགས་འདུག ཞེས་དང་། སྨན་རྩིས་ཁང་གི་སྟོབས་འབྱོར་དང་སྙན་གྲགས་ལ་དཔག་ན་ཕྱིས་སུ་བོད་མའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱང་གསོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བ་ནི་དོན་ལ་གནས་པ་ཡིན། ད་ལྟ་ཚོགས་པ་འདི་ནང་ཕྱག་ལས་གནང་བཞིན་པའི་སྨན་པ་དང་། དགེ་རྒན། ལས་བྱེད་སུ་ཡིན་ཡང་། ཚོགས་པ་འདིར་དགའ་ཞེན་ཡོད་ཙམ་མིན་པར་གཙོ་བོ་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་དར་སྤེལ་བྱེད་པ་ལ་བླ་སྲོག་ལྟ་བུའི་རིན་ཐང་ལྡན་པའི་རིགས་ཞུང་དེའི་ཆེད་དུ་ཡིན་པས། ལས་དོན་ཐད་འཐུས་ཤོར་དང་དར་གུད་ཇི་ཙམ་བྱུང་ཡང་རང་ཚང་དུ་སྐྱིད་སྡུག་མཉམ་མྱོང་གནང་བཞིན་པའི་མཛད་བྱེད་ལ་བསྔགས་བརྗོད་ཞུ་འོས་ལས། དམའ་འབེབས་དང་སེམས་ཤུགས་བཅོག་པའི་ལབ་གླེང་ཕོག་ན་ནམ་ཞིག་བཙན་བྱོལ་དུ་སུ་ཞིག་ལྷག་ངེས་ཡིན་ནམ། དེས་ན་ཞོར་དུ་སྨན་རྩིས་ཁང་དུ་ལས་དོན་གནང་བཞིན་པའི་ལས་བྱེད་ཀུན་ལ་སེམས་ཤུགས་ལྷག་ཏུ་བསྐྱེད་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།
༢། སྨན་པའི་ལྷན་ཚོགས་ཀྱིས་གསར་འགོད་ལྷན་འཛོམས་ཤིག་འདུ་སྐོང་གནང་བའི་དམིགས་ཡུལ་ཅི་ཡིན་ནམ།
ད་ཐེངས་སྨན་པའི་ལྷན་ཚོགས་སྐབས་གསུམ་པ་དང་། ལྷན་ཚོགས་ཚོགས་ཐེངས་ ༡༧ ཚོགས་འདུ་མཇུག་སྒྲིལ་གྱི་ཉིན་མཐའ་མར་གསར་འགོད་ལྷན་ཚོགས་འདུ་སྐོང་གནང་བ་ནི་ལྷན་ཚོགས་འདི་ཉིད་བཙུགས་ནས་ཐེངས་དང་པོ་ལྟ་བུ་ཆགས་ཡོད། གསར་འགོད་པས་གསར་འགྱུར་གྱི་འགོ་བརྗོད་གདམས་ཁ་གནང་ཕྱོགས་མི་འདྲ་བའི་དབང་གིས་མི་མང་གིས་གསར་གྱུར་དེར་མཐོང་ཚུལ་དང་ལབ་གླེང་མི་འདྲ་བ་འོང་བཞིན་པ་ནི་ཆོས་ཉིད་ཡིན། དཔེར་ན། དེ་ཐེངས་སྨན་པའི་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཀྱི་འགོ་བརྗོད་དུ། བང་ཆེན་དྲ་རྒྱའི་ཐོག་༼སྨན་སྦྱོར་སྡེ་ཁག་ནས་སྨན་པའི་ལྷན་ཚོགས་ནང་དེབ་སྐྱེལ་དགོས།༽ཞེས་བཀོད་པ་ནི་ལྷན་ཚོགས་ཀྱིས་གསར་འགོད་འདུ་སྐོང་བྱ་སྐབས་ཀྱི་དགོས་འདུན་གཙོ་བོའི་གྲས་ཤིག་ཡིན་ལ། བརྗོད་དོན་ཐད་ལའང་ལྷན་ཚོགས་ཀྱི་ཚོགས་འདུའི་སྙིང་དོན་ཁ་གསལ་གོ་བདེ་བྱུང་འདུག གཞན་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱའི་ཐོག་བཀོད་པའི་གསར་འགྱུར་ཁ་བྱང་ཐོག་༼ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་འདུ་མཇུག་སྒྲིལ།༽ཞེས་ལྷན་ཚོགས་ཀྱི་གསར་འགོད་འདུ་སྐོང་བྱ་སྐབས་ཀྱི་དགོས་འདུན་གཙོ་བོ་འགོ་བརྗོད་དུ་གསལ་པོར་མ་བཀོད་པར་ཚོགས་ཐེངས་ཡོངས་སུ་ཟིན་པའི་ཤུག་ལས་མི་རྣམས་ལ་ནང་དོན་གང་ཞིག་བསྟན་ཡོད་དམ་སྙམ་པའི་རེ་བའི་འདུན་པས་གསར་གྱུར་འདི་བཀླག་འདོད་ཀྱི་སྤྲོ་བ་སྐྱེད་དུ་འཇུག་པ་ལྟ་བུ་ཡིན། དེ་བཞིན་བོད་ཀྱི་དུས་བབས་གསར་འགྱུར་གྱི་འགོ་བརྗོད་དུ་༼སྨན་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་བཀག་འགོག་བྱས་པར་བློ་ཕམ་ཆེན་པོ་ཡོད།༽ཅེས་བཀོདཔ་ནི་གསར་འགྱུར་གཟིགས་མཁན་ལ་དོ་སྣང་ཤུགས་ཆེ་འོང་རེ་ལས། དེ་ཉིད་སྐབས་སུ་ལྷན་ཚོགས་ལ་མཚོན་ན། གསར་འགོད་འདུ་སྐོང་སྐབས་གསར་འགོད་པས་ལྷན་ཚོགས་ཀྱི་གནས་བབས་ཁ་གསལ་མཁྱེན་རྟོགས་ཡོང་རེའི་ཞར་འཕྲོད་ཀྱི་གླེང་ཙམ་ལས། དེ་ཉིད་སྐབས་སུ་བརྗོད་དོན་གྱི་གནས་བབས་གཙོ་བོའི་གྲས་ཤིག་མིན་ལ་ལྷག་པར་བཀའ་ཤག་ལ་སྐྱོན་བརྗོད་ཀྱི་ཆེད་དུ་དམིགས་པ་ནི་དེ་བས་མིན། འོན་ཏེ་བརྗོད་དོན་དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དོ་སྣང་གསར་པ་ཞིག་སྤྲད་ཡོད་པ་ནི། རིག་པ་འདོན་པའི་མེ་ལོང་ནང་སྤྱི་ཚོགས་ཀྱི་མི་སྣས་རང་གི་ཤེས་ཡོན་འཛིན་སྐྱོང་བྱ་མཁན་གྱི་ཚོགས་པར་གདེང་འཇོག་ཇི་འདྲ་ཡོད་པ་དང་། བོད་མི་རྣམས་ཀྱིས་རང་གི་མིག་འདུན་དུ་ཡོད་པའི་བོད་ཀྱི་གསོ་བ་རིག་པར་རྒྱུས་མངའ་ཇི་ཙམ་ཡོད་པ་གསལ་པོར་ཤེས་སུ་བཅུག་ཡོད། དེ་ནི་རིག་པ་འདོན་པ་ཞེས་པའི་ཁྲོད་དཀར་མཚོ་སྐྱིད་ནས་༼བོད་ཀྱི་གཅེས་ནོར་འདི་ཉིད་ལ་གཞུང་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་། ངོས་འཛིན། ཐུགས་ཁུར་ཟབ་མོ་བཅས་གནང་ནས་མུ་མཐུད་དུ་ཡར་རྒྱས་དང་ཆ་ཚང་བའི་རྣམ་པ་ཞིག་ཡོངས་སུ་མངོན་པ་ལ་དུས་ཡུན་རིང་བོ་ཞིག་ལྷག་ཡོད་པ་རེད།༽ཅེས་བསྡོམ་ཚིག་གཅིག་གནང་བ་ལས། དེ་ཐད་ལབ་གླེང་གནང་འདོད་མེད་པའི་རྣམ་གྱུར་གསལ་པོར་བསྟན་ཡོད་པ་ལྟ་བུ་ཡིན།
མདོར་ན། ད་ཐེངས་གསར་འགོད་འདུ་སྐོངས་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། གསོ་བ་རིག་པ་ལག་ལེན་གནང་མཁན་གྱི་སྨན་པ་གཙོས་རྒྱ་ཆེའི་མང་ཚོགས་ནས་ལྷན་ཚོགས་ཀྱི་འདས་མ་འོངས་ཀྱི་ལས་དོན་བྱ་ཕྱོགས་ཁག་དང་ལྷག་པར་སྐབས་གསུ་པའི་ལྷན་ཚོགས་འདིའི་ལས་དོན་དག་གསལ་པོ་མཁྱེན་རྟོགས་ཡོང་ཆེད་དང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་མ་འོངས་བོད་ཀྱི་གསོ་བ་རིག་པར་གོ་སྐབས་དང་དཀལ་ངལ་གཉིས་ཀ་འཕྲད་ངེས་པས་གོ་སྐབས་དམ་འཛིན་དང་། དཀའ་ངལ་ལ་གདོང་ལེན་ཁྱད་བསད་ཇི་དགོས་ཀྱི་ཐབས་ལམ་འཚོལ་སྒྲུབ་ཀྱིས་རང་ཡུལ་དགྲ་ལག་ཏུ་ཤོར་རུང་བོད་མི་མང་གིས་གཏན་འབེབས་གནང་བའི་ཁྲིམས་སྒྲག་གི་སྒྲོམ་གཞིའི་འོག་ཆིག་སྒྲིལ་རྒྱུན་གནས་གོང་སྤེལ་ཐུབ་པ་བྱ་རྒྱུའི་ཆེད་དུ་དམིགས་པ་ཡིན།
༣། སྨན་པའི་ལྷན་ཚོགས་ཀྱི་ལོ་རེའི་རྒྱུན་གྲོན་དེ་གནད་ཀ་ཇི་ལྟ་བུ་ཆགས་ཡོད་དམ།
ཐོག་མར་ཁ་གསལ་མཁྱེན་དགོས་པ་ཞིག་ལ། ལྷན་ཚོགས་འདི་ནི་སྨན་རྩིས་ཁང་སོགས་སྨན་གྱི་ཚོགས་པ་གང་དང་ཡང་མི་འདྲ་བར་ཁྲིམས་སྒྲིག་སྟངས་འཛིན་དང་ལག་བསྟར་བྱ་མཁན་གྱི་ཚོགས་པ་ཞིག་ཡིན་པལས་ཁེ་བབས་བཟོ་མཁན་ཚོགས་པ་ཞིག་མིན། ཚོགས་པ་འདི་ནང་ཡོད་པའི་རྒྱུན་ལས་ལས་བྱེད་བཞི་ཕུད་ཚོགས་མི་གཞན་རྣམས་ལས་ཞོར་དུ་ཕྱག་ལས་གནང་དགོས་པ་ཡིན་ལ། ལོ་རེའི་ལས་གཞི་འཆར་འགོད་དང་། ཚོགས་འདུ་བསྡུ་སྐོང་སོགས་ལས་དོན་ཆེ་ཕྲ་གང་གི་སྐབས་སུའང་ཚོགས་གཙོ་གཙོས་ཚོགས་མི་སུ་རུང་ལའང་ཟུར་ཕོག་སོགས་གླ་སྣོན་སྒོར་ཟུར་གཅིག་ཀྱི་ཐོ་ཆ་མེད་ཁར། རང་གི་འགན་ཁྲི་ཕྲག་ཏུ་ཁུར་བཞིན་པའི་ལྷན་ཚོགས་ཚོགས་གཙོ་གཙོས་ཚོགས་མི་འགའ་ཞིག་ནས་ལོ་ལྟར་རང་གི་ཟླ་རེའི་གླ་ཐོབ་གསོག་ཉར་གྱིས་ལྷན་ཚོགས་སུ་ཞལ་འདེབས་གནང་དང་གནང་བཞིན་ཡོད་པ་ནི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་མཐོ་དམན་ཀུན་གྱིས་མཁྱེན་དགོས་པར་སྙམ། ཚོགས་པ་འདི་གསར་འཛུགས་གནང་རྗེས་ཐོག་མར་རང་གཞུང་འཕྲོད་བསྟེན་ནས་རྒྱུན་གྲོན་གྱི་དོད་ལྟ་བུར་ཧིན་སྒོར་ཆིག་འབུམ་ལྔ་ཁྲི་ལྷག་གསོལ་བསྩལ་གནང་ཡོད་པ་དེ་ཉིད་འདེང་མིན་གྱིས་སྤར་ཆ་དགོས་པའི་སྙན་སྒྲོན་ཡིག་ངག་གཉིས་ཐོག་ནས་ཕུལ་སྟབས་སྐབས་གཉིས་པའི་དུས་སུ་ཧིན་སྒོར་ཉིས་འབུམ་ལྔ་ཁྲིར་སྤར་ཆ་གནང་ཡོད། འོན་ཏེ། འཕྲོད་བསྟེན་ལྷན་ཁང་གི་གནང་བའི་རྒྱུན་གྲོན་དེས་ལས་བྱེད་པའི་གླ་ཆ་དང་། ཁང་གླ་ཁ་ཐབ་ཙམ་ལས། གསོ་རིག་སློབ་ཚན་དང། སྨན་སྦྱོར་ཁྲིམས་སྒྲིག་གཏན་འབེབས། སྨན་པའི་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་ཟབ་སྦྱོང་སོགས་ལས་དོན་ཆེ་ཁག་རིགས་གནངས་ཐབས་བྲལ་བ་ཡིན། ལྷན་ཚོགས་ཀྱི་ལོ་རེའི་འགོ་འཛུགས་ཚོགས་
2
འདུ་ནམ་ཡིན་ལ་ལྷན་ཚོགས་གཙོ་གཙོས་ཚོགས་མི་རྣམས་ཀྱི་ཐོག་མར་ཐག་གཅོད་བྱ་དགོས་པའི་གནད་དོན་ནི་ལོ་རེའི་རྒྱུན་གྲོན་ཐག་གཅོད་ཇི་འདྲ་བྱ་དགོས་པ་དེ་ཞིག་ཆགས་ཡོད། འོན་ཏེ། འདས་པའི་དུས་ཡུན་ནང་ལྷན་ཚོགས་ནས་སྨན་པ་གོ་སྒྲིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་བརྟག་དཔྱད་སྨན་སྐོར་དང་། བོད་སྨན་མཐུན་གྲོགས་བཙལ་འཚོལ་སོགས་རང་གཞན་གཉིས་ཀར་སྨན་པའི་ཐབས་ལམ་ལ་བརྟེན་ནས་ལྷན་ཚོགས་འདིའི་དངོས་ཡོད་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། དཔེར་ན། འདི་ལོ་ལྷན་ཚོགས་ཀྱི་ལམ་སྟོན་འོག་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་སྐོང་ཚོགས་བྱ་རྒྱུས་མཚོན་ལྷན་ཚོགས་ཀྱི་རྒྱུན་གྲོན་དུ་ཧིན་སྒོར་འབུམ་དགུ་ལྷག་སོང་དང་གཏོང་འཆར་ཡོད་པ། འཕྲོད་བསྟེན་ལྷན་ཁང་ནས་གནང་བའི་ཧིན་སྒོར་གཉིས་འབུམ་ལྔ་ཁྲི་ཕུད་ལྷག་འཕྲོས་རྣམས་ལྷན་ཚོགས་ནས་ཐབས་འཚོལ་ཟིན་པ་ཙམ་མ་ཟད། སྐབས་བཞི་པའི་ལྷན་ཚོགས་ཀྱི་འོས་བསྡུ་སླེབས་ལ་ཉེ་བར་སོང་སྐབས་བཞི་པའི་ལྷན་ཚོགས་རྣམས་ལ་རྒྱུན་གྲོན་དཀའ་ངལ་སེལ་ཆེད་འབད་རྩོན་རབ་དང་རིམ་པ་བྱ་བཞིན་ཡོད་ལ། ཐེངས་འདིའི་ལྷན་ཚོགས་ཀྱི་གྲོས་འཆར་ལྟར་ནང་མ་འོངས་ལས་གཞི་ཇེ་མང་དུ་འགྲོ་ངེས་ལ་སོང་སྐབས་བཞི་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་འམ་ཚོགས་གཞོན་གང་རུང་དང་། དྲུང་ཆེ་ངེས་པར་ལྷན་ཚོགས་སུ་རྒྱུན་ཞུགས་ཀྱིས་ཕྱག་ལས་གནང་དགོས་པའི་གཏན་འབེབས་བཟོས་ཡོད། ད་ཐེངས་ལྷན་ཚོགས་ཀྱི་རྒྱུན་གྲོན་དག་བཀའ་ཤག་ནས་མེད་པ་བཟོས་ཡོད་པའི་གནས་ཚུལ་འདིས་ལྷན་ཚོགས་ཚོགས་མི་ཡོངས་ནས་མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ནས་བསྩལ་རྒྱུའི་རྒྱུན་གྲོན་སྤར་ཆ་གནང་རྒྱུར་རེ་ཐག་ཆོད་པ་ལྟ་བུ་ཆགས་ཡོད་སྟབས་དེ་སྔ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་ལོ་དང་པོ་གཉིས་པར་རེ་སྐུལ་ཞུས་པ་ལྟར་སྨན་རྩིས་ཁང་ནས་ལྷན་ཚོགས་ལ་ལོ་རེར་འབུམ་གཅིག་ལྷག་ཞལ་འདེབས་གསོལ་བསྩལ་གནང་གི་ཡོད་པ་ལྟར། མ་འོངས་པའི་ལྷན་ཚོགས་ཀྱི་མ་དངུལ་གང་འཚམས་ཤིག་སྨན་རྩིས་ཁང་ནས་བསྩལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུའི་ཐག་བཅོས་ཀྱི་གྲོས་འཆར་ཞིག་ཀྱང་བྱུང་ཡོད།
༤། ཡང་སྙིང་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གལ་ཆེའི་སྙིང་དོན་གང་དང་གང་གསུངས་ཡོད་དམ།
ད་ཐེངས་ལྷན་ཚོགས་སྐབས་གསུམ་པའི་ཚོགས་ཐེངས་ ༡༧ ཚོགས་འདུ་མཇུག་སྒྲིལ་གྱི་གསར་འགོད་འདུ་སྐོངས་སྟེང་། ཐོག་མར་སྨན་པའི་ལྷན་ཚོགས་ཞེས་པའི་ཚོགས་པ་འདི་ཇི་ཡིན་མི་མང་གིས་གསལ་པོར་མཁྱེན་རྟོགས་འོང་ཆེད། གོང་དུ་གླེང་ཟིན་པ་ལྟར་ཚོགས་པ་འདིའི་ངོ་སྤྲོད་ཁ་གསལ་འགྲེལ་བརྗོད་ཞུས་ཡོད།
གཉིས་པ། ལྷན་ཚོགས་སྐབས་གསུམ་པའི་ལོ་དུས་རྫོགས་ཉེར་སོང་སྐབས་གསུམ་པ་དང་བཞི་པར་རྩིས་སྤྲོད་རྩིས་བྱ་འཆར་གྱི་ལས་དོན་དང་སྐབས་བཞིའི་ལྷན་ཚོགས་ཀྱི་ས་འཆར་སོགས་ལས་འཕྲོས་ཏེ་རྒྱུན་གྲོན་གྱི་དཀའ་ངལ་ཐད་གླེང་སློང་བྱུང་ཡོད་པ་ནི་རང་གཞུང་བཀའ་ཤག་ལ་དོན་མེད་རྙོག་གླེང་བཟོ་འདོད་མ་ཡིན་པར་ལྷན་ཚོགས་ཚོགས་མིའི་ངོས་འཛིན་དང་འདོད་ཚུལ་གླེང་བ་ཙམ་ཡིན།
གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལག་བསྟར་ཆེད། ད་ལྟའི་འཆར་བོད་སྨན་སྦྱོར་བཟོ་ཙམ་མིན་པར་སྨན་ཚོང་གཉེར་བྱ་བཞིན་པའི་སློབ་གྲྭ་དང་སྨན་པ་རྣམས་ལ་སྨན་སྦྱོར་དེབ་སྐ
དྲ་གྲོགས་༼ནོར༽ཟེར་བས་འགྲེལ་བཤད་བསྐྱོན་པ་འདི་ཚོར་བལྟས་པ་ཡིན་ན། སྨན་པའི་ལྷན་ཚོགས་ནི་རང་མགོ་ཐོན་ཐག་ཆོད་ཐོན་བཞིན་པའི་ལྷན་ཚོགས་ཤིག་ཡིན་འདུག ང་ཚོར་དགོས་རྒྱུ་དེ་ལྷན་ཚོགས་ཀྱིས་འཇོནཡོད་པ་འདྲ། ཐུགས་རྗེ་ཆེ།
༼བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོས་བསྡུར་གྱིས་གཏན་ལ་ཕབ་དེ་ཁྲིམས་སུ་བཟོས་པ་རེད། འདི་ལྟའི་བོད་ཀྱི་སོག་རིག་རྒྱུན་འཛིན་དང་ཁྲིམས་མཐུན་ཡོང་ཐབས་ཀྱི་ཚོགས་པ་ཞིག་བཙུགས་རྗེས་དེར་གཞུང་གིས་བདག་པོ་རྒྱག་མི་ཐུབ་པ་ཡིན་ན། དེ་གྲོས་ཚོགས་ནང་ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་འཛུགས་དགོས་དོན་ཅི་རེད།༽
༼སྨན་པའི་ལྷན་ཚོགས་དང་ཤེས་རིག་ལྷན་ཁང་གཉིས་ཁྱབ་ཆེ་ཆུང་ཙམ་མ་གཏོགས་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ཆ་ནས་གཅིག་པ་གཅིག་རྐྱང་ཆགས་ཡོད་པ་རེད། ད་དུང་ཤེས་རིག་ལས་ཁུངས་ལ་བལྟས་ནས་སྨན་པའི་ལྷན་ཚོགས་ཀྱིས་ལོ་བརྒྱད་ནང་ནུས་པ་ཆེན་པོ་ཐོན་འདུག བོད་སྨན་འདི་རྒྱ་གར་རྒྱལ་ཡོངས་ཁྲིམས་མཐུན་དེབ་སྐྱེལ་གནང་ཐུབ་ཡོད་པ་རེད།༽
༼འཕྲོད་བསྟེན་ལས་ཁུངས་ཀྱི་བོད་པའི་ས་གནས་གཞིས་ཆགས་ཁག་ཏུ་བཙུགས་ཡོད་པའི་ཕྱི་ལུགས་སྨན་ཁང་རྩོབ་དོ་ནུས་མེད་དེ་དག་ལས། སོ་སོའི་བོད་སྨན་ཁང་དག་གིས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་གྱི་འདུག༽
སྐུ་ཞབས་ནོར་ལགས། ད་སྐུ་མཁྱེན་མ་ཤེས་ཤེས་མདོག་དང་མ་མཁས་མཁས་མདོག་མ་གནང་དང་། གསོ་རིག་རྒྱ་གར་གཞུང་གིས་ངོས་ལེན་གནང་བ་དེ་སྨན་པའི་ལྷན་ཚོགས་ཀྱི་བྱས་བཞག་པ་གང་ཡང་མ་རེད། དེ་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཡང་སྒོས་མཁས་དབང་ཟམ་གདོང་སྐབས་ཀྱི་བཀའ་ཤག་དང་སྨན་རྩིས་ཁང་ཝ་ཎ་བཅས་ཀྱི་བྱས་རྗེས་རེད། དེ་ལ་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་རེད། གང་ལྟར་དེ་ལྟ་དེ་བརྗོད་བྱ་གཙོ་བོ་མ་རེད། ང་ཚོས་བགྲོ་གླེང་བྱེད་བཞིན་པ་དེ་སྨན་ལྷན་གྱི་ཐེངས་འདིའི་གནང་སྟངས་སྐོར་ལ་རེད། སྨན་པ་རྟ་མགྲིན་ལགས་ལ་སྲིད་དོན་གྱི་ཀླད་པ་མེད་བཞིན་དུ་ཡོད་མདོག་གིས་རྫབ་དོང་དུ་མཆོང་བཞིན་པ་ཧ་ཅང་ཕངས་པའི་གནས་རེད། དེ་ལས་སྨན་པ་སྙན་གྲགས་ཆེན་པོ་དེ་རྩ་ཆེན་པོ་རེད།
སྨན་པའི་ལྷན་ཚོགས་ལ་སྐྱོན་བརྗོད་བྱེད་མཁན་མང་ཡང་། སྨན་པའི་ལྷན་ཚོགས་ཅི་ལྟར་བཙུགས་པ་དང་ལྷན་ཚོགས་འདིའི་ངོ་བོ་ཅི་ལྟར་ཡིན་པ་ཚང་མས་གསལ་བོ་ཞིག་ཤེས་ཀྱི་མེད་པ་འདྲ། སྨན་པའི་ལྷན་ཚོགས་ནི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་འདི་རྒྱུན་འཛིན་དར་སྤེལ་དང་རྒྱལ་སྤྱིའི་ཁྲིམས་མཐུན་ངོས་ལེན་ཡོང་རྒྱུར་དམིགས་ཏེ་བཙུགས་པ་ཞིག་རེད། དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་དུ་བཙུགས་པའི་སྨན་ཁང་དང་སྨན་བཟོ་ཁང་ཞིག་མ་ཡིན་པར། ཚོགས་སྒེར་གང་ཡིན་གྱི་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཡོངས་གཅིག་གྱུར་གྱི་ཚད་གཞི་ཞིག་དང་ལམ་ལུགས་སྲོལ་ཅིག རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོས་ལུགས་དང་མཉམ་དུ་བསྐྱོད་ཐུབ་པ་ཞིག་ཡོང་ཆེད་ཚང་མར་གཅིག་གྱུར་གྱི་ལམ་ལུགས་ཤིག་འོག་བསྡུས་ཏེ། རྒྱལ་སྤྱིའི་འཕྲོད་བསྟེན་སྡེ་ཁག་གིས་ངོས་ལེན་རྟོག་ཞིབ་སྐབས་གཅིག་གྱུར་ཚད་ལྡན་གྱི་ཤེས་ཚད་ཅིག་དང་ལག་ལེན་ལམ་ལུགས་ཤིག་སྟོན་རྒྱུ་ཡོད་པ་ཞིག་ཡོང་ཆེད་རེད། གཉིས་ནས། བོད་ཀྱི་སྨན་སྦྱོར་འདིའང་གཅིག་གྱུར་ཚད་ལྡན་གྱི་སྨན་སྦྱོར་བཟོའི་ཚད་གཞི་ཞིག་ཡོང་ཆེད་རེད། དེང་སྐབས་བོད་སྨད་ལབ་དུས་སྨན་སྣ་གཅིག་ཡིན་ཡང་། སྨན་པ་སོ་སོར་སྡེབ་སྟངས་ཁྲི་སྟོང་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན། རྒྱལ་སྤྱིའི་ཚད་ལྡན་གྱི་ངོས་ལེན་ཞིག་ཐོབ་ཐུབ་ཀྱི་ཡོད་པ་མ་རེད། དེས་དབང་གིས་སྤྱི་སྒེར་ཚོགས་པ་མི་སྒེར་ཚང་མས་གཅིག་གྱུར་མཉམ་རུབ་གནང་སྟེ། བོད་སྨན་སྦྱོར་བཟོ་འདི་འང་རྒྱལ་སྤྱིའི་འཕྲོད་བསྟེན་སྡེ་ཚན་གྱི་ངོས་ལེན་བྱེད་ཐུབ་པའི་གཅིག་གྱུར་གྱི་ལམ་ལུགས་སྲོལ་ཅིག་གི་འོག་འགྲོ་ཐུབ་པ་བཅས་ཀྱི་ཆེད་དུ། བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོས་བསྡུར་གྱིས་གཏན་ལ་ཕབ་དེ་ཁྲིམས་སུ་བཟོས་པ་རེད། འདི་ལྟའི་བོད་ཀྱི་སོག་རིག་རྒྱུན་འཛིན་དང་ཁྲིམས་མཐུན་ཡོང་ཐབས་ཀྱི་ཚོགས་པ་ཞིག་བཙུགས་རྗེས་དེར་གཞུང་གིས་བདག་པོ་རྒྱག་མི་ཐུབ་པ་ཡིན་ན། དེ་གྲོས་ཚོགས་ནང་ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་འཛུགས་དགོས་དོན་ཅི་རེད། འདི་དག་ལ་བསམ་བློ་གཏོང་དགོས་པ་རེད། སྨན་པའི་ལྷན་ཚོགས་དང་ཤེས་རིག་ལྷན་ཁང་གཉིས་ཁྱབ་ཆེ་ཆུང་ཙམ་མ་གཏོགས་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ཆ་ནས་གཅིག་པ་གཅིག་རྐྱང་ཆགས་ཡོད་པ་རེད། ད་དུང་ཤེས་རིག་ལས་ཁུངས་ལ་བལྟས་ནས་སྨན་པའི་ལྷན་ཚོགས་ཀྱིས་ལོ་བརྒྱད་ནང་ནུས་པ་ཆེན་པོ་ཐོན་འདུག བོད་སྨན་འདི་རྒྱ་གར་རྒྱལ་ཡོངས་ཁྲིམས་མཐུན་དེབ་སྐྱེལ་གནང་ཐུབ་ཡོད་པ་རེད། བོད་སྨན་སློབ་གཉེར་བྱེད་མཁན་ཚང་མར་སོ་སོར་ནུས་པ་ཡོད་ན་རྒྱ་གར་རྒྱལ་ཡོངས་ནང་ནུས་པ་འདོན་ཆོག་པ་ཞིག་བཟོ་ཐུབ་ཡོད་པ་རེད། འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་གྱི་སློབ་ཆེན་ག་ཚོད་ནང་བོད་རིག་པའི་སྡེ་ཚན་ཅི་ཙམ་འཛུགས་ཐུབ་ཡོད་པ་རེད། གྲངས་ཀ་རྩི་རྒྱུ་ཞིག་རྙེད་དམ། དངོས་ཡོད་གནས་སྟངས་ལ་མ་བལྟས་པར་གཞན་གྱི་གྲུབ་འབྲས་ནག་བསུབ་གཏོང་རྐྱང་བྱས་ན་དེ་རྒྱུ་འབྲས་ལའང་རན་གི་མ་རེད།
གཞུང་ལ་སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་དགོས་རེད། ང་ཚོའི་གཞུང་འདི་མི་མང་གི་འོས་བསྡུས་ལམ་ནས་འགྲོ་བཞིན་པ་རེད་མ་གཏོགས། རྒྱ་ནག་གི་དམར་གཞུང་མ་རེད། སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་དགོས་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་བོད་པའི་ས་གནས་གཞིས་ཆགས་ཁག་ཏུ་བཙུགས་ཡོད་པའི་ཕྱི་ལུགས་སྨན་ཁང་རྩོབ་དོ་ནུས་མེད་དེ་དག་ལས། སོ་སོའི་བོད་སྨན་ཁང་དག་གིས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་གྱི་འདུག འདི་ཚོ་ཚང་མར་བསམ་བློ་གཏོང་དགོས་པ་རེད། ད་ལྟའི་བར་ང་ཚོས་བཙན་བྱོལ་ནང་བོད་སྨན་འདི་ཁྲིམས་འགལ་གྱི་ཐོག་ནས་དར་སྤེལ་བྱས་བསྡད་ཡོད་པ་རེད། འདི་ཁྲིམས་མཐུན་དུ་སྒྱུར་ཏེ་གཅིག་གྱུར་གྱི་ལམ་ལུགས་སྲོལ་ཅིག་གི་འོག་ཏུ་འགྲོ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེར་བརྟེན་སྨན་པའི་ལྷན་ཚོགས་འདི་གལ་ཆེན་ནང་གི་དོན་ཆེན་རེད།
༡༽ ༼བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འདི་ཆེད་འཛུགས་གནང་ནས་ལོ་བརྒྱད་ལྷག་སོང་ཡང་སྤྱི་ཚོགས་ནང་མཁྱེན་རྟོགས་དེ་ཙམ་མེད༽་པ་ལྷན་ཚོགས་ཀྱི་ངོས་ནས་ངོས་ལེན་གནང་བ་ཡག་པོ་རེད། གང་ཡིན་ཟེར་ན། ལས་ཀ་བྱས་པའི་གྲུབ་འབྲས་ཟེར་བ་སྤྱི་ཚོགས་ཀྱིས་གོ་རྒྱུ་དང་མཐོང་རྒྱུ་ཡོད་པ་ཞིག་འདས་པའི་ལོ་བརྒྱད་རིང་མ་སྒྲུབ་པ་ཡིན་སྟབས། སྤྱི་ཚོགས་ཀྱིས་མ་གོ་བ་རེད། མ་མཐོང་བ་རེད། ད་ལྟ་སྤྱི ཚོགས་ཀྱིས་གོ་ཞིང་མཐོང་དུས། སྨན་པའི་ལྷན་ཚོགས་ནི་གཞུང་ལ་རྙོག་དྲ་བཟོ་མཁན་དང་། གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་རེད།
༢༽ ༼མཆན་འདེབས་བྱེད་སྐབས་དཀྲུགས་ཤིང་གི་ངོ་བོར་མི་འགྲོ་བའི་རེ་བ་ཡོད།༽ཟེར། མཆན་འདེབས་མཁན་ཚོས་། དཀྲུགས་ཤིང་གང་ཡང་རྒྱག་གི་ཡོད་པ་མ་རེད། དཀྲུགས་ཤིང་གི་མཆན་ཧ་ལམ་སྤེལ་མི་འདུག ༼བོད་ཀྱི་གསོ་བ་རིག་པ་ནི་སྤྱིར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཕྲོད་བསྟེན་ལ་ཤིན་ཏུ་ནས་འབྲེལ་ཆེ་བ༽བདེན་ནའང་། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འདི་ཆེད་འཛུགས་གནང་ནས་ལོ་བརྒྱད་ལྷག་སོང་ཡང་ད་དུང་ཡང་། གཞུང་གི་དཔལ་འབྱོར་ནས་མཐུན་འགྱུར་སློང་མཁན་ཆགས་ཡོད་པ་འདི་མཐོང་ནས་མང་ཚོགས་དང་སྤྱི་ཚོགས་སེམས་པ་སྐྱོ་དགོས་པ་ཞིག་བཟོས་ཡོད།
༣༽ མཚན་འདེབས་མཁན་ཚོས་སྨན་པའི་ལྷན་ཚོགས་ཀྱིས་ཚོང་རྒྱག་དགོས་པ་རེད། ཁེ་ལས་གཉེར་དགོས་རེད་ཅེས་ཟེར་གྱི་མི་འདུག གང་ཟེར་གྱི་འདུག་ལབ་ན། སྨན་པའི་ལྷན་ཚོགས་ནི༼ བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང༌། གཞན་ཡང་ཁྲིམས་ཡིག་འདིར་བརྩི་བཀུར་དང་ལེན་ཞུ་འདོད་ཡོད་མཁན་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ལ་ཁྱབ་པ་ཡིན།༽ཡིན་པའི་ཆ་ནས། རང་བཞིན་གཤིས་ཀྱིས་དཔལ་འབྱོར་ཐད་ནས་རང་ཁ་རང་གསོ་ཐུབ་དགོས་པ་ཞིག་ཆགས་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་འདུག
༤༽ ལྷན་ཚོགས་འདིའི་དམིགས་ཡུལ་༼བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང༌། སྨན་སྦྱོར་ལག་ལེན་བཅས་པ་གཞུང་མཐུན་ཚད་ལྡན་ཡོང་ཐབས།༽ཡིན་ཞེས་གསལ་ཡོད་པ་རེད། འདས་པའི་ལོ་བརྒྱད་རིང་སྨན་པ་ཚད་ལྡན་ག་ཚད་ཅིག་བསྐྱེད་བསྲིང་བྱས་ཡོད་པ་རེད་དམ། སྨན་སྦྱོར་ལག་ལེན་གཞུང་མཐུན་ཚད་ལྡན་མིན་པ་ཐོན་སྐྱེད་བྱེད་མཁན་གྱི་རིགས་ཚད་ལྡན་དུ་བཟོས་གྲངས་ག་ཚད་ཡོད་དམ། ཡིད་ཆེས་མི་སླེབས་ས་ཞིག་ནི་འདི་ན་ཡོད། སྨན་རྩིས་ཁང་དང་ཡན་ལག་སྨན་ཁང་ཁག་གི་སྨན་པ་ཚོའི་ནང་ན། གཞན་ཡང་སྒེར་བའི་སྨན་པ་ཚོའིོ་ནང་བཅས་ན་ནད་པའི་མིང་གི་དག་ཆ་དང་། སྨན་པ་ཞིག་གིས་ངེས་པར་མཁྱེན་ཆུབ་དགོས་པ་སྨན་མིང་གི་དག་ཆ་ཚད་ལྡན་འབྲི་ཤེས་མཁན་ག་ཚད་ཡོད་པ་རེད། འདི་ལ་བལྟས་ཡོང་ན་བོད་ཀྱི་གསོ་རིག་གི་བསྟན་པ་ཉམས་བཞིན་ཡོད་པ་ཞིག་མཐོང་གི་ཡོད། དེ་སྐྱོབ་ཐབས་ཀྱི་ལས་གཞི་ག་རེ་སྤེལ་དགོས་ནའང་སྤེལ་དགོས་པ་ཞིག་རེད། དེ་ལ་སྨན་པའི་ལྷན་ཚོགས་ཀྱིས་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པ་མ་རེད།་སློབ་གཉེར་ཁང་སོ་སོ་དང་སྨན་པ་སོ་སོར་སྟངས་འཛིན་ཐད་དམ་དོན་བྱས་པ་ཡིན་ན། ཡར་རྒྱས་ཀྱི་རེ་བ་མེད་པ་ཨེ་ཡིན་འདོད།
ཨ་མདོ་སྨན་པ་མཁྱེན་རབ་ཟེར་བ་དེ་སློབ་སྟོན་པ་གང་ཡང་མ་རེད། ཁོ་རང་གིས་སློབ་སྟོན་པ་ཡིན་ཟེར་ནས་བསྒྲགས་ཀྱི་ཡོད་ན་གང་ཤེས། ཁོ་སྨན་རྩིས་ཁང་གི་དགེ་རྒན་དཀྱུས་མ་ཞིག་རེད། སྲིད་དོན་ལ་ཞུགས་ནས་གྲོས་འཐུས་ཡང་རེད།
སྨན་པའི་ལྷན་ཚོགས་ཀྱིས་ད་རིང་རྙོགས་ཁྲ་བཟོ་དུས་མ་གཏོགས་སྨན་པའི་ལྷན་ཚོགས་ཟེར་བ་ཞིག་གོ་མ་མྱོང་། ཁྱོད་ཚོའི་འདོད་ཐོག་ལྟར་མ་འགྲོ་ན་ལམ་སང་བོད་གཞུང་ཆེའི་མཐོའི་ལས་ཁུངས་བཀའ་ཤག་ལ་༼བོད་ཀྱི་རིག་གནས་དང་གསོ་བ་རིག་པའི་ལས་དོན་ལ་ཆེ་མཐོང་དང་རྒྱབ་སྐྱོར་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར༽་བཞིན་ཁྱབ་སྒྲོག་བྱེད་སྟངས་འདི་མཐོང་སྐབས་བློ་ཕམ་ངང་གིས་སྐྱེ་ཡོང་བ་ཞིག་རེད། བྱ་སྤྱོད་འདི་ནི་གཞུང་ལ་བརྩི་བཀུར་མེད་པའི་ཡར་དཀྲུགས་མར་དཀྲུགས་བྱེད་འདོད་ཀྱི་རྣམ་འབྱོར་ཞིག་ཡིན་པ་མ་ཟད་ཁྱོད་ཚོས་ནུས་ཤུགས་ཡོད་དགུ་སྟོན་ཏེ་བཀའ་ཤག་ལ་གནོན་ཤུགས་སྤྲོད་པའི་ལས་རིམ་གྱི་སྔོན་འགྲོ་ཞིག་ཡིན་པ་འང་མཐོང་། ད་དུང་ཁྱོད་ཚོས་མཆན་ནང་དུ་སྤྱི་ཚོགས་དཀྲུགས་ཤིང་ལ་མ་འགྲོ་བ་བྱེད་རོགས་ཟེར་མགོ་རུས་སྣས་མ་འཚོར་རེད་དམ་ཧམ་བཤད་རེད།བཀའ་ཤག་གིས་ཁྱོད་ཚོར་འགྲོ་གྲོན་གཏོང་ན་ཆུ་ཟོས་སམ་ཕན་འབྲས་མེད་པ་དགོངས་པ་ལས་ཅི།
༡། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འདི་ཆེད་འཛུགས་གནང་ནས་ལོ་བརྒྱད་ལྷག་སོང་ཡང་སྤྱི་ཚོགས་ནང་མཁྱེན་རྟོགས་དེ་ཙམ་མེད་ནས་སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་གཉིས་ཚོགས་པ་གཅིག་ཏུ་ངོས་འཛིན་བྱེད་ཅིང་ད་བར་སྨན་པའི་ལྷན་ཚོགས་ཀྱི་འགན་དབང་དང་གནས་བབས་དེ་བཞིན་ལྷན་ཚོགས་ཀྱི་ལས་དོན་བྱས་པ་དང། ལྷན་ཚོགས་ཀྱི་ལས་དོན་བྱེད་སྐབས་དཀའ་ངལ་གང་དང་གང་ཡོད་མ་ཤེས་འཕྲོད་པར་ནོར་གྱིན་འདུག་པས་ད་རིང་གསར་འགོད་གསལ་སྒྲགས་འདི་བརྒྱུད་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ངོ་བོ་དང་ལས་འགན་གཙོས་དཀའ་ངལ་ཇི་ཕྲད་ཀྱི་གནས་ཚུལ་རྣམས་མི་མང་གི་ཤེས་རྟོགས་ཆེད་གཙོ་བོ་ཡིན། སྐབས་འདིར་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་དེ་འཛིན་སྐྱོང་བཀའ་ཤག་ལ་སྐྱོན་བརྗོད་ངོ་བོར་དམིགས་པ་མ་ཡིན་པར་ལྷན་ཚོགས་ཀྱི་གནས་བབས་གང་ཡིན་པ་དེ་འགྲེལ་བརྗོད་བྱས་པ་ཞིག་ཡིན་པས་བོད་མི་འགན་ཡོད་ཚང་མས་མཆན་འདེབས་བྱེད་སྐབས་དཀྲུགས་ཤིང་གི་ངོ་བོར་མི་འགྲོ་བའི་རེ་བ་ཡོད།
མཆན་འདེབས་བྱེད་སྐབས་སྨན་པའི་ལྷན་ཚོགས་ཀྱི་གནས་བབས་གསལ་པོ་ཤེས་པའི་ཐོག་ནས་གནང་ཐུབ་ཚེ་དགེ་ཚན་ཆེ་བས་ཚང་མས་ཡིད་གཟབ་གནང་རོགས།
བོད་ཀྱི་གསོ་བ་རིག་པའི་ཐོག་སྲིད་བྱུས་དང་མདུན་བསྐྱོད་ཀྱི་ལས་གཞི་གང་དགོས་ཀྱང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཙམ་མ་ཡིན་པར་བོད་མི་སྤྱི་བོ་གནམ་བསྟེན་ཡོངས་ལ་འགན་འཁྲིད་ཡོད། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་མིང་བེད་སྤྱོད་ལོག་པར་སྤྱད་དེ་དཔལ་འབྱོར་འདུ་འགོད་ཀྱི་མཚོན་པའི་ལས་གཞི་སྤེལ་ནས་བོད་ཀྱི་གསོ་བ་རིག་པའི་མཚན་སྙན་ལ་གནོད་འཚེ་ཡོང་རིགས་ལ་ང་ཚོ་ཚང་མས་གདོང་ལེན་ངེས་པར་བྱེད་དགོས་པ་ཡིན།
བོད་ཀྱི་གསོ་བ་རིག་པ་ནི་སྤྱིར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཕྲོད་བསྟེན་ལ་ཤིན་ཏུ་ནས་འབྲེལ་ཆེ་བས་དེ་དོན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཚོན་པའི་འབྲེལ་ཡོད་ཚང་མས་འཁུར་མཉམ་ལེན་བྱེད་དགོས།
གཞན་ཡང་སྨན་པའི་ལྷན་ཚོགས་འདི་གསོ་བ་རིག་པ་དང་འབྲེལ་བའི་སློབ་ཚན་དང་ཁྲིམས་སྒྲིག་ལག་བསྟར་གནང་མཁན་གྱི་ཁེ་མེད་ཚོགས་པ་ཞིག་ཡིན་པ་ཤེས་ཐུབ་ན་འདིའི་ལས་དོན་ཚག་ཚུད་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་འགྲོ་གྲོན་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་ཆགས་ཡོད།
ཆེས་མཐོའི་སྨན་པའི་སློབ་སྟོན་པ་ཡིན་ཟུར་མཁན་ཨ་འདོ་སྨན་པ་མཁྱེན་རབ་སྨན་རྩིས་ཁང་གི་ལས་བྱེད་གནས་རིམས་གང་ཡིན་གསལ་བྱེད་ཅིག་གནང་རོགས།
སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་གཉིས་གཅིག་པ་མ་རེད། སྨན་རྩིས་ཁང་ལ་མཚོན་ན་ཉེ་བའི་ལོ་བཅུ་ཕྲག་རིང་འཐུས་ཤོར་ཕྱིན་པ་དང་དྲང་པོ་བྱུང་མེད་པའི་གནས་ཚུལ་དབང་གིས་གོང་ས་མཆོག་ཐུགས་ཕམ་བྱུང་བ་དང་བཀའ་བཀྱོན་ཕེབས་པའི་གནས་ཚུལ་ཡང་བྱུང་ཡོད་པ་ཡོངས་གྲགས་རེད། འཛིན་སྐྱོང་འཐུས་ཤོར་ཙམ་དུ་མ་ཟད་རིག་གཞུང་འཐུས་ཤོར་ཆེན་པོ་བྱུང་བ་གཙོ་བོ་སྨན་རྩིས་མཐོ་སློབ་ཁང་གི་དགེ་རྒན་ཀྱི་ཤེས་ཚད་ཝ་ཎ་དང་ལྕགས་པོ་རི་ལས་སྐྱོ་བ་ཡོད་པ་ལས་བྱུང་བ་ངོས་འཛིན་བྱེད་བཞིན་པ་དང་། ཤེས་འཇོན་གཉིས་ལྡན་གྱི་སྨན་པ་ལོ་ཙཱ་པ་སྨན་པ་བསྟན་འཛིན་གྲགས་པ་དང་། སྨན་པ་ཆོ་ལོ་ཐར། སྨན་པ་སྤེན་པ་ཚེ་རིང་། སྨན་པ་བསྟན་འཛིན་རྣམ་གྲོལ་སོགས་སྨན་རྩིས་ཁང་ནས་བློ་ཕམ་གྱིས་ཕྱིར་ཐོན་བྱེད་དགོས་བྱུང་ཡོད།
སྨན་པའི་ལྷན་ཚོགས་ཀྱི་འཐུས་ཤོར་ནི་ཡུལ་ལུང་སྐྱོ་བོའི་དཔོན་ངན་བཞིན་མིང་འདོགས་སྣ་ཚོགས་ཀྱི་བསྡུ་ཆ་མང་དྲགས་པ་ལས་ཆེ་མཐོང་བརླག་པ་དང་། བླ་ཆེན་འབྱོར་ཆེན་ཁག་ལ་ཞལ་འདེབས་སློང་དྲགས་པ། ཝ་སྐྱེས་རྒྱལ་པོར་གྱུར་བ་ན། རང་གི་རིགས་ལ་ལྷག་པར་སྡང་པའི་དཔེ་བཞིན་སྨན་རྩིས་ཁང་གི་འཐུས་མི་རེ་ཟུང་ནས་སྨན་ལྷན་གྱི་མིང་བེད་སྤྱོད་ཀྱིས་སྨན་རྩིས་ཁང་ལ་ཁ་གཏད་ལྟ་བུར་ལངས་པ་སོགས་པས་སྨན་རྩིས་ཁང་ནས་རྒྱབ་སྐྱོར་མ་རེག་ཁར། རྒྱུན་ལས་ཚོ་ཐུགས་སྤྲོར་འཛོམ་རྒྱུར་དགའ་བ་ལས་བྱུང་ཡོད། འགན་འཛིན་ཟུར་པ་ཚེ་རིང་བཀྲིས་ཡང་སྐྱར་ཕེབས་པ་འདིས་སྨན་རྩིས་ཁང་ལ་རེ་བ་གསར་བ་ཞིག་སླེབས་ཡོད་ནའང་། སྨན་ལྷན་གྱིས་གནང་སྟངས་འདིས་རང་ཅག་གསོ་རིག་འཛིན་པ་རྣམས་ཧང་སངས་རུ་བཅུག་པ་རེད། ད་དབུ་ལ་བཞུགས་མཁན་ཡིན་ཟེར་མཁན་ཚོས་འདི་ལྟར་གནང་བསྡད་ན་ཐོངས་མཆན་འདྲ་རེག་མིན་ལ་འབད་པ་བྱེད་དུ་འགྲོ་རྐྱང་ཡིན་དོ།།
སྨན་རྩིས་ཁང་གི་འཐུས་ཤོར་ལ་གོང་ས་མཆོག་གི་ཐུགས་ཕམ་དང་བཀའ་བཀྱོན་ཕེབས་པ་ལན་རེ་ཟུང་མ་རེད། ད་ལྟ་སྨན་ལྷན་གྱིས་ཟིང་སློང་རླུང་ནག་འཚུབ་མས་ཡང་བསྐྱར་མགོན་པོ་མཆོག་ཐུགས་ཕམ་དུ་འཇུག་རྒྱུ་ཡིན་པ་རེད།
བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་བོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱིས་སྒྲིག་གཞི་གཏན་འབེབས་མཛད་ནས་གསར་འཛུགས་གནང་བ་ཞིག་ཡིན་པས་བཙན་བྱོལ་བོད་མིའི་གསོ་རིག་གི་ལས་དོན་ལ་སྟངས་འཛིན་བྱེད་པའི་གཞུང་འབྲེལ་གྱི་ཚོགས་པ་ཞིག་ཡིན། ད་ལྟའི་བར་དུ་བཙན་བྱོལ་བོད་མིའི་གསོ་རིག་གི་ལས་དོན་ལ་ཡར་རྒྱས་ཀྱི་རྣམ་པའི་གྲུབ་འབྲས་ཐོན་ཡོད། བོད་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་ལྷན་ཚོགས་ཀྱི་འདོད་བློ་ལ་བློ་སེང་བཀའ་ཤག་གིས་བཀག་འགོག་བྱས་པ་འདི་ནི་བཀའ་ཁྲི་མཆོག་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལ་དགའ་བོ་མེད་པའི་རྟགས་མཚན་དངོས་མ་དེ་ཡིན།
སྤྱིར་བོད་ཀྱི་གསོ་བ་རིག་པ་ནི་ཆེས་རིན་ཐང་ཅན་གྱི་བོད་ཀྱི་རིག་གཞུང་ཞིག་རེད་ལ། དེ་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་དེ་དག་ཀྱང་གལ་ཆེན་པོ་རེད་ལ་བརྩི་བཀུར་ཡང་ཡོད།
འོན་ཀྱང་དེ་རིང་འདིར་ས་གནས་གཅིག་གཅིག་མེག་མེག་གི་སྐུ་ཚབ་ཡིན་ཟེར་བའི་མི་སྣ་ཁ་ཤས་ཤིག་རུག་རུག་བྱས་ནས། བཀའ་ཤག་ལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གནས་ཚུལ་འདི་འདྲ་མཐོང་དུས་སྔོན་མ་གྲོས་ཚོགས་ནང་”དཔུང་སྒྲིག་”བྱེད་པའི་རྣམ་པ་དེ་ཡང་བསྐྱར་གསལ་ལྷང་ངེར་དྲན་ཡོང་གི་འདུག ཀྱེ་མ་ཧུད།
བཀའ་ཤག་གིས་རྒྱུན་གྲོན་བཀའ་དགོས་པའི་རྒྱུ་མཚན་ག་རེ་ཡོད་མེད་རྗེས་སུ་ག་ལེར་ཤེས་ཡོང་གི་རེད།
བོད་ཀྱི་རིག་གཞུང་གི་མིང་འཁྱེར་ནས་ཚོགས་པ་འདྲ་མིན་བཙུགས་ནས་སོ་སོ་ལྟོ་གོས་འཚོལ་གྱིན་མང་པོ་ཡོད་པ་རེད། བོད་ཀྱི་རིག་གཞུང་ལ་རྩེ་བ་ཡོད་ནས་སོ་སོས་དཀའ་ལས་རྒྱབ་སྟེ་ཞབས་འདེགས་ཞུ་དགོས་པ་ལས་གཞུང་ལ་བསྙད་དེ་བསྡད་ན་དོན་དག་ཅི་ཡང་མིན་འདུག ལྷག་པར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཧ་ཅང་མང་པོ་ཡོད་པ་རེད། དེ་དག་ཚང་མ་བོད་སྤྱི་པའི་ལས་དོན་དང་འབྲེལ་བ་ལོས་ཡོད། འོན་ཀྱང་ཚང་མ་གཞུང་གིས་གསོས་ནས་ཡོང་ཡག་ཡོད་མ་རེད། བྱས་ཙང་སྨན་པའི་ལྷན་ཚོགས་ཁྱེད་རང་ཚོ་རང་མགོ་ཐོན་རོགས་བྱེད། རྙོག་དྲ་ཞེ་དྲག་མ་བཤད་རོགས།
མཆན་འཇོག་མཁན་ལྷན་རྒྱས་ཚང་མས་སྨན་པའི་ལྷན་ཚོགས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག གཞུང་འབྲེལ་མིན་པའི་ཚོགས་པ་གཞན་དག་དང་མཚུངས་བསྡུར་བྱེད་ཀྱི་འདུག སྨན་པའི་ལྷན་ཚོགས་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གཏན་འབེབས་བཟོས་པ་ཞིག་མ་རེད་དམ། ལྷན་ཚོགས་འདི་འཕྲོད་བསྟེན་ལས་ཁུངས་ཀྱི་སྟེང་འཛིན་འོག་ཆས་དགོས་པ་ཞིག་རེད་འདོད། དཔེར་ན། རྒྱ་ནག་ལན་འདེབས་ཚོགས་ཆུང་གི་རྒྱུན་གྲོན་ཚང་མའང་དེ་སྔོན་གཞུང་གིས་བཏང་བ་མ་རེད་དམ། དངོས་ཡོད་གནས་སྟངས་ལ་དོགས་ཙམ་བསམ་བློ་གཏོང་དགོས་ཀྱི་འདུག་བསམ། སྨན་ལྷན་གྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་སྒེར་གྱི་ཐད་སྤྱོད་ཉེས་ཡོད་མེད་དེ་དོན་དག་གཞན་ཞིག་རེད།
སྨན་རྩིས་ཁང་བཙུགས་ནས་ད་བར་བོད་ཀྱི་གསོ་བ་རིག་པའི་ཐད་གྲུབ་འབྲས་བཞག་ཆེས་ཉུང་ཉུང་རེད། སྨན་པའི་ལྷན་ཚོགས་སོགས་༧གོང་ས་ཆེན་པོར་མཇལ་ཐེངས་རེ་རེར་བཀའ་བཀྱོན་མང་པོ་རེག་ཡོད། དེ་དག་གསང་བའི་ཐོག་ཉར་ནས་མི་མང་གིས་ཤེས་རྟོགས་ཐུབ་ཀྱི་མེད། ད་ལྟའི་རྒྱུན་གྲོན་འདི་བཀག་པ་བཀའ་ཤག་གི་སྲིད་བྱུས་ཚན་ལྡན་ཡིན་མིན་མི་ཤེས་ཀྱང། སྨན་པར་རློམ་པའི་སྣེ་མོ་ཚོ་རུབ་རུབ་བྱས། འདི་ལྟར་གསར་འགོད་གསལ་བསྒྲགས་སྤེལ་བ་ནི་དངོས་གནས་ཐབས་སྐྱོ་བོ་རེད། དེས་ན་རང་ངོས་ནས་མ་འཇོན་པ་དང་འཇོན་ཡང་མ་བྱས་པའི་སྐྱོན་ཆ་ཡོངས་རྫོགས་ཀྱང་མཉམ་ཏུ་ང་ཚོའི་སྤྱི་ཚོགས་ནང་ཡོངས་བསྒྲགས་བྱེད་དགོས་ཀྱི་ཡོད་པ་རེད། དེ་མིན་ནང་ཁུལ་མ་མཐུན་པ་དང་དོན་དག་ཆུང་ཙག་སྟེང་དབུ་འཁོར་ནས་སྡོད་པ་ནི་ཚང་མས་ཤེས་གསལ་རེད། ཉེ་འཆར་སྐུའི་བླ་སྨན་རྟ་མགྲིན་ལགས་ཀྱིས་དགོངས་ཞུ་གནང་ཡོད་པ་རེད། རྒྱུ་མཚན་ག་རེ་ཡིན་མིན་ཞིབ་འཇུག་བྱས་ན་སྨན་རྩིས་ཁང་གི་སྤྱིའི་ནང་སྙིང་གསལ་ཡོང་གི་རེད། དེ་བས་སྨན་རྩིས་ཁང་དང་བོད་ཁྱིམ་སོགས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རྣམས་ཀྱིས་གཟབ་གཟབ་བྱས་ན་ལོས་དགའ། ནམ་ཞིག་ཁྲིམས་ཐོག་གི་ཞིབ་འཇུག་ཅིག་ཡོང་དགོས་ཤར་ཚེ་སྐབས་དེར་མི་ག་ཚོད་སྲོག་ཐོག་གཏོང་དགོས་མིན་ཧ་ཅང་གསལ་བོ་རེད།
བོད་ལུགས་གསོ་རིག་འདི་ནི་བོད་ཀྱི་སྔོན་བྱོན་མཁས་དབང་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་ཐབས་ལམ་ལ་བརྟེན་ནས་བྱུང་བའི་བོད་ཀྱི་ཕྱིའི་དངོས་པོའི་ཚན་རིག་གི་རྣམ་པ་གཅིག་བུ་ཡིན་པར་མ་ཟད། ད་ལྟའི་བར་དུ་ཕྱི་རྒྱལ་ཁབ་ཀྱི་མི་རིགས་ཁག་ལ་མངོན་ཆོག་པའི་བོད་ཀྱི་གཅེས་ནོར་དེ་ཡིན་པས་རྒྱལ་ཁབ་གཞན་གྱིས་ཀྱང་འདིའི་ཁྱད་ཆོས་མཐའ་དག་ནང་འདྲེན་བྱས་ཡོད། བོད་ལ་མཚོན་ནའང་སྔོན་གྱི་དུས་རབས་ནས་བརྒྱུད་དེ་ད་ལྟའི་བར་དུ་བོད་ཀྱི་ནད་པ་དུང་ཕྱུར་མང་བོ་ལ་ལུས་སེམས་ཀྱི་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད། ད་ལྟའི་དུས་སུའང་རྒྱ་ནག་གིས་བོད་ཀྱི་གསོ་རིག་གི་ལས་དོན་ལ་རྒྱབ་སྐྱོར་དང་གོང་འཕེལ་རྒྱ་ཆེན་དུ་བཏང་སྟེ་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ནའང་བོད་ཀྱི་གསོ་རིག་འདི་ཉིད་མེད་པ་ནས་ཡོད་པའི་ངོ་བོ་ཞིག་ཏུ་གྱུར་ཏེ་བཙན་བྱོལ་གྱི་མགོ་དཔོན་རིགས་ནས་མཇུག་ཉམ་ཐག་ཏུ་གྱུར་བའི་སྐྱོ་བོ་རྣམས་ལ་ཕན་བདེ་རླབས་ཆེན་སྒྲུབ་བཞིན་པ་དང་། ཡིན་ནའང་། ད་དུང་བོད་ཀྱི་གཅེས་ནོར་འདི་ཉིད་ལ་གཞུང་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་། ངོས་འཛིན། ཐུགས་ཁུར་ཟབ་མོ་བཅས་གནང་ནས་མུ་མཐུད་དུ་ཡར་རྒྱས་དང་ཆ་ཚང་བའི་རྣམ་པ་ཞིག་ཡོངས་སུ་མངོན་པ་ལ་དུས་ཡུན་རིང་བོ་ཞིག་ལྷག་ཡོད་པ་རེད།
བཀའ་འཁྲོལ་གནང་མི་དགོས་པའི་རྒྱུ་མཚན་ཞིག་གསུངས་ཡོད་ཀྱི་རེད། དེ་མི་མང་ལ་གཅིག་བསྒྲགས་ན་གང་འདྲ་འདུག དེ་ནས་སེངྒའི་བཀའ་ཤག་གི་དགོངས་བཞེད་གང་ཡིན་ཚོད་དཔག་ཅིག་ཐུབ་ཀྱི་རེད། དེ་མིན་ཆེ་མཐོང་མེད་པ་ཡིན་དང་གང་ཡིན་བཤད་ཚོད་ཐིག་དཀའ།
ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་བོད་ཀྱི་གསོ་རིག་རྒྱུན་འཛིན་པ་ཡོངས་ལ་ཁྱབ་པའི་རང་སྐྱོང་གི་ཚོགས་པ་ཞིག་ཡིན་པ་ལས་བཙན་འབྱོལ་སྒྲིག་འཛུགས་སྨན་རྩིས་ཁང་དང་འབྲེལ་བ་མེད་པ་ཞིག་རེད་ཅེས་ཁུངས་ལྡན་ནས་ཐོས་པས་མཆན་བུ་བ་ཁ་ཤས་ཤིག་གིས་ར་མགོ་ལུག་སྦྱར་གནང་འདུག
ཚེ་རིང་བཀྲ་ཤིས་ལགས་སྨན་རྕིས་འགན་འཛིན་དུ་གསར་བསྐོ་གནང་འདུག་པས་ཁོང་རིག་གཞུང་ལ་ཞེན་པ་དཀར་བས་རོགས་སྐྱོར་ཞིག་གནང་རེ་མེད་དམ།
རིག་གཞུང་རིན་ཐང་ཆེ་མཐོང་རྒྱབ་སྐྱོར་སོགས།།
དངུལ་གྱི་བཀའ་འཁྲོལ་ཙམ་ལ་བརྗེ་བ་བླུན།།
འདི་ཙམ་མ་ནུས་རིག་གཞུང་གང་ཞིག་སྤེལ།།
ཚེ་རིག་འཛིན་པའི་ཚོགས་ལ་ཅིས་ཉེས་སམ།།
རིག་གཞུང་འདི་ལ་ཆེ་མཐོང་མེད་པའི་རྟགས།།
དངུལ་གྱི་བཀའ་འཁྲོལ་མ་བྱུང་ངོས་འཛིན་འདིས།།
རིག་བྱེད་འདི་ལ་སྦྱངས་པ་ཐོན་པ་དག།
རིན་ཆེན་ནོར་ཉམས་ཆོད་པ་མ་བྱུང་བསྟན།།
གཞུང་གིས་ཐག་གཅོད་རྒྱུ་མཚན་སྲང་ཁ་མཐོ།།
རིག་གཞུང་འདི་ཡིས་རང་ཁ་གསོ་ནུས་པའི།།
རིན་ཐང་དེ་ལ་ཆེ་བའི་མཐོང་བཏེགས་ནས།།
ཐག་གཅོད་འདི་གནང་གཞུང་ས་བཀའ་དྲིན་ཆེ།།
གོང་དུ་མི་གསུམ་གྱིས་མཆན་བཏབ་པར་མོས་མཐུན་ཡོད། ཆེས་མཐོའི་ལྷན་ཚོགས་ཀྱིས་སོ་སོའི་འདོད་ཐོག་ཏུ་མ་སོང་བར་ལམ་སེང་གསར་འགོད་གསལ་བསྒྲགས་དང་སྤེལ་ཏེ་བཀའ་ཤག་གིས་གསོ་རིག་ལ་ཆེ་མཐོང་སྤྲོད་ཀྱི་མེད་ཚུལ་སོགས་བརྗོད་སྟངས་ལ་གཞིགས་ན་གླེང་གཞི་བཟོ་འདོད་ཀྱི་ཀུན་སློང་ཡོད་པ་གསལ། སྤྱིར་ན་བཀའ་ཤག་ལ་ཆེ་མཐོང་སྤྲོད་སའི་ཚོགས་སྡེ་མང་ཡང་ཐམས་ཅད་ལ་མཐུན་རྐྱེན་ཇི་ལྟར་སྦྱར་ཐུབ་བམ། སྨན་པའི་ལྷན་ཚོགས་ཀྱིས་ཚོགས་པ་བཙུགས་ནས་ད་བར་བཀའ་ཤག་གི་རོགས་སྐྱོར་ལ་རྗེས་དྲན་དང་སྦྲགས་སོ་སོའི་རྐང་པར་ལོང་རྒྱུར་འདུ་ཤེས་འཛིན་དགོས་པ་ལས་སྔོན་རྩིས་ཇེ་མང་བའི་སློང་ཤོག་བཀའ་ཤག་ལ་ཐུབ་པ་ཙམ་གྱིས་ཅི་ཡོང་། ད་ལྟའི་གསལ་བསྒྲགས་འདིར་ཞིབ་ཏུ་དཔྱད་ན་རང་མཚངས་ཕྱིར་མངོན་པའི་གསལ་བསྒྲགས་ཤིག་ཏུ་མཐོང།
བོད་ཀྱི་གསོ་བ་རིག་པ་ནི་རང་ཁ་རང་གསོ་བྱེད་ཐུབ་པའི་རིག་གནས་ཤིག་ཆགས་ཡོད། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་འགྲོ་གྲོན་དང་། བོད་ཀྱི་གསོ་རིག་དར་སྤེལ་གྱི་ལས་གཞིའི་འགྲོ་གྲོན་ཙམ་ཡང་རང་མགོ་ཐོན་གྱི་མེད་པ་ཡིན་ན། རིག་གནས་རྩ་ཆེན་འདི་རྒུད་ཀྱི་ཡོད་པའི་རྟགས་རེད།
”ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།།” ཞེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་ཡོད་པ་མིན་ནམ། སྨན་པ་བཞི་བརྒྱ་དང་གསུམ་ཡོད་པའི་ཚོགས་པ་ཞིག་གིས་ལྷན་ཚོགས་ཀྱི་རྒྱུན་གྲོན་དང་འགྲོ་སོང་ཙམ་ཡང་རང་མགོ་ཐོན་གྱི་མེད་པ་ནི་ཞབས་འདྲེན་རེད།
གཞུང་གིས་ཤེས་ཀྱི་ཡོད་པ་རེད། ཚེ་ཡི་རིག་བྱེད་དང་འབྲེལ་བའི་ཚོགས་པ་དང་མི་སྒེར་སུ་ཡིན་ནའང་རང་ཁ་རང་གསོ་ཟེར་བ་འདི་མ་བཅོས་ཤུགས་ལ་ཡོང་བ་ཞིག་ཡིན་པ་དེ་གཞུང་གིས་མཁྱེན་ནས་ཐག་གཅོད་འདི་གནང་བ་ཡིན་རྒྱུ་རེད། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་ང་ཚོས་རང་ཁ་རང་གསོ་ཐུབ་ཀྱི་ཡོད། གཞུང་གི་འགྲོ་གྲོན་ཞུ་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་ཅེས་ཡར་ཞུ་ཐུབ་པ་ཞིག་དགོས་པ་རེད་མ་གཏོགས། གཞུང་གིས་འགྲོ་གྲོན་བཀའ་འཁྲོལ་གནང་རོགས་ཞེས་ཞུ་དགོས་ཆགས་པ་འདི། བོད་ཀྱི་གསོ་བ་རིག་པ་འདི་ལ་ཚེ་རིག་འཛིན་པ་ཚོས་མཐོང་དང་ཆ་འཇོག རིན་ཐང་ངོས་འཛིན་སྐྱོ་དྲག་པས་རེད། ད་རེས་གཞུང་གིས་ཐག་གཅོད་གནང་སྟངས་འདི་འགྲིག་ཡོད་པར་མཐོང་སོང་།
འཛུགས་དགོས་པ་དངོས་གནས་པ་དེ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ལས། ཆེས་མཐོའི་དགེ་རྒན་ལྷན་ཚོགས་ཤིག་རིང་མིན་བསྐང་འཆར་ཡོད་པའི་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཐག་གཅོད་དགོས་གལ་མཐོང་། སྐུ་མཁྱེན། སྨན་པའི་ལྷན་ཚོགས་ལགས། སྨན་རྩིས་ཁང་ནི་རང་སྐྱོང་སྡེ་ཚན་ཁྲོད་དཔལ་འབྱོར་ཡག་ཡིན་རབས་འདུག་ན། ཅི་ཕྱིར་གཞུང་ལ་ལག་པ་གཟེབ་དགོས་པ་རེད། ཁྱེད་ཚོས་བྱེད་སྟངས་གོ་དུས་སྔོན་གྱི་བྱེ་མ་ཁང་གསར་ཡིད་ལ་འཁོར་ཀི
ཞལ་འདེབས་མ་རེག་པར་རང་གཞུང་དང་འཕྲོད་བསྟེན་བཀའ་བློན་མཆོག་ལ་སྐྱོན་བརྗོད་དང་ཚིག་མཚོན་འདེབས་པ་དེ་རན་པོ་མཐོང་མ་སོང་། ལར་ནས་སྨན་པའི་ལྣ་ཚོགས་ཟེར་པ་འདིའི་ཚོགས་གཙོ་ལ་སྨྱོ་རྟགས་ཡོད་རབས་རྡ་སར་ཡོངས་གྲགས་རེད། དེའི་ཁར་ཀླད་མེད་ཁ་ཤས་རྐུབ་ལ་རྒྱུགས་དེ་རང་ཉིད་བརླགས་པ་ཤེས་ཀྱི་མེད་པ་འདྲ། དུས་ཆད་བགོས་ནས་ཝ་ཎ་གཙུག་ལག་སློབ་གྲྭ་དང་ལྕགས་རི། ཇམ་མུ་ཀ་ཤི་མུ་རི་མཚན་ཉིད་སློབ་གྲྭ་སོགས་ལ་འཇིགས་སྣང་ལྟ་བུ་སྐུལ་བྱེད་དུ་རང་གཞུང་བེད་སྤྱོད་བྱེད་པ་དེ་ལས་ཀྱང་རྫབས་ཆེན་རེད་བསམ།
རང་སྐྱོང་ཚོགས་པ་ཞིག་གི་ནང་ནས་སྨན་རྩིས་ཁང་འདི་ཕྱུག་ཤོས་ཤིག་ཡིན་ཚུལ་སྔ་ས་ནས་གོ་མྱོང་། སྨན་པ་དང་ལས་བྱེད་རྣམས་ཀྱི་གསོལ་ཕོགས་རང་གཞུང་གི་གཞུང་ཞབས་རྣམས་ཀྱི་གསོལ་ཕོགས་ལས་མཐོ་བ་དང་། བཙན་བྱོལ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགེ་རྒན་རྣྱམས་ལས་ཀྱང་སྨན་པ་རྣམས་ཀྱི་གསོལ་ཕོགས་ཧ་ཅང་མཐོ་བ་ཡོད། དེར་བརྟེན་སྨན་པའི་ལྷན་ཚོགས་ཀྱིས་བཀའ་ཤག་ནས་རྒྱུན་གྲོན་སློང་སྟངས་དེ་ཅུང་མ་འོས་པ་ཞིག་ཏུ་སྣང་།
ད་རེས་བཀའ་ཤག་གིས་བྱེད་སྟངས་དེ་འགྲིག་འདུག ད་ལྟའི་བར་ཏུ་སྨན་པའི་ལྷན་ཚོགས་ཟེར་བ་འདིས་ལས་ཀ་མངོན་གསལ་དོད་པོ་ཞིག་བྱེད་མ་མྱོང་བ་གསལ་བོ་རེད།
དོན་མེད་འགྲོ་སོང་གཏོང་ས་ཤིག་གི་སྒོ་བཀག་པ་རེད། སྲིད་སྐྱོངས་བློ་སེང་མཆོག་དེ་འདྲ་ཞིག་ལོས་ཡིན།
ངས་བལྟས་ན་བཀའ་ཤག་གིས་དགོས་པ་རྒྱུ་མཚན་ལ་གཞིགས་ནས་བཀའ་ཁྲོལ་མ་གནང་བ་ཡིན་གྱི་རེད།
དེང་སང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་སོ་སོའི་མཚན་སྙན་གྲགས་དང། རྒྱུ་དཔལ་འབྱོར་གྱི་ཆེད་དུ་མ་གཏོགས། སྤྱི་སེམས་ཡོད་མཁན་ཞིག་དཀོན་པོ་རེད།
ད་དུང་བོད་ཀྱི་རིག་གཞུང་ལ་ཆེ་མཐོང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཐད་ཀར་བཀའ་ཤག་ལ་བསྙོན་འཛུགས་བྱེད་མཁན་འདི་ཚོའི་རྒྱབ་ལྗོངས་ངོ་མ་ག་རེ་ཡིན་མིན་ཚོད་དཔག་ཐེག་ཁག་པོ་རེད།
ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་གཞུང་གི་ལས་ཁུངས་ཇི་ལྟར་ཆགས་དགོས་པ་རེད། དེས་ན། ནོར་བུ་གླིང་ཁ་དང་ཟློས་གར། བདེ་ལེགས་སྨན་ཁང། སྨན་རྩིས་ཁང་སོགས་གཞུང་གི་ལས་ཁུངས་ཆགས་དགོས་ཀྱི་རེད།
ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་རང་སྐྱོང་སྡེ་ཚན་ཞིག་ཡིན་པས། ཐོག་མར་བོད་གཞུང་གིས་རོགས་སྐྱོར་བྱས་ཏེ། ད་ལྟ་ལོ་བརྒྱད་འགྲོ་བཞིན་འདུག ད་དུང་སོ་སོའི་རྐང་པའི་ཐོག་ཏུ་ལངས་མ་ཐུབ་ན། བོད་གཞུང་གིས་འགྲོ་སོང་བཏང་ནས་ཕན་ཐོགས་མེད་པ་རེད། ཚོགས་མི་རྒྱུན་ལས་ཚོས་ལས་ཀ་མ་བྱས་པའི་རྟགས་རེད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་ཚོད་ཡོད་པ་རེད ། བོད་གཞུང་གིས་རོགས་དངུལ་སྐར་གང་མ་སྤྲད་པར་སོ་སོས་དཀའ་ལས་བརྒྱབ་སྟེ། བོད་མི་མང་དང་གཞུང་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། ལས་ཀ་མ་བྱས་པར་གཞུང་དངུལ་ཟོས་ནས་བསྡད་ན་ཕན་ཐོགས་མི་འདུག
དེ་བཀའ་འཁྲོལ་མ་སྤྲད་པ་འགྲིག་ཤག དེང་སང་རྡ་སའི་ཕྱི་ནང་གར་སར་ཚོགས་པ་འདྲ་མི་འདྲ་བཙུགས་ནས་དེའི་མིང་ཐོག་ལ་ཞལ་འདེབས་འདྲ་མི་འདྲ་སློང་ཞིང་དོན་ངོ་མ་མི་ཁ་ཤས་ཤིག་ཕྱུག་པོ་བཟོ་བྱེད་ཆགས་ཀྱི་ཡོད། དཔེར་ན་ཡུལ་ཤུལ་ས་ཡུམ་གྱིས་གོད་ཆགས་ལ་ཞལ་འདེབས་ཕོན་ཆེན་བསླངས་ཤིང་དེང་སང་མི་ལོག་ལ་མི་ཁ་ཤས་ཕྱུག་པོ་ཆགས་ཡོད། དགའ་ལྡན་ཕོ་བྲང་དང་ཀརྨ་པའི་བླ་བྲང་སོགས་སུ་དེང་སང་ཞལ་འདེབས་བསླང་མཁན་བང་སྒྲིག་ཡོད། ཚོགས་པ་ངོ་མ་སུ་ཡིན་རྫུན་མ་སུ་ཡིན་དམིགས་ཡུལ་གང་ཡིན་མི་ཤེས་པ་བཟོས་ཡོད། ཚོགས་པ་རེ་ལ་འབུམ་ཕྲག་པོ་བཀའ་འཁྲོལ་གནང་དགོས་ན་གངས་སྐྱིད་ཀྱི་སྒྲིག་འཛུགས་འདིིས་དངུལ་པར་ནི་བརྒྱབ་མི་ཤེས་པས་ཁག་པོ་རེད། ཚོགས་གཙོ་འདི་སྨྱོ་ཧམ་ཅན་ཞིག་ཡིན་པ་ཐག་ཆོད།
གཞུང་ལ་རེ་སྐུལ་མ་ཞུས་པར་གསལ་འགོད་གསལ་བསྒྲགས་སྤེལ་བ་ནི་འོས་མཚམས་ཞིག་ཏུ་མཐོང་མ་སོང་།