མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་ཐང་དགོས་མི་དགོས་ཡོད་ཚད་བརྩད་བསྡད་ན་ཕན་ཐོགས་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ པ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་མགོ་འཛུགས་གནང་ཡོད་ཅིང་། ཚོགས་འདུའི་སྟེང་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཙོས་པའི་གྲོས་གཞི་དོན་ཚན་ ༡༧ ལ་གྲོས་བསྡུར་དང་། ཚོགས་འདུའི་མཇུག་ཏུ་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་ངྷ་སའི་ཉེ་འདབས་ཀྱི་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ།  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོཊ་ཆེན་ཐེངས་བཅུ་པ་མགོ་འཛུཊ་གནང་ཡོད་ཅིང་། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིཊ་བསལ་སྐུ་མགྲོན་དུ་བཀའ་ཟུར་རིན་མཁའ་འགྲོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། རྒྱ་བལ་ས་གནས་ཁག་ ༣༣ ནས་འཐུས་མི་ ༡༣༠ ལྷག་མཉམ་ཞུཊ་གནང་འདུག ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཚེས་ ༡༡ ནས་ ༡༦ ཉིན་བར་འཚོགས་རྒྱུ་ཡིན་ཞིང་། ཚོགས་ཆེན་སྐབས་གཙོ་བོ་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཙོས་གྲོས་གཞི་དོན་ཚན་ ༡༧ ཐོག་གྲོས་བསྡུར་གནང་སྟེ། ཕྱི་ཚེས་ ༡༦ ཉིན་གྲོས་ཆོད་འཇོག་རྒྱུ་ཡིན་པ་དང་། སྐབས་དེར་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱང་གསར་འདེམས་གནང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་མར་ཐང་སྟོང་གླུ་གར་ཚོཊ་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བུད་མེད་ལངས་གླུ་གཉིས་བཏང་ཡོད་པ་དང་། དེའི་རྗེས་ཚོགས་ཞུཊ་པ་ཐུན་མོང་ཐོག་བོད་ནང་འདས་གྲོངས་སུ་ཕྱིན་པའི་དཔའ་པོ་དཔའ་མོ་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས། སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བུད་མེད་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིཊ་བྱས་པའི་༼བོད་ནང་རང་ལུས་མེར་བསྲེཊ་བཏང་བའི་རྒྱབ་ལྗོངས་ལ་བལྟ་བ་༽ཞེས་པའི་དབྱིན་ཡིག་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།  

མཛད་སྒོའི་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཚབ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ནང་སྡུག་བསྔལ་མྱོང་བཞིན་པའི་བོད་མིའི་གནས་སྟངས་རྣམས་རྒྱལ་སྤྱི་དང་། རྒྱ་ནག་མགོ་ཁྲིད་ཚོར་ངོ་ཐུག་གིས་ཞུ་སྐུལ་བྱས་ཡོད་པ་དང་། བཙན་བྱོལ་ནང་བུད་མེད་ལྷན་ཚོགས་ཀྱིས་སྤྱི་ཚོཊ་དང་ཆབ་སྲིད། ཤེས་ཡོན། དཔལ་འབྱོར། མང་གཙོ། ཁོར་ཡུག་བཅས་ཀྱི་ཐོག་ནུས་པ་ཆེན་པོ་ཐོན་ཡོད་སྐོར་ངོ་སྤྲོད་དང་། ཚོཊ་འདུ་ཉིན་དྲུག་རིང་གྲོས་ཆོད་བཞག་པ་རྣམས་ ༢༠༡༢ ནས་ ༢༠༡༥ ལོའི་ལས་འཆར་ནང་དངོས་སུ་ལག་བསྟར་གནང་རྒྱུ་ཡིན་སྐོར་བརྗོད་ཡོད།    

དམིཊ་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཚོགས་འདུའི་མཛད་སྒོའི་ཐོག བོད་ཀྱི་བུད་མེད་ཚོགས་པ་ནི་ཚོགས་པ་གཞན་དང་མི་འདྲ་བར་ཚགས་ཚུད་ནུས་ལྡན་ཞིག་དང་།  ཆོལ་ཁ་གསུམ་ཐུན་མོང་གིས་གྲུབ་པའི་བུད་མེད་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོགས་པའི་དམིགས་ཡུལ་དང་འཐབ་རྩོད་ནི། ཁྱིམ་ཚང་གི་འཐབ་རྩོད་ཙམ་མིན་པར་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཐོག་ཕྱག་ལས་གནང་བཞིན་ཡོད་སྟབས། ཚོགས་པ་དེ་བོད་ཀྱི་རྩ་དོན་ལ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་ལ། ད་ལྟ་འཛམ་གླིང་སྟེང་བཙན་བྱོལ་བ་མང་པོ་ཡོད་པའི་ཁྲོད་ནས་བོད་ཀྱི་བུད་མེད་དང་གཞོན་ནུ་ཚོས་འབད་བརྩོད་ལ་བརྟེན་ནས།  སོ་སོར་རྒྱལ་ཁབ་མེད་ཀྱང་ཡོད་པ་ལྟ་བུའི་གནས་སྟངས་འོག་འགྲོ་ཐུབ་པ་དེར་ཚང་མས་སྤོབས་པ་བྱ་དགོས་པ་དང་། དེ་བཞིན།བོད་རིགས་ཁྱིམ་ཚང་ནང་ཆེ་བཀུར་ཆུང་བྱམས་དང་དམ་ཚིག་གཙང་མ་ཡོད་པ་དེ་ནི། སོ་སོའི་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཆགས་ཡོད་སྟབས། མུ་མཐུད་རྒྱུན་འཛིན་དང་ཡར་རྒྱས་སུ་གཏོང་དགོས་པ་དང་། ཁྱིམ་ཚང་ཡག་པོ་ཞིག་མེད་ན་བུ་ཕྲུག་གསོ་སྐྱོང་ཡག་པོ་ཐུབ་རྒྱུ་ཁག་པོ་ཡིན་སྟབས།ཁྱིམ་ཚང་སློབ་གསོའི་ཐོག་བོད་ཀྱི་བུད་མེད་དང་ཁྱིམ་ཚང་ཨ་མ་ཚོས་རྐང་འགན་བཞེས་དགོས་པའི་འབོད་སྐུལ་ཞུས་སོང་།  

རིན་ཆེན་མཁའ་འགྲོ་མཆོག་གིས་གཞོན་སྐྱེས་ཚོའི་བཟང་སྤྱོད་ཐོག་གསུངས་དོན།“ རྒྱལ་ཁབ་ཚང་མའི་བུད་མེད་ཚོས་གང་བྱེད་པ་ཚང་མ་ང་ཚོས་བྱ་དགོས་དོན་ཡོད་པ་མ་རེད། སོ་སོའི་གནས་སྟངས་ལ་བལྟས་ཏེ་ལས་ཀ་བྱས་ན་འགྲིག་གི་རེད། དེང་སང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་མང་པོ་ཡོད་པ་རེད། ཐོབ་ཐང་རྩོད་དགོིས་ས་ཞིག་ལ་རྩོད་དགོས་པ་རེད། ཐོབ་ཐང་དགོས་མི་དགོས་ཡོད་ཚད་བརྩད་བསྡད་ན་ཕན་ཐོགས་ཡོད་པ་མ་རེད། ཁྱིམ་ཚང་ཞི་བདེ་དང་སྤྱི་ཚོགས་ཞི་བདེ་མེད་ན། ཕན་ཚུན་གུས་བརྩི་མེད་པའི་རྣམ་པ་ཞིག་ཆགས་ཀྱི་རེད། དེར་ཆོ་གང་ཡང་ཡོད་པ་མ་རེད། ང་ཚོར་སློབ་སྦྱོང་ཐོག་ལྟོས་འཇོག་གིས་གྲུབ་འབྲས་ཆེན་པོ་བྱུང་ཡོད་ཀྱང་། སློབ་སྦྱོང་ཐོན་ཏེ་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཚོར་བལྟས་ན། ཕྱོགས་ཁ་ཤས་ནས་རོགས་རམ་བྱ་དགོས་པའི་གནས་སྟངས་ཆགས་འདུག གྲོང་ཁྱེར་ཆེན་པོའི་ནང་ལས་ཀ་བྱེད་མཁན་བུད་མེད་གཞོན་སྐྱེས་ཚོར་གླ་ཕོགས་ཏག་ཏག་མ་རག་པ་དང་། ཁང་གླ་ཆེན་པོ་སྤྲོད་དགོས་པའི་གནས་སྟངས་འོག་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་དེའི་འོག་རང་གི་སྤྱོད་པ་ཉམས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྟབས། གནད་དོན་དེར་བུད་མེད་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཐུབ་ན། རྒྱལ་ཁབ་ཀྱི་གནས་སྟངས་དང་བུད་མེད་ཀྱི་མཚན་མཐོང་གཉིས་ལ་ཕན་ཐོགས་ཆེན་པོ་འདུག ” ཅེས་གསུངས།  

མཐར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཕོ་མོའི་གནས་བབ་དང་བྱེད་ལས་ཀྱི་ཁྱད་པར། དེ་བཞིན་བོད་ཀྱི་བྱུང་རབས་ནང་སྐྱེས་པ་ཕོ་མོ་གཉིས་ཆོས་དང་ཆབ་སྲིད། དམག་དོན་བཅས་ཀྱི་ཐད་གཅིག་གྱུར་གྱི་གོ་སྐབས་བྱུང་ཡོད་སྟབས།ཕོ་མོ་གཉིས་ཀ་གལ་ཆེན་ཡིན་ཚུལ་ངོ་སྤྲོད་དང་སྦྲགས།  “ མ་འོངས་པར་སྔོན་བྱུང་མཁས་པ་རྣམས་ཇི་བཞིན་རླབས་ཆེན་གྱི་སྙིང་སྟོབས་དང་ཤེས་རབ་ཡོད་པའི་མི་མང་པོ་ཞིག་ཡོང་ཆེད། གཞོན་སྐྱེས་ཨ་མ་རྣམས་ཀྱིས་སྦྲུམ་མའི་གནས་སྐབས་དང་། བྱིས་པ་གསོ་སྐྱོང་ཐོག་དམིགས་བསལ་ཐུགས་སྣང་བཞེས་རྒྱུ་དང་། དེར་བུད་མེད་ལྷན་ཚོགས་ཀྱིས་དགོངས་པ་བཞེས་ཐུབ་ན། ཧ་ཅང་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད། ད་ལྟའི་གནས་སྐབས་སུ་བོད་ནང་ལ་མཚོན་ན། ཧ་ཅང་ཛ་དྲག་གི་གནས་སྐབས་ཤིག་རེད། སྐྱབས་བཅོལ་དུ་ཡོང་མཁན་ཚོས་དེ་དང་བསྟུན་ནས་ག་རེ་གནང་རྒྱུ་ཡོད་མེད་ཞུ་ཁག་པོ་རེད། ཁྱོན་ཡོངས་ཀྱི་འཇིག་རྟེན་སྤྱིའི་གནས་བབ་དང་རྒྱལ་སྤྱིའི་གནས་བབ། རྒྱ་ནག་གི་གནས་བབ་སོགས་ལ་དགོངས་པ་བཞེས་ཏེ་འགྲོ་དགོས་དུས། ད་ལྟའི་དུས་ཚོད་དེ་མགོ་འཐོམས་པའི་དུས་ཚོད་ཅིག་དང་། རྙོག་འཛིང་ཆེ་བའི་དུས་ཚོད་ཅིག་ཡིན་སྟབས།སྐབས་འདི་འདྲ་ཞིག་ལ་ཤེས་རབ་མ་དང་བློ་གྲོས་གསལ་པོ་ཡོད་པའི་མཛངས་མ་ཚོས། གཅིག་བྱས་ན་གསར་གཏོད་དང་ལམ་སྟོན་གནང་ཐུབ་པའི་རེ་བ་ཡོད ” ཅེས་གསུངས་སོང་།

བུད་མེད་ལྷན་ཚོགས་ཀྱི་དངོས་གཞིའི་ཚོགས་ཆེན་མགོ་འཛུགས་མ་གནང་བའི་སྔོན་གྱི་ཕྱི་ཚེས་ ༧ ནས་ ༡༠ ཉིན་བར། དབུས་བུད་མེད་ལྷན་ཚོགས་ཀྱིས་ཚོཊ་ཞུགས་པ་ཚོར་བོད་པའི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་ཟབ་སྦྱོང་ཞིག་སྤྲད་ཡོད་འདུག ཟབ་སྦྱོང་སྐབས་གཙོ་བོ་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། བུད་མེད་ཀྱི་གོ་རྟོགས། འབྲེལ་ལམ་གནང་ཕྱོགས། མཉམ་རུབ་ཀྱི་ལས་གཞི། འཆར་གཞི་དང་དཔལ་འབྱོར་འདུ་འགོད། ཁོར་ཡུག་དང་གནམ་གཤིས། བུད་མེད་ཀྱིས་སྣེ་ཁྲིད་བྱེད་སྟངས་བཅས་ཐོག་ཟབ་སྦྱོང་སྤྲད་ཡོད་འདུག  

བུད་མེད་ལྷན་ཚོགས་ནི་ ༡༩༨༤ ལོར་གསར་དུ་བཙུགས་པ་དང་། ད་ལྟའི་ཆར་ཚོགས་པ་འདིར་སའི་གོ་ལའི་གླིང་ཆེན་གསུམ་ནང་ཡན་ལག་ཚོགས་པ་ ༥༦ དང་བུད་མེད་ཚོགས་མི་ ༡༦༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 33

  1. ཨ་མའི་བུ། says:
    ལོ་ 13 སྔོན།

    ཁག་གཅིག་གིས་ཚོགས་དངུལ་བཟས་པ་རེད་ཟེར། ཡང་ཁག་གཅིག་གི་ཚོགས་དངུལ་བཟས་ཡོད་མ་རེད་ཟེར། གང་ལྟར་ཀྱང་དོན་དངོས་ཀྱི་གནས་ཚུལ་དེ་ལ་སྒྲོལ་དཀར་ལྷ་མོ་ལགས་ཀྱི་ལན་འདེབས་གསལ་བཤད་ཡང་བྱས་ཡོག་མ་རེད། གསལ་བཤད་བྱེད་ཡས་ཀྱི་སྤོབས་པ་ཡང་ཡོག་མ་རེད།
    དྲ་གྲོགས་ཚོ་མུ་འཐུད་བརྩོད་པ་བརྒྱབ་དགོས་དོན་མི་འདུག གནས་ཚུལ་དེ་འདི་རིང་གསལ་པོ་ཆག་ངེས་རེད། བྱས་ཉེས་དེ་དང་འབྲེལ་བ་མེད་པའི་རྒྱུན་ལས་ཚོས་གསལ་བཤད་བྱེད་ངེས་རེད། གསར་འགོད་པ་ཚོ་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ལ་ངེས་པར་དུ་འགྲོ་ཐུབ་པ་བྱ་རོགས།

    Reply
  2. ཚེ་རིང་བཀྲིས། says:
    ལོ་ 13 སྔོན།

    གངས་་ཆབ་ཁོ་བའི་དྲིས་ལུགས་ལ་ལྟ་ན་ཁོ་བ་ཕལ་ཆེན་བུ་མེད་ཚོགས་པའི་མི་བུ་དག་དང་འདྲེལ་དྲི་ཞིག་ཡིན་པ་མ་གོར་མཆགས།
    རྡོ་རྗེ་གདན་ལ་གང་འདུག་ཁྱེད་ཀྱི་འཆར་སྣང་ཡ་མ་ཟུག་དེ་འདྲ་ལས་དགོས་དོན་གང་ཡིན། ཆོལ་ཁའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  3. ཚེ་རིང་བཀྲིས། says:
    ལོ་ 13 སྔོན།

    མཚོ་པདྨ་དང་གངས་ཆབ་ཟེར་བ་སོགས་ཀྱིས་རྒྱུ་མཚན་མེད་པར་གང་བྱུང་གིས་ཆན་ལོག་མང་བོས་བྲིས་འདུག ངོ་མ་ཁྱེད་ཚོར་པང་རྟགས་ཡོད་ན་སྟོན་ཆོག་པ་ལས་བཀག་འགོག་རྩ་བ་ནས་མེད། ཡིན་ན་ཡང་དོན་མེད་ཀྱི་མི་གཞན་ཆོལ་ཁའི་ན་ཚས་སྙད་མདོག་བྱ་ན་དེ་ཡག་པོ་མ་རེད། མི་ཞིག་གྱིས་ཟེར་གྱི་ཟེར་རྒྱུ་ཙམ་མ་ཏོགས་དྲང་བདེན་དང་རྒྱུམ་ཚན་གྱི་ཕོངས་འདུག གནས་ཚུལ་དངོས་གནས་གང་ཡིན་པ་དེ་བདག་གི་ཀྱང་མཁས་ལེན་འདོད་ཡོད། ཆན་དྲིས་དུས་ཡིད་ཟབ་མཛོད།

    Reply
  4. དྲང་སྲོང་། says:
    ལོ་ 13 སྔོན།

    ཉིན་ཤས་སྔོན་དུ་བཙུགས་ནས་ན་མ་ལོན་པའི་སྨན་པའི་ལྷན་ཚོགས་ནི་དངུལ་གྱིས་འཕོངས་པའི་ཚོགས་པ། ཚོགས་གཙོ་དང་ཚོགས་མིས་ཕར་ཞལ་འདེབས་འབུལ་དགོས་པ་དེ་འདྲ་དང་། ད་རིང་ནར་གསོན་པའི་བུད་མེད་ཚོགས་པར་ཚོགས་གཙོས་སྤྱི་དངུལ་ཚུར་ལྐོག་ཟ་བྱས་པའི་གནས་ཚུལ་གཉིས་ལ་བསམ་ན་དགའ་དགོས་པ་མི་འདུག་ལ་སྐྱོ་དགོས་པ་ཅི་ཡང་མི་འདུག གང་ལྟར་ཚོགས་པ་ཞིག་གི་གནད་དོན་ཡིན་ཕྱིན་ཚོགས་མི་རྣམས་ལ་འགན་ཡོད་པས་སྤྱི་ཚོགས་ཐོག་ལབ་གླེང་མ་ཡོང་བ་བྱ་རྒྱུ་དེ་གཙོ་བོ་རེད། དེ་མི་གཅིག་གི་གནད་དོན་མ་རེད་ལ། ཚོགས་གཙོར་མིག་དང་རྣ་བ་ཡོད་མེད་སྐད་ཆའང་མ་རེད།དེའི་འགན་གཙོ་བོ་ལྷན་ཚོགས་ཚོགས་མི་རྣམས་ལ་ཡོད་སྟབས་དེ་བུད་མེད་ལྷན་ཚོགས་ཀྱིས་གང་མགྱོགས་ཁ་གསལ་བཟོ་དགོས་པ་རེད། ད་ཆ་ཛ་དྲག་གཉན་ཕྲང་གི་སྐབས་དེར་དེ་འདྲའི་གནས་ཚུལ་གོ་འདོད་དང་ཤེས་འདོད་མི་འདུག སྐུ་མཁྱེན།

    Reply
  5. སྤགས་ཤར། says:
    ལོ་ 13 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་གྱི་བཀུར་འོས་བོད་མི་སྤྱི་འཐུས་ཀི་ཏི་སྒྲོལ་དཀར་ལྷ་མོ་ལགས། ད་ལྟའི་དུས་དེར་རྡ་སའི་ཇ་ཁང་དང་སྲང་ལམ་དྲ་རྒྱ་ལ་སོགས་མང་པོ་ཞིག་གི་ནང་ཁྱེད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་དངུལ་ཧིན་སྒོར་འབུམ་གཉིས་རྐུ་འཁྱེར་བྱས་གནས་ཚུལ་གླེང་བཞིན་འདུག་རུང་ང་ནི་ཡིད་རྩ་བ་ནས་ཆེས་ཀྱི་མི་འདུག ཁྱེད་ལ་མིག་གཉིས་ཡོད་ན་དྲ་ཐོག་གི་མཆན་དེ་དག་གཟིགས་ཚོད་ཡིན་ལ་རྣ་མཆོག་གཉིས་དེས་ལས་ཀ་བྱ་ཡི་ཡོད་ན་སྲང་ལམ་གྱི་གཏམ་ངན་དེ་དག་ཐོས་ཚོད་ཡིན། དངོས་གནས་ཚོགས་དངུལ་འབུམ་གཉིས་ཁྱེད་ཀྱི་བཟས་སམ། གལ་ཏེ་ཁྱེད་ཀྱི་ཚོགས་དངུལ་འབུམ་གཉིས་བཟས་མེད་ན་གསར་ལམ་ཁག་ནས་སྐད་བཟང་མཐོན་པོས་ངས་བཟས་མེད་ཞེས། གསལ་བཤད་བྱ་རན་འདུག གང་ཡིན་ཟེར་ན་ཁྱེད་ལ་ཡིད་ཆེས་རེ་བས་འོས་འདེམས་བྱ་མཁན་གྱི་རྒྱབ་སྐྱོར་བ་ང་ལྟ་བུ་མང་པོས་གཏམ་ངན་དེ་དག་ལ་བཟོད་མ་ཐུབ་པར་གཏམ་བཟང་དགུག་ནས་བསྡད་ཡོད།

    Reply
  6. རྒྱང་ལྟ། says:
    ལོ་ 13 སྔོན།

    མཆན་བུ་ཁག་ཅིག་ན་བྱུང་འཛིན་ཐོག་མི་གསུམ་གྱི་ས་ཡིག་བརྒྱབ་འདུག་ཟེར། ཡང་ཁ་ཅིག་གིས་དྲུང་ཆེ་གཅིག་པུའི་མིང་བྲིས་འདུག་ཟེར་སྐད་ཆ་འདི་ཚོའི་བར་ནའང་ཏན་ཏན་ཞིག་མི་འདུག མ་གཞི་སྒྲོལ་དཀར་ལྷ་མོའི་མི་གཤིས་ལ་བལྟས་ཚེ་མི་སྒེར་གྱི་མཚན་སྙན་སྲུང་སྐྱོང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་སྐད། དེས་ན་མོས་བྱ་བ་འདི་འདྲ་རྩོམ་སྲིད་ཀྱི་མ་རེད་སྙམ། གང་ལྟར་འདི་འདྲའི་རྙོག་གཞི་ཞིག་ཆགས་དུས་མོས་གསར་ལམ་བརྒྱུད་གསལ་བཤད་ཅིག་ཡོད་དགོས་སྙམ། སྔོན་ཆད་ནོར་གླིང་གི་སྲུང་མ་དམར་ནག་གཉིས་རྐུ་ལ་ཤོར་སྟངས་དང་། འདི་ཚོ་ཆབ་སྲིད་རྒྱབ་ལྗོངས་གཅིག་ཡིན་ཡང་སྲིད།

    Reply
  7. བདེ་རྒྱལ། says:
    ལོ་ 13 སྔོན།

    གངས་ཆབ་ཀྱི་གསུང་བ་དེ་ལ་ཞིབ་ཆ་བྱེད་རྒྱུ་ཡོད། དངུལ་ཟ་མཁན་ཞིག་ཡིན་ན། དངུལ་ཟ་མཁན་དེས་མི་གཞན་པའི་མིང་བྲིས་ཏེ་དངུལ་ཟ་སྟངས་ཅུང་ཡ་མཚན་ཞིག་མ་རེད་དམ། རྗེས་སོར་དངུལ་མེད་པ་དང་བྱུང་འཛིན་ཡོད་ན། མིང་འབྲི་མཁན་དེ་བཙར་རྒྱུ་ཡིན་པ་གླེན་པས་ཀྱང་ཤེས་ལ། དེ་ནས་རྙོག་འཛིང་ཆེ་རུ་ཕྱིན་ཚེ་དངུལ་གྱི་འབྱུང་ཁུངས་ལ་རྩད་ཞིབ་བྱེད་རྒྱུ་ཡིན་པ་ཧ་ཅང་ཡིན་ན། ཚོགས་གཙོ་ཞིག་གིས་དེ་འདྲ་མི་ཤེས་པ་ཞིག་ག་ལ་ཡོད། རང་གི་དབུ་ལ་རང་གིས་རྡོ་གཞུས་མཁན་ཞིག་ཕལ་ཆེར་ཡོད་མི་སྲིད། ད་ཐེངས་ཀྱི་བུད་མེད་ཚོགས་པའི་རྙོག་གླེང་འདིའི་རྒྱབ་ལྗོངས་གཞན་ཞིག་ཏན་ཏན་ཡོད་པར་སྙམ། ཆབ་སྲིད་ཀྱི་ཟློས་གར་ཞིག ད་དུང་གནས་ཚུལ་ལ་ཞིབ་ཏུ་དཔྱད་དགོས། གཞོན་ལྷན་དང་བུད་མེད་འདི་གཉིས་ནང་རྙོག་གླེང་བཟོ་རྒྱུ་ཨ་ཞང་ཚང་གི་དགོས་མཁོ་དེ་ཡང་མིན་ནམ།

    Reply
  8. ཨ་མའི་བུ། says:
    ལོ་ 13 སྔོན།

    བཀུར་འོས་དུས་བབ་ཚང་ལགས། ཕྲན་གྱི་མཆན་དེ་ཆུ་ཚོད་ལྔའི་སྔོན་ནས་བཏང་ཡང་མི་འདོན་པ་ཅི། ངེས་པར་སྟོན་རོགས།
    དྲ་གྲོགས་ཏཱ་རེ་མ་ལགས། དྲ་ཐོག་དེའི་སྟེང་གི་མཆན་འདེབས་པ་ཚོས་ཀི་ཏི་སྒྲོལ་དཀར་ལྷ་མོ་ལགས་བོད་པའི་གནས་ཡོད་མི་སྣ་མ་རེད་ཞེས་བརྗོད་མེད་འདུག་ལ་ལོ་མང་སྤྱི་པའི་ཆེད་དུ་དཀའ་ལས་བརྒྱབ་ཡོད་མ་རེད་ཞེས་སྨྲས་ཡང་མི་འདུག ལོ་མང་བོད་མི་མང་གི་སྤྱི་འཐུས་གནང་མྱོང་མཁན་དང་རླབས་ཆེན་གྱི་ཚོགས་པ་ཆེན་པོ་ཞིག་གི་ཚོགས་གཙོ་ཡིན་པའི་ཆ་ནས་ཟབ་ཟབ་མ་གནང་བར་ནོར་འཁྲུལ་ཤོར་འདུག་ཟེར་གྱི་མི་འདུག ཚོགས་དངུལ་འབུམ་གཉིས་ས་ཡིག་རྫུན་མ་བརྒྱབ་ནས་་བརྐུས་པ་དེ་འོ་ན་ང་ཚོས་འགྲིགས་འདུག་ཁྱེད་རང་ལོ་མང་ཞབས་རྗེ་ཞུ་མྱོང་མཁན་དང་གནས་ཡོད་མི་སྣ་རེད་མུ་མཐུད་རྐུ་མ་རྐུ་རོགས་ཞེས་བརྗོད་དགོས་རེད་པས། གནས་ལུགས་དང་འགལ་བའི་སྐད་ཆ་རང་རེད། མི་ཚེ་དཀའ་ལས་བརྒྱབ་པ་་་ནོར་འཁྲུལ་ཡོང་གི་རེད་ཟེར་བ་བདེན་པ་རེད། ཡིན་ནའི་རྐུ་མ་བརྐུས་ན་མི་ཚེ་དཀའ་ལས་བརྒྱབ་པ་དང་འབྲེལ་བ་ག་རེ་ཡོད་རེད། ཁྱེད་ཀྱིས་གནས་ཚུལ་བདེན་པ་དེ་ཕར་སྐྱུར་ཏེ་༼སྒྲོལ་དཀར་ལྷ་མོར་དངུལ་དང་འབྲེལ་བའི་རྩིས་རྙོག་ཅིག་ཡོད་པ་བདེན་པ་ཡིན་སྲིད་ཀྱང་༽ཞེས་ས་ཡིག་རྫུན་མ་བརྒྱབ་སྟེ་ཧིན་སྒོར་འབུམ་གཉིས་རྐུ་མ་བརྒྱབ་པ་ཕར་བཞགས་ཏེ་རྩིས་རྙོག་ཡིན་སྐོར་བརྗོད་པ་ནི་ཁྱེད་གཉིས་ཀྱི་འབྲེལ་བ་ཡང་སྤྱིར་ཏང་ཞིག་མ་ཡིན་པ་་་་་་་་་་་་་་་་་་་་་་་་

    Reply
  9. གངས་ཆབ། says:
    ལོ་ 13 སྔོན།

    དྲ་གྲོགས་ཁ་ཤས་ཀྱིས་དངོས་ཡོད་གནས་ཚུལ་དེ་ཡང་སྦས་སྐུང་གང་ཐུབ་བྱེད་པ་ནི་ཕྱོགས་ལྷུང་གི་རྣམ་པ་ཞིག་ལས་གཞན་མ་མཐོང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་དབུས་བུ་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་ཧིན་སྒོར་འབུམ་གཉིས་ཀྱི་འབྱོར་འཛིན་ཞིག་གི་སྟེང་དུ་དྲུང་ཆེ་ཚེ་དབྱངས་ལགས་ཀྱི་མཚན་བྲིས་ནས་ལྐོག་ཟ་བྱས་འདུག དེ་ནས་དྲུང་ཆེ་ཚེ་དབྱངས་ལགས་ཀྱིས་ཧིན་སྒོར་འབུམ་གཉིས་ཀྱི་འབྱོར་འཛིན་ངས་བྲིས་རྒྱུ་མ་བྱུང་། ངའི་ལག་ཏུ་རགས་མ་སོང་བྱེད་གླིང་ཡོད་པ་དང་ཚོགས་གཙོས་ཟེར་ན་ངའི་ལག་ཏུ་རགས་མ་བྱུ་ངས་ཧ་གོ་གིན་མེད། ཚེ་དབྱངས་ལགས་ཁྱེད་རང་གི་མིང་བྲིས་བཞག་འདུག་པའི་ཁྱེད་རང་གི་འགན་འཁུར་དགོས་རེད་ཟེར་ནས་གླིང་བསྙོགས་བྱུང་ནས་ཚེ་དབྱངས་ལགས་ཀྱིས་མིང་ངའི་མིང་ཡིན་ཀྱང་ངས་འབྱོར་འཛིན་ཐོག་ས་ཡིག་སྐྱོན་པ་ལས་མིང་འབྲི་སྲོལ་མེད་བྱེད་བརྗོད་ནས་མཐར་རོགས་དངུལ་གནང་མཁན་གྱི་ཕྱིར་རྒྱལ་བ་དེར་འབྲེལ་བ་བྱེད་སྐབས་འབུམ་གཉིས་དེ་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱི་ཕྱག་ལག་ཏུ་སྤྲད་ཡོད་པ་དང་བྱུང་འཛིན་ཡང་ཁོ་མོས་གནང་སོན་བྱུང་ཡོད་པའི་སྐོར་གནས་ཚུལ་གསལ་པོ་ཆགས་ནས་དེ་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་མཁས་ལེན་གནང་འདུག ད་དུང་དེ་སྔོན་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་འགྲོ་སྐབས་དངུལ་འཛིས་གཅིག་བོར་བརླགས་ཏུཕྱིན་ཡོད་པ་དེའང་གསལ་པོ་ཆགས་ནས་རྗེས་སུ་ཁོ་མོའི་སྐྱིན་འཚབ་མཇལ་རྒྱུ་ཡིན་པའི་མཁས་ལེན་གནང་འདུག་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པ་ངས་ཉིས་ཤས་གོང་ནས་ཧ་གོ་བྱུང་ཡང་དོན་མེདཐོག་གཞན་ལ་འགྲེལ་བརྗོད་གང་ཡང་བྱེད་མེད་པ་མ་ཚད་དྲ་ཐོག་ཏུ་འང་བཀོད་པ་དང་གླིང་མོལ་གང་ཡང་བྱེད་མེད། ཡིན་ནའང་སྦས་སྐུང་དང་ཕྱོགས་ལྷུང་གི་རྣམ་པ་དོར་ནས་དངོས་ཡོད་གནས་ཚུལ་མཁས་ལེན་དགོས་པ་དེ་གལ་གནད་ཤིན་ཏུ་ནས་ཆེ་བ་མཐོང་།

    Reply
  10. མཚོ་པདྨ། says:
    ལོ་ 13 སྔོན།

    ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་སུ་རྙོག་འཛིན་སོགས་གནས་ཚུལ་ཆུང་ཚགས་རིགས་ལ་དུས་བབ་ཚང་དང་ཁ་བརྡ་ཚང་ཚོས་ཨང་གསར་དོད་པོས་གནས་ཚུལ་མཁོ་སྒྲིག་གང་མྱུར་བྱེད་སྲོལ་ཡོད་ཀྱང་དེ་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་པ་གལ་ཆེན་ཞིག་གི་ཚོགས་གཙོ་ཡིན་པ་གང་ཞིག་ལ་བོད་མིའི་སྒྲིག་ཚུགས་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས་དངུལ་སྒོར་འབུམ་གཉིས་ཙམ་ལྐོག་ཟ་རུལ་ཟུངས་བྱེད་པའི་གནས་ཚུལ་དག་ཐེར་མཐིལ་ཕྱིན་པ་བྱེད་དགོས་པའི་གནས་སྐབས་སུ་གོ་མ་བྱུང་། ཐོས་མ་བྱུང་། ཤེས་མ་བྱུང་། བཟོ་འདྲ་བོ་བསྡད་དགོས་དོན་ཅི་ཡིན་ནམ།
    གཞིས་ལ་བཞུགས་བཞིན་པའི་བོད་མི་རྣམས་ཀྱི་མི་རིགས་ཀྱི་ལ་རྒྱ་རེད། བོད་སྤྱི་དོན་ལ་བསམ་པའི་སེམས་ཤུགས་ཀྱི་མེ་ལྕེ་དུས་ནམ་ཡང་ཞན་དུ་འགྲོ་མེད། དེ་རིང་གི་གནས་ཚུལ་འདི་ཆུ་དང་འོ་མ་གཉིས་ལོགས་སུ་ཕྱེས་ན་ཁོང་རྣམས་པའི་སེམས་ཤུགས་ཆག་རྒྱུ་ལས་ལྡོག་བོད་མི་བཙན་བྱོལ་སྒྲིག་འཛུགས་སུ་མང་གཙོ་དྲང་བདེན་གྱི་རིང་ལུགས་ཡོད་པ་གསལ་པོ་ངེས་ཤེས་སྐྱེས་ཐུབ་ངེས་རེད།

    Reply
  11. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དཀོན་མཆོག་མཁྱེན། བོད་པའི་སྤྱི་ཚོགས་དང་། གཞུང་། ཚོགས་པ་ཁག་གང་ཡིན་ནའང་ རྙོགས་ཁྲ་མེད་ས་གཅིག་ཀྱང་མི་འདུག།

    Reply
  12. ཡུལ་གྱར་གྱི་མཚེར་ས says:
    ལོ་ 13 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ལས་ཐོག་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོའི་སྐོར་དེ་ངར་མཚོན་ན་གནས་ཚུལ་གསར་པ་རེད། འོན་ཀྱང་གནས་ཚུལ་གསལ་པོ་མ་ཆགས་གོང་གང་བྱུང་དུ་ཁྲོམས་བསྒྲགས་བྱས་ན་སྤྱི་སྒེར་གཉིས་ཀར་གནོད་སྐྱོན་ལས་ཕན་ཐོག་མེད་པས་ཚང་མས་ཡིད་གཟབ་གནང་རོགས། གལ་སྲིད་གནས་ཚུལ་འདི་བདེན་པ་མིན་ན་བུད་མེད་ལྷན་ཚོགས་དང་མོ་རང་སྒེར་གཉིས་ཀར་ཇི་འདྲའི་དམའ་འབེབས་སུ་མི་འགྱུར་རམ། གནས་ཚུལ་འདི་བདེན་པ་མིན་པའི་རེ་བ་ཡོད།

    Reply
  13. སྤགས་ཤར། says:
    ལོ་ 13 སྔོན།

    ད་ལྟ་ཚོགས་བཞིན་པའི་ཚོགས་འདུའི་སྟེང་ཚོགས་གཙོ་མེད་པའི་རྒྱུ་མཚན་ནི། ཚོགས་གཙོས་ཚོགས་དངུལ་བརྐུས་པ་མཁས་ལེན་བྱས་རྗེས་རྒྱུན་ལས་ཚོས་ཉིན་དགའི་སྔོན་ནས་ཚོགས་གཙོ་གནས་དབྱུང་བཏང་ཚར་འདུག ད་ལྟ་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་དགོས་པའི་ན་ཚ་ནི་རང་ཉིད་རྐང་པའི་སྟེང་རང་ཉིད་ཀྱི་ཆུ་ཚ་པོ་བླུགས་པའི་རྐྱེན་གྱི་རེད་འདུག རྒྱུ་མཚན་ནི་གནས་ཚུལ་ཆུང་དུ་གཏོང་ཐབས་ཀྱི་ཆེད་དུ་རེད་འདུག

    Reply
  14. ནད་པ says:
    ལོ་ 13 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ལས་ཐོག་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་ཟླ་གཅིག་ཙམ་གྱིས་གོང་ནས་ཚོགས་པའི་དངུལ་འཛིན་སྟེང་དྲུང་ཆེ་དང་། སློབ་ཕྲུག་བུ་མོ་གཅིག རང་ཉིད་བཅས་ཀྱིས་ས་རྟགས་བརྒྱབ་ཏེ་རང་གི་ཁྱོ་ཀས་རྒྱ་གར་བྱང་ཤར་ཁུལ་གྱི་དངུལ་ཁང་ནས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་འདུག

    གནས་ཚུལ་དེ་བུད་མེད་ཚོགས་པའི་རྒྱུན་ལས་ཚོས་ཞིབས་འཇུག་བྱས་མཐར་ཁོ་མོས་ལྐོག་ཟ་བྱས་པའི་དཔང་རྟགས་དང་གནས་ཚུལ་ར་འཕྲོད་གསལ་པོ་ཆགས་སྟབས། མཐར་ཁོ་མོས་ལས་ལེན་བྱས་འདུག འོན་ཀྱང་ད་ལྟ་འཚོགས་བཞིན་པའི་བུད་མེད་ལྷན་ཚོགས་ཀྱི་འཚོགས་འདུའི་སྐབས་ངོ་ཚ་དང་ཁ་སྐྱེངས་འོག་ཁོ་མོ་ནད་མནར་གྱིས་ཚུལ་ལས་སྨན་ཁང་དུ་སྡོད་བཞིན་ཚོགས་འདུར་བཅར་ཐུབ་མེད།

    ད་ལྟའི་འཆར་བོད་ཀྱི་གནས་ཚུལ་ཛ་དྲག་འོག་མི་རིགས་དང་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དང་། ༸ གོང་ས་མཆོག་གིས་རྒྱ་གར་གྱི་སྤུན་རིགས་ཚོར་ལྐོག་ཟ་མི་བྱ་རྒྱུའི་བཀའ་སློབ་ལམ་སྟོན་གནང་བཞིན་པའི་སྐབས་འདིར་བོད་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་། བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་ལྐོ་ཟ་བྱས་པ་དེ་ནི་ཧ་ཅང་གི་བློ་ཕམ་དང་སྐྱུགས་བྲོ་བའི་གནས་སྟངས་ཞིག་རང་བཞིན་གྱིས་ཆགས་ཡོད།

    དེར་བརྟེན་གནས་ཚུལ་དེ་རིགས་སྤྱི་ཚོགས་ཐོག་མ་གོ་མ་ཐོས་མེད་པར་བུད་མེད་ལྷན་ཚོགས་ཀྱིས་ངོས་ཕྱི་གསལ་ནང་གསལ་གྱིས་གསལ་བཤད་མཐིལ་ཕྱིལ་པ་ཞིག་གནང་དགོས།

    གལ་སྲིད་གནས་ཚུལ་དེ་རིགས་གསལ་པོ་མ་བཟོས་པར་སྤས་བསྐུངས་བྱས་ཚེ་འབྲེལ་ཡོད་རྒྱུན་ལས་ཚང་མ་གཅིག་མཚུངས་ཀྱིས་ལྐོ་ཟ་བྱེད་མཁན་གྱི་གྲས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད།

    ཕྱི་འབྱུང་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་རྩ་བ་ནས་མི་འབྱུང་ཆེད་ཚང་མར་གསལ་བཤད་ཡག་པོས་བྱེད་དགོས་ལ། བོད་ཀྱི་དུས་བབ་དང་བང་ཆེན་སོགས་ནས་གནས་ཚུལ་གསལ་པོ་བཀོད་ཐུབ་པ་བྱེད་དགོས།

    Reply
  15. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    བདེན་རྒྱལ་གྱི་གསུང་ཧ་ཅང་དག་གོ རྒྱུད་ལམ་འདི་ནས་དུས་བབ་ཚང་ལ་ཐེང་མང་ཞུས་མྱོང། ཡིན་ཡང་ངན་ཚང་རིགས་འགོད་རྐྱང་གི་བཟོ་འདྲ་མཐོང་གི་འདུག
    མང་ཤོས་ཀྱི་ཟོས་ཡོད་ན་ཞེས་ཐ་བཟུང་གིས་དང། རེ་ཟུང་གིས་གླེང་སོང་ཟེར། ཅིག་གིས་སྤོབ་པ་ཆེན་པོས་བཤད་འདུག་སོགས་ཟེར།
    དཀྲུག་བསམ་པཚོས་ཧམ་པ་ཆེན་པོས་བཤད་སུས་མི་ཤེས་སམ། དེའི་ན་རྒྱུ་མཚན་ལ་ཁྱབ་པ་ཡོད་མེད་རང་གིས་གསལ་བོར་ངེས་རྗེས་དང། ཡང་ན་གནས་ཚུལ་དེ་གསལ་བོ་བྱུང་རྗེས་གཞི་ནས་བསམ་ཚུལ་དགོས་པ་ལས། དེ་བྱུང་ཡོད་ན་ཅིག་ཅིག་བྱེད་དགོས་ཤེས་བྲེལ་བ་དགོས་དོན་གཏན་མེད་ཀྱང། དེ་འདྲ་བྱེད་པ་ནི་དཀྲུགས་ཤིང་གང་མགྱོགས་ཀྱིས་སྤེལ་ཅི་ཐུབ་བྱེད་མཁན་ལ་ངེས་འཛིན་པ་གཞན་གང་ཡང་མི་འདུག་གོ །
    མང་གཙོའི་རང་དབང་སྤྱད་པར་སྨྲ་བ་ནི་མ་ངརས་པ་ཆེན་པོ་སྟེ། གནས་ཚུལ་གང་ཞིག་གསལ་བོ་བཟོ་རྒྱུའི་ཐོབ་ཐང་ཡོད་ཀྱང་། དོགས་པ་དང་སྲིད་པ་ཙམསོགས་ཀྱིས་མི་སྒེར་དང་ཚོགས་པའི་མཚན་ལ་གནོད་པའི་རིགས་སྤེལ་མི་ཆོག་པ་མང་གཙོའི་ལུགས་སོ

    Reply
  16. ཨ་མའི་བུ། says:
    ལོ་ 13 སྔོན།

    དྲ་གྲོགས་བདེ་རྒྱལ་ལགས། བུད་མེད་ལྷན་ཚོགས་ཀྱི་གནས་ཚུལ་དེ་དཀྲུགས་ཤིང་རྩ་བ་ནས་རེད་མི་འདུག གནས་ཚུལ་དེ་བདེན་པ་རང་རེད་འདུག ངས་དེ་སྔོན་བཀུར་འོས་ཀྱི་བོད་དུས་བབ་ཚང་ལ་རླབས་ཆེན་ཚོགས་པ་འདིར་མི་མང་ཡིད་ཆེས་མ་བརླག་པའི་ཆེད་དུ་རྒྱུན་ལས་ཚོའི་གམ་དུ་བཅར་ཏེ་གནས་ཚུལ་ཁ་གསལ་ཞིག་བཟོ་རོགས་གནང་ཞེས་སྐུལ་མ་བཞུས་ཡང་ལན་ཁ་གསལ་གང་ཡང་གནང་མ་བྱུང་། ད་ལྟ་ངས་ཤེས་པའི་གནས་ཚུལ་ལ་་བལྟས་ན་ཚོགས་གཙོས་ཚོགས་དངུལ་ཧིན་སྒོར་འབུམ་གཉིས་ཀྱི་དངུལ་འཛིན་ cheack སྟེང་དྲུང་ཆེའི་ས་ཡིག་རྫུན་མ་བརྒྱབ་ཏེ་རྐུ་འཁྱེར་བྱས་པའི་དཔང་རྟགས་རྒྱུན་ལས་ཚོར་ཡོད་མུས་རེད་འདུག་ལ་གནས་ཚུལ་དེ་ཐོན་མ་ཐག་རྒྱུན་ལས་ཚོས་རླབས་ཆེན་གྱི་ཚོགས་པ་དེའི་ཚོགས་གཙོའི་ཞབས་བཀྱག་སྟེང་དུ་རྐུན་མ་ཞིག་བཞག་ན་འགྲིག་གི་མི་འདུག་བཟང་སྤྱོད་སྒོ་ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དགོངས་པ་ཞུ་དགོས་ཟེར་ནས་ཚོགས་གཙོ་གནས་དབྱུང་བཏང་སྟེ་ད་ལྟ་ཚོགས་གཙོ་མེད་པའི་ཚོགས་ཆེན་དེའི་སྟང་ཛིན་ཚོགས་གཙོའི་ལས་ཨ་ཅག་བཀྲིས་སྒྲོལ་མ་ཞེས་པ་ཞིག་གི་བྱེད་མུས་རེད་འདུག གནས་ཚུལ་དེ་ལས་ཁ་གསལ་བ་ཤེས་འདོད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  17. ཏཱ་རེ་མ། says:
    ལོ་ 13 སྔོན།

    ལས་མེད་དྲ་ལམ་ཉུལ་མཁན་ཚོར་ཁ་མང་པར་དོགས་ཟོན་བྱེད་དགོས།

    ཡོངས་གྲགས་སུ་དྲ་འབུ་ནི་དྲ་འབུ་རང་ཡིན་པས་འདི་ཚོར་དམིགས་ཡུལ་ཞིག་ཡོད་པ་ན་གྱོད་སྣ་ཁ་མཆུ་རེ་སློང་བ་དང་། ནང་དཀྲུགས་རེ་བྱེད་པ། འབུར་འཇོམས་རེ་འེ་ཐུབ་ལྟ་རྒྱུ་ཡིན་ལ། དེ་ལས་ཀྱང་ལས་འགན་ཞིག་ཡོད་པ་ནི་བོད་པའི་གནད་ཡོད་ཀྱི་མི་དང་། བོད་གཞུང་གི་སྒྲིག་འཛུགས་ཁག་གོ་སྐབས་བཟུང་དེ་རྩ་མེད་དུ་གཏོང་རྒྱུ་དེ་རེད།
    ལོ་ཤས་སྔོན་ནས་སྐུ་ངོ་བློ་བཟང་སྦྱིན་པས་ཧིན་སྒོར་འབུམ་༢༠༠་ཟས་རབས་ཁྲོམ་བསྒྲགས་བྱས་ཏེ་ཁོང་ལ་མིང་ཉེས་བཟོས་པ་རེད།
    ད་ཆར་ཁོང་དགའ་ལྡན་ཕོ་བྲང་གི་དགེ་རྩ་ཚོགས་པའི་གཙོ་གྲས་ཤིག་ཆགས་ཡོད་པ་རེད། འདི་ཡང་བརྒྱུད་ལམ་ཁག་ནས་གོ་སྐབས་འཇུས་ཏེ་འབུར་འཇོམས་བྱས་པ་རེད། འདི་དང་འདི་ལྟ་བུ་ཧ་ཅང་མང་པོ་རེད། བུད་མེད་ཚོགས་པ་དང་། བུད་མེད་ཚོགས་པའི་རྒྱུན་ལས་ཀྱི་གནས་བབ་ཁོ་ཚོའི་ནང་ཁུལ་ནས་ཐག་གཅོད་བྱེད་པ་ཅིག་ལས་དྲ་འབུ་ཚོར་ཇུས་གཏོགས་ཡོད་པ་མ་རེད།
    སྒྲོལ་དཀར་ལྷ་མོར་དངུལ་དང་འབྲེལ་བའི་རྩིས་རྙོག་ཅིག་ཡོད་པ་བདེན་པ་ཡིན་སྲིད་ཀྱང་མི་ཚེ་རིང་དཀའ་ངལ་རྒྱག་མཁན་དང་། སྤྱི་བའི་ཆེད་ལས་ཀ་བྱེད་མཁན་ཚོ་སངས་རྒྱས་མ་རེད། སྐབས་རེར་ནོར་འཁྲུལ་བྱུང་བ་དང་སྐབས་རེར་སྐྱོན་སངས་ཡོང་བ་སོོགས་སྲིད་པ་རེད།
    ཚོགས་ཆེན་དུ་མ་ཡོང་བ་ཁོང་ལ་ནད་གཞི་ཆེན་པོ་ཞིག་ཕོག་ཡོད་པ་དངོས་འབྲེལ་རེད་འདུག ཕྱི་ཚེས་༡༢་ཉིན་གྱི་དགོང་དྲོ་ཛ་དྲག་མྱུར་སྐྱོབ་རླངས་འཁོར་ཞིག་གི་ནང་ནས་ཕབ་སྟེ་མི་ཁ་ཤས་ཀྱིས་ནད་པ་འགྱོགས་བྱེད་ཅིག་སྒང་སྟེང་བཞག་སྟེ་བདེ་ལེགས་སྨན་ཁང་དུ་ཁྲིད་སོང་བ་དངོས་སུ་མཐོང་།
    མི་ལ་བརྡབས་གསིག་ཕོག་པ་དང་། རླུང་རྟ་ཆགས་པའི་སྐབས་ཧ་ཅང་གི་རྡོག་བརྫིས་མ་བཏང་ན་ཡག་གི་རེད། རང་རང་སོ་སོའི་སྒང་ལའང་སྐྱིད་སྡུག་ལེགས་ཉེས་ཡོང་རྒྱུ་ཡོད་པ་མཁྱེན་ན་བཟང་ཀི་རེད། གསལ་བཤད་བྱེད་དགོས་ན་བུད་པ་ཚོགས་པ་དང་། སྒྲོལ་དཀར་ལྷ་མོའི་བར་ནས་བྱེད་ཀྱིན་རེད་མ་གཏོགས་དེ་ཙམ་གྱིས་ཛ་དྲག་ཡོངས་བསྒྲགས་བྱེད་དགོས་པ་ཅིག་མ་རེད།

    Reply
  18. བསྟན་འཇམ། says:
    ལོ་ 13 སྔོན།

    བུད་མེད་ཚོགས་གཙོ་ཚོགས་ཆེན་ལ་ཅི་ལྟར་མ་བཅར་བ་དང་། ་སྤྱི་དངུལ་སྒེར་བཟས་གང་འདྲ་བྱས་ནས་ཡོང་བ་སོགས་བུད་མེད་རྒྱུན་ལས་ཚོས་གསར་འགོད་གསལ་བསྒྲགས་མྱུར་ཏུ་མ་བྱེད་ཚེ་མང་གཙོ་ཡང་དག་མིན་པ་རེད།དེ་ནས་བཟུང་བུད་མེད་ལྷན་ཚོགས་ལ་རྒྱ་ཆེའི་མང་ཚོགས་ཀྱིས་ཡིད་ཆེས་དང་རེ་བ་བྱེད་ཀི་མ་རེད་དོ།

    Reply
  19. མི་རྒོད། says:
    ལོ་ 13 སྔོན།

    རེད་རེད། དུས་བབ་ཚང་ང་ཚོའི་བསམ་མཆན་ལ་དེ་ཙམ་དོ་སྣང་མིན་འདུག་ཡིན་ཡང་བསམ་མཆན་འགེངས་ཤོག་སྟེང་༼ ཞིབ་བཤེར་བྱས་ནས་་་་་་་་་་་་་འགོད་ཀྱི་ཡིན་ད་ ༽ ཞེས་རྫིག་པོ་ཞིག་བྲིས་ཤག། དེ་ནི་ང་ཚོ་རྗེས་ལུས་བལྟ་ལྷད་དང་། ལད་ཟློས་ལ་དགའ་དྲགས་པས་སྐྱོན་ཆ་མིན་ནམ་བསམ་ནས་ཡོད་འཛམ་གླིང་གཞན་རྣམས་སུ་གསར་འགོད་རང་དབང་ཞེས་དོན་ཡོད་རྣམས་དགའ་ནས་འགོད་པ་ཡོངས་ཁྱབ་བཅས་་་་་་དགོངས་དག་དུས་བབ་ལགས། ༄་། དེ་ལ་བདེན་པ་མེད་འགྱུར་ན་། དཀོན་མཆོག་ཁྲིམས་ཀྱི་དཔོན་པོ་རེད། དེ་ལ་བདེན་པ་ཡོད་འགྱུར་ན། དུས་བབ་གོ་བ་ལེན་དགོས་རེད།

    Reply
  20. མི་རྒོད། says:
    ལོ་ 13 སྔོན།

    ཁ་མང་ན་བུད་མེད་མང་རོགས་རེད།།
    དོན་མེད་ན་དུས་ཚོད་རྫོགས་རོགས་རེད།།
    དངུལ་མིད་ན་རྒྱ་དམར་ལས་ཀྱང་ཞན།།
    མི་འདི་འདྲ་བོད་མིའི་ཐ་མ་རེད།།
    ནད་འདི་ནི་དགྲ་ལ་དགོས་རྒྱུ་རེད།།
    འདི་བདེན་ན་སེམས་པ་སྐྱུར་སྐྱུར་རེད།།
    ད་བོད་ཚང་དོ་ནན་མ་གནང་ཚེ།།
    མི་འདི་འདྲས་བོད་ཚང་དཀྲུག་ཉེན་ཆེ།།
    མོ་འཇོན་ཐང་ངོམ་པའི་དུས་ཚོད་རེད།།
    མོ་གངས་དར་འཆར་བའི་དུས་ཚོད་རེད།
    ལས་འདི་འདྲས་ཡང་ཡང་མི་བསླུ་བ།།
    མགོན་བསྟན་བསྲུང་དམར་ནག་འཕྲིན་ལས་མཛོད།།།།

    Reply
  21. སྤགས་ཤར། says:
    ལོ་ 13 སྔོན།

    དཀོན་མཆོག་གི་མཁྱེན། རྩ་ཆེའི་ཚོགས་པ་འདི་ལ་གཞིས་བྱེས་བོད་མི་བསམ་ཡོད་ཚང་མ་ཡིད་ཆེས་དང་རེ་བ་ག་ཚོད་ཙམ་ཞིག་རྒྱབ་ཀྱི་ཡོད་པ་ང་ཚོ་ཚང་མས་ཧ་གོ་དོན་གསལ་ཡིན། ཧིན་སྒོར་འབུམ་གཉིས་བཟས་པ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བར་འདུམ་དུ་གདན་འདྲེན་བཞུས་འདུག་རུང་དོན་ཕན་སོན་མེད་པ་ནི་དངོས་བདེན་རེད་འདུག སྐབས་དེའི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཚོས་རྩ་ཆེའི་ཚོགས་པ་འདི་ལ་མིང་ཆད་མི་ཡོང་བའི་ཆེད་དུ་གནས་ཚུལ་གསལ་པོ་ཞིག་གང་མྱུར་གསར་འགོད་གསལ་བསྒྲགས་བྱས་ན་ལེགས།

    Reply
  22. བདེ་རྒྱལ། says:
    ལོ་ 13 སྔོན།

    དེང་སང་སྤྱི་ཚོགས་ནང་དཀྲུགས་ཤིང་འཕེན་མཁན་ཇེ་མང་ཡིན་པ་ལྟར། ཀིརྟིའི་སྒྲོལ་དཀར་ལྷ་མོའི་སྐོར་གྱི་གནས་ཚུལ་ཐད་མོ་རང་གིས་གསར་ལམ་བརྒྱུད་གསལ་བསྒྲགས་མ་བྱས་པར་བདེན་ཆ་མེད་པ་ཞིག་ལ་ངོས་འཛིན་བྱེད་ངེས།

    Reply
  23. ལུང་རྟོགས། says:
    ལོ་ 13 སྔོན།

    བུད་མེད་ཚོགས་གཙོས་སྤྱི་དངུལ་ལྐོག་ཟ་བྱས་པ་བདེན་ན་སྤྱི་འཐུས་ཀྱི་ལས་གནས་ནས་ཀྱང་དགོང་པ་ཞུ་དགོས་ངེས་རེད།

    Reply
  24. རུ་གསར་ཚང་། says:
    ལོ་ 13 སྔོན།

    དངོས་འབྲེལ་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོས་གཞུང་རྒྱུ་ཕོན་ཆེན་དེ་འདྲ་ལྐོག་ཟ་བྱས་པ་བདེན་ཚེ། འདྲེ་མོ་དེ་སྤྱི་མཐུས་ནས་ཀྱང་ཕྱིར་འབུད་གཏོང་དགོས་འདུག དེང་སང་གངས་སྐྱིད་དང་རྡ་སའི་གཡས་གཡོན་ན་འདི་འདྲའི་རིགས་མང་ཚོད་འདུག་པས་ཚང་མས་བརྟག་དཔྱད་བྱ་དགོས་འདུག

    Reply
  25. ཨ་མའི་བུ། says:
    ལོ་ 13 སྔོན།

    གལ་ཆེའི་ཚོགས་ཆེན་དེ་འདྲའི་སྟེང་དུ་ཚོགས་གཙོ་མ་ཕེབས་པའི་གནས་ཚུལ་ལ་དཔྱད་པ་བྱེད་སྐབས། དངོས་གནས་ཚོགས་གཙོ་ཉི་མ་ཁ་ཤས་སྔོན་ནས་ཕྱིརཕུད་བཏང་ཟིན་པ་དངོས་བདེན་རེད་འདུག དེ་ཡང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་ཁོང་གསུམ་གྱི་དངུལ་འཛིན་ནས་ཧིན་སྒོར་འབུམ་གཉིས་བཟས་པའི་སྐོར་ལ་མ་འཆམ་པར་ཚོགས་གཞོན་དང་དྲུང་ཆེ་མཉམ་དུ་སྒྲིལ་ཏེ་ཚོགས་གཙོ་ཕྱིར་ཕུད་བཏང་ཟིན་འདུག

    Reply
  26. བསྟན་འཇམ། says:
    ལོ་ 13 སྔོན།

    བོད་ཀྱི་བུད་མེད་ཚོགས་ཆེན་སྟེང་ཚོགས་གཙོ་ཕེབས་མེད་དོན་ནི། སྤྱི་འཐུས་ཀི་རྟི་སྒྲོལ་དཀར་ལྷ་མོས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་ཡོད་རྐྱེན་ལྷན་ཚོགས་ནས་ཕྱིར་འབུད་གཏོང་ཡོད་འདུག གནས་ཚུལ་དེ་ཁ་སང་ཚོགས་ཆེན་སྟེང་གསལ་བཤད་ཙམ་བྱས་དགོས་པ་ཆགས་འདུག

    Reply
  27. ཨ་མའི་བུ། says:
    ལོ་ 13 སྔོན།

    དངོས་གནས་གནས་ཚུལ་ཡ་མཚན་ཅན་ཞིག་འདུག བུད་མེད་ལྷན་ཚོགས་ཀྱི་གལ་ཆེའི་ཚོགས་ཆེན་སྟེང་དུ་ཚོགས་གཙོ་མེད་པ་ནི་ཡ་མཚན་རེད་འདུག ཁ་བརྡ་དྲ་ཐོག་དགའ་ལྡན་པ་ཞེས་པ་ཞིག་གི་བུད་མེད་ལྷན་ཚོགས་ཀྱི་ཚོགས་དངུལ་འབུམ་གཉིས་ལྷག་རྒྱུན་ལས་ཀྱི་བཟས་སྐོར་དང་ཚོགས་གཙོ་ཕྱིར་ཕུད་བཏང་བའི་མཆན་དེ་དངོས་གནས་ཡིན་ས་རེད། ད་དུང་དགའ་ལྡན་གྱི་གནས་ཚུལ་གསལ་པོ་ཤེས་འདོད་ན་གསར་འགོད་པ་ཚོ་དང་དོ་སྣང་ཅན་ཚོས་བུད་མེད་ཚོགས་ཆེན་ཚོགས་ཡུལ་དུ་སོང་ཏེ་དཔྱད་པ་བྱེད་དང་ཞེས་སྤོབ་པ་ཆེན་པོས་སྨྲས་འདུག ངས་དུས་རྒྱུན་དུ་གོང་དུ་བཀུར་འོས་པའི་བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་ཚོས་རྒྱུས་ལོན་ཞིག་བྱ་རོགས།

    Reply
  28. ཡུལ་གྱར་གྱི་མཚེར་ས says:
    ལོ་ 13 སྔོན།

    ཁ་ཙང་ཡང་བསྐྱར་ངས་རྩོམ་ཐུང་ཞིག་བསྐུར་བས་འདི་ཚང་གིས་བཀོད་མི་འདུག ད་ངས་འགོ་ཚོས་བྱུང་། ཡག་ཚུལ་དང་ངོ་བསྟོད་ཁོ་ན་ལས་གཞན་འཇུག་གི་མེད་པ་འདྲ།

    Reply
  29. ནད་པ says:
    ལོ་ 13 སྔོན།

    བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གི་གསུངས་བཤད་དེར་རིན་ཐང་ཧ་ཅང་ཆེན་པོ་ཞིག་མངོན་འདུག

    དེར་བུད་མེད་ལྷན་ཚོགས་ཀྱི་དམིགས་བསལ་དོ་སྣང་བྱེད་དགོས་པ་རེད།

    གྲོང་ཁྱེར་ཆེན་པོའི་ནང་ལས་ཀ་བྱེད་མཁན་བུད་མེད་གཞོན་སྐྱེས་ཚོར་གླ་ཕོགས་ཏག་ཏག་མ་རག་པ་དང་། ཁང་གླ་ཆེན་པོ་སྤྲོད་དགོས་པའི་གནས་སྟངས་འོག་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་དེའི་འོག་རང་གི་སྤྱོད་པ་ཉམས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྟབས། གནད་དོན་དེར་བུད་མེད་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཐུབ་ན། རྒྱལ་ཁབ་ཀྱི་གནས་སྟངས་དང་བུད་མེད་ཀྱི་མཚན་མཐོང་གཉིས་ལ་ཕན་ཐོགས་ཆེན་པོ་འདུག ” ཅེས་གསུངས།

    Reply
  30. མཚོ་པདྨ། says:
    ལོ་ 13 སྔོན།

    རིན་ཆེན་མཁའ་འགྲོ་ལགས་ཀྱིས་གནང་བའི་གཏམ་བཤད་ཀྱི་ཚིག་རེ་རེ་གསེར་ལས་ཀྱང་ཆེས་ཆེར་ལྷག་པའི་རིན་ཐང་འདུག དངོས་གནས་དགའ་བོ་ཞེ་དྲག་བྱུང་། ཁོང་མོ་ལ་ཐུགས་རྗེ་ཆེ་ཞུ། ད་གང་གནང་བའི་ལམ་སྟོན་རྣམས་བུད་མེད་ལྷན་ཚོགས་ངོས་ནས་ལག་བསྟར་བྱ་དགོས་པ་གནད་ཀ་རེད་ལ་ངེས་པར་དུ་ལག་ལེན་ལ་འཁེལ་ཐུབ་པར་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་ལྟར་གནང་ཚེ་སྐུ་མགྲོན་ལ་གདན་འདྲེན་ཞུས་པ་ཞུ་གོ་ཆོད་པ་རེད།

    སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནི་ང་ཚོའི་སྙིང་གི་ནོར་བུ་ཡིན། ཁོང་སྐུ་ཁམས་གསལ་ཐང་ངང་སྐུ་ཚེ་ཡུན་རིང་གནས་པའི་སྨོན་འདུན་ཞུ།།

    Reply
  31. Tibet yeti says:
    ལོ་ 13 སྔོན།

    བཀའ་ཟུར་ཟམ་གདོང་མཁས་དབང་བློ་བཟང་བསྟན་འཛིན་ལགས་སུ་བོད་ས་ཡོངས་ནས་ཐུགས་རྗེ་ཆེ་ཞུ།།།།

    Reply
  32. Tibet yeti says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ལགས་ཀྱིས་དགོངས་ཚུལ་ལ་མོས་འཐུན་ཡོད།
    ཡར་རྒྱས་རིག་མང་བསྡུར་ནས་ཡོང་། སངས་རྒྱས་ཉོན་མོང་ཟད་ནས་བྱུང་། ཐར་པ་དོན་གཉེར་བྱུང་ནས་ཐར།།།

    Reply
  33. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་མེད་དཀྱུས་མ་མང་པོའི་དཔར་དེ་མཐོ་ཤོས་དང་། དེ་ནས་སྐུ་མགྲོན་བུད་མེད་ཀྱི་དཔར་དང་། དེ་ནས་གཤམ་འོག་ཏུ་སྤྲུལ་སྐུ་ཡང་ཡིན་ལ། བླ་མ་ཡིན་པ། ཁྲི་ཟུར་ཡང་ཡིན་པའི་སྐུ་དཔར་དེ་འོག་ཤོས་སུ་བཞག་པ་འདིེས། བཙན་བྱོལ་བོད་མིས་རིག་གཞུང་གི་ཚད་དམའ་བོ་ཡིན་པ་མཚོན་པ་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese