ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༣ པ་ནས་བོད་ཕྱི་ནང་གཉིས་སུ་བོད་མི་སྐྱ་སེར་ཕོ་མོ་ ༣༥ ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། བོད་མི་ ༢༦ གི་སྐུ་སྲོག་ཤོར་ཡོད་པ་དང་། ད་དུང་བོད་མི་མང་པོ་ཞིག་རྒྱ་ནག་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ཨ་རི་ནཱ་ཅལ་མངའ་སྡེ་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཡོད་པའི་ལྷ་དགོན་བྱང་ཆུབ་ཆོས་གླིང་དུ། རྫོགས་ཆེན་དགའ་ནོར་རིན་པོ་ཆེ་དབུ་བཞུགས་ཐོག་དེར་ཡོད་དགེ་འདུན་པ་དང་སེར་སྐྱ་མི་མང་གིས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་འོད་དཔག་མེད་ཀྱི་ཆོ་གའི་སྒོ་ནས་བསྔོ་སྨོན་དང་། ཕྱི་ཚེས་ ༣༡ ཉིན་རང་ལུས་མེར་བསྲེགས་ཁྲོད་སྐུ་སྲོག་ཤོར་མེད་པ་རྣམས་དང་རྒྱ་ནག་གི་དྲག་གནོན་འོག་སྡུག་སྦྱོང་མྱོང་བཞིན་པ་རྣམས་ཀྱི་ཆེད་རྡོ་རྗེ་སེམས་དཔའ་དང་སྒྲོལ་མཆོག མཆོད་མེ་སྟོང་མཆོད་དང་བཅས་མཆོད་འབུལ་བསྔོ་སྨོན་གནང་ཡོད་འདུག
གསར་འགོད་པ། དོན་གོ
རྩོམ་སྒྲིག་པ་ལགས། མདུན་ངོས་ཀྱི་རྒྱ་གཅེས་དེ་རྒྱལ་གཅེས་སུ་བསྒྱུར་ན་མི་ལེགས་སམ། ཡིག་ནོར་ཚབ་ཆེན་ཞིག་མ་རེད་དམ།
ཐུགས་བདེ་ལེགས