མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་ཕྱོགས་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༠ ནས་འཆར་ཟླའི་ཚེས་ ༢༨ བར་བཀའ་ཁྲི་མཆོག་ཨ་རི་དང་ཁེ་ན་ཌ་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་གྱི་ས་གནས་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དེ་རིང་ཕྱི་ཚེས་  ༢༠ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༢ ཉིན་ནེ་ཝ་ཀ་རུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༢ ནས་ ༢༥ བར་ས་གནས་སུ་གཞུང་འབྲེལ་གྱི་ལས་དོན་ཁག་བསྒྲུབ་རྗེས་ཕྱི་ཚེས་ ༢༦ ཉིན་ཨ་རིའི་ཆི་ཁ་གྷོར་ནོ་སྦེལ་ཞི་བདེ་ཚོགས་ཆུང་གི་ཚོགས་འདུར་མཉམ་ཞུགས་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་། དེའི་རྗེས་ཁེ་ན་ཌའི་ཨོ་ཊ་ཝར་ཕེབས་ཏེ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ལོ་འཁོར་དོན་གཅོད་ཚོགས་འདུའི་ཐོག་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་འདུག  ཕྱིར་རྒྱ་གར་ནང་ཕེབས་རྗེས་སིམ་ལ་གཏན་སློབ་ཀྱི་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོར་ཞུགས་ཏེ་དེར་ཡོད་དགེ་སློབ་དང་མི་མང་ལ་གསུང་བཤད་དང་། ཌོ་ལན་ཇི་བོན་གཞིས་སུ་འཚམས་གཟིགས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 21

  1. ནད་པ says:
    ལོ་ 13 སྔོན།

    བསྟན་འཛིན་འཕགས་པ་ཟེར་བ་འདི་དངོས་གནས་ཞལ་རས་ལས་འཁོར་ལོ་ཡོད་པའི་ཕག་པ་རང་ཞིག་ཡིན་པ་འདྲ། ཧ་ཧ་་་སྐུ་རྩེད་བཞུས་པ་ཡིན།

    ད་ལྟའི་སྐབས་སུ་༸ གོང་ས་སྐྱབས་མགོན་ཆེན་པོའི་ནང་ཆོས་ཀྱི་གསུང་བསྒྱུར་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དེ་མཁས་དབང་ཆེན་མོ་སྒྲ་བསྒྱུར་གྱི་ལོ་ཙྰ་བ་ཐུབ་བསྟན་སྦྱིན་པ་ལགས་རེད།

    ༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་རྩོམ་ག་ཚོད་གཅིག་དབྱིན་སྐད་དུ་ཞུགས་པ་ཁྱེད་པ་དེ་ཉིད་ཀྱིས་མཁྱེན་ཆུབ་ལྟར་རེད། ཨ་རི་དང་། ཁ་ན་ཌ། ཡོ་རོབ་སོགས་འཛམ་གླིང་གང་སར་བོད་མི་བླ་ན་མེད་པའི་༸ གོང་ས་མཆོག་གི་མཛད་འཕྲིན་བསམ་ཡུལ་ལས་འདས་པ་ཞིག་རྒྱས་ཐུབ་པ་དེའི་རྒྱུ་མཚན་ཕྱོགས་གཅིག་ནི་གོང་ས་མཆོག་གི་མཛད་པའི་གསུང་རྩོམ་ཁག་རེད།

    གསུང་རྩོམ་འདི་དག་མང་ཆེ་བར་རོགས་འདེབས་གནང་མཁན་ནི་སྐུའི་གསུང་བསྒྱུར་ཆེན་མོ་ཁོང་ཡིན། ཁོང་ནི་དབྱིན་སྐད་ཚད་ལྡན་ཡོད་པ་ཙམ་ཟད་ནང་བསྟན་ཆོས་ལུགས་ཀྱི་དགེ་བཤེས་ཚད་ལྡན་ཞིག་ཀྱང་རེད། དེ་མིན་ཚན་རིག་དང་། ཆོས་ལུགས། རིག་གནས། ལེགས་སྦྱར་དང་། བོད་ཀྱི་བརྡ་སྤྲོད་སོགས་གང་སར་མཁས་པའི་མི་རླབས་ཆེན་གཅིག་རེད།

    ངས་ཕྱོགས་རིས་བྱས་ཏེ་སྐད་ཆ་བཤོད་ཀྱིན་མེད། ངས་དོན་དངོས་གང་ཡིན་པ་དེ་གསལ་བཤད་བྱས་པ་ཡིན། ཁོང་མཁས་དབང་ཆེན་པོ་ཞིག་ཡིན་མིན་དེ་༸ གོང་ས་མཆོག་དང་ཕྱི་རྒྱལ་གྱི་ཚན་རིག་མཁས་དབང་དང་། ཤེས་ཡོན་ཅན། རྣམ་དཔྱོད་ཅན་མང་པོས་དེང་འཇོག་མཛད་བཞིན་པ་རེད།

    མཁས་པ་མཁས་པའི་ནང་ན་མཛེས་པ་ཡིན་ཟེར་བ་དེ་འདྲ་རེད།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    ནད་པ་ཟེར་བའི་མི་ངན་འདི་ཧ་ཅང་ཕྱོགས་རེས་ཆེ་བའི་ཀླ་ཀློ་ཞིག་མཐོང་།
    ལྟོས་དང་ཁོང་གི་གསུང་སྟངས་་་ཧོ་བུ་ཡེ་ཤེས་ཟེར་མཁན་འདི་ཁམས་པ་ཞིག་ཡིན་པ་འདྲ་བློ་སེང་ལ་མཁས་དབང་ཞེས་འབོད་ཀྱི་འདུག་གསུང་།རྒྱ་མཚན་དེ་འདྲ་ཞིག་ཡིན་ན་འོ་ན་ཁྱེད་ཀྱིས་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་ལོ་རྩ་བ་དང་མཁས་དབང་འབོད་པ་ཡང་ཕྱོགས་ཞེན་ཙམ་གང་ཡང་མ་མཐོང་ལོ།
    གུས་པས་བསམ་ན་ཐུབ་བསྟན་སྦྱིན་པས་རྩོམ་པའི་བརྡ་སྤྲོད་ཞིག་ཡོད་པ་དེ་ལ་ལྟོས་དང་ལོ་རྩ་བ་དང་མཁས་དབང་ཞིག་ཡིན་མིན་རྟོག་སླ།

    Reply
  3. ནད་པ says:
    ལོ་ 13 སྔོན།

    བོད་ཕྱི་ནང་དང་འཛམ་གླིང་རྒྱལ་སྤྱིའི་སྟེང་ང་ཚོས་བོད་རིགས་ཞིག་ལ་མཁས་དབང་ཞེས་མིང་ཚིག་གཅིག་བེད་སྤྱོད་དགོས་ཚེ་ད་གཟོད་མིང་དོན་མཚུངས་པའི་མཁས་པའི་དབང་པོ་གཅིག་ཡོད་པ་སྟེ།

    ༸ རྒྱལ་བ་རིན་པོ་ཆེའི་སྐུའི་གསུང་བསྒྱུར་བ་ཆེན་པོ་ངེས་པ་དོན་གྱི་མིང་དོན་མཚུངས་པའི་མཁས་དབང་ཆེན་པོ་ལོ་ཙྰ་བ་ཐུབ་བསྟན་སྦྱིན་པ་མཆོག་ཡིན།

    ཁོང་གིས་མཛད་རྗེས་རླབས་ཆེན་འདི་དག་ང་ཚོ་བོད་པའི་ཕྱི་ནང་གི་སྤྱི་ཚོགས་སྟེང་ཤེས་མཁན་ཉུང་ཉུང་ཞིག་ཡིན། ༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་བསྒྱུར་གྱིས་ཕྱག་རོགས་སྤྱི་དང་སྒོས་སུ་༸ རྒྱལ་བའི་བཀའ་སློབ་དང་། དཔེ་དེབ་མང་པོ་ཞིག་འཛམ་གླིང་རྒྱལ་སྤྱིའི་སྟེང་མཐོང་ཆོས་སུ་གྱུར་པའི་མཛད་རྗེས་དེ་འདྲ་བཞག་དང་འཇོག་བཞིན་ཡོད།

    ཁོང་དང་ལྟ་བུའི་སྐྱེས་མཆོག་སྒྲ་བསྒྱུར་གྱི་ལོ་ཙྰ་བ་ཆེན་པོ་མཁས་དབང་འདི་འདྲ་བོད་མི་རིགས་ཀྱི་བསོད་ནམས་དང་གཟི་བརྗིད་ཅིག་རང་བཞིན་གྱིས་ཆགས་ཡོད།

    Reply
  4. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    ཨ་རོག་དྲ་གྲོགས་ཚོ་ད་ལྟའི་ཛ་དྲག་གི་དུས་འདི་ལ་དགྲ་དགའ་གཉེན་སྡུག་སོགས་ཕྱོགས་རེས་ཀྱི་ལས་ངན་མ་རྩོད་རོགས།་་་་་བློ་སེང་ལ་་་མཁས་དབང་ཟེར་མིན་གྱི་ཁྱེད་པར་གང་ཡང་མེད་ཁྱེད་ཚོའི་སྙིང་རྗེའི་གཏམ་གླེང་ལ་དགེ་ཕན་གང་ཡང་མི་འདུག་ཨ་ཁ་ཁ་དེ་འདྲ་གསུང་དགོས་མ་མཐོང་།
    ད་དུང་ཁྱེད་ཚོའི་ཁམས་པ་དང་་་ཨ་མདོ་་་དབུས་གཙང་ཟེར་ནས་ཕྱོགས་རེས་ཀྱི་གཏམ་གླེང་འདི་མཐོང་མ་ཐག་ཤ་ཚ་སྙིང་རེ་རྗེ་ལོ།

    Reply
  5. ནད་པ says:
    ལོ་ 13 སྔོན།

    ཧོར་བུ་ཡེ་ཤེས་ཟེར་མཁན་དེ་ཁམས་པ་ཞིག་ཡིན་པ་འདྲ་། ཁོས་ཞེན་ཁོག་ཐོག་མཁས་དབང་ཟེར་བའི་མིང་ཚིག་དེ་བྱུང་ན་གཅིག་དང་མ་བྱུང་ན་གཉིས་བྱས་ཏེ་ཨུ་ཚུགས་ཀྱིས་མ་འོངས་པར་བཀོད་དགོས་ཟེར།

    ཡང་ཐོག་རྒོད་ཟེར་མཁན་དེ་ཨ་མདོ་བ་ཞིག་ཡིན་པ་འདྲ། ཁོས་ཞེན་ཁོག་གིས་ཐོག་མཁས་དབང་མིན་བཞིན་དུ་མཁས་དབང་ཟེར་ན་བོད་སྐད་མི་འཁྱོངས་བར་སྨྱོས་པ་ཡིན་ཟེར་ཨུ་ཚུགས་ཀྱིས་མ་འོངས་པར་མི་འགོད་ཟེར།

    མ་གཞི་ཨ་མདོ་དང་མཁས་པ་ཚོས་སྲིད་དོན་མི་འཇོན་ཐག་གཅོད་རེད། ད་ལྟའི་དགའ་ལྡན་ཕོ་བྲང་ཟེར་བ་འདིའི་སྲིད་སྟེགས་སུ་ཁམས་པ་དང་། ཨམ་མདོ་བ་སུ་ཞིག་སླེབས་ཀྱང་ནམ་ཡང་སྲིད་སྐྱོང་ཡོང་ཐབས་གཏན་ནས་མེད།

    མ་འོངས་པར་སྲིད་དོན་དངོས་དེ་ཤེས་དགོས་ན་སྔོན་ལ་དབུས་གཙང་གི་སྲིད་སྐྱོང་ཀླུ་ཁང་བར་རྒྱུས་ལོན་བྱེད་ཐུབ་པ་དགོས། དེ་ནས་སྲིད་དོན་མཁས་དབང་ང་ཕོད་ངག་དབང་འཇིགས་མེད་ལ་དཔེ་བལྟ་ཐུབ་ན་དེ་ནས་ཡག་ཏུ་ཡག་ཏུ་འགྲོ་མ་ཡོང་ངས་བསམས་བསམས་རེད།

    Reply
  6. ཁྲི་སྲོང་བཙན། says:
    ལོ་ 13 སྔོན།

    ལོ་ལྔ་དྲུག་གི་སྔོན་ལ་ལོ་སར་མཛད་སྒོའི་ཉིན། ང་ཚོ་འགའ་ཤས་ཕྱི་སྒོའི་འགྲམ་དུ་ལངས་ནས་སྐད་ཆ་འདྲ་མིན་བཤད། སྐབས་དེར་ཚེ་བརྟན་ལྷ་རྒྱལ་ནས་བཤད་དོན། བོད་མི་རྣམས་ལྐུག་པ་རེད། ཟངས་གདོང་བླ་མར་ཅིའི་ཕྱིར་མཁས་དབང་བཏགས་པ་རེད་ཟེར། དེ་ལ་ངས་ལན་འདི་འདྲ་ཞིག་བཏབ་པ་ཡིན། མཁས་དབང་ཡིན་མིན་གྱི་ཚད་གཞི་ང་ཚོས་འཇལ་ཐུབ་ཀྱི་མ་རེད། དེ་ནི་མཁས་པ་ནང་ཕན་ཚུན་བཏགས་པའི་མཁས་པའི་མཚན་གནས་ཞིག་རེད། ཟེར་བཤད་པ་ཡིན།།

    Reply
  7. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་མཛད་འཕྲིན་རྒྱས་པ་འདི་བོད་དོན་ལ་རེ་བ་ཡོད་པའི་རྣམ་འགྱུར་གསལ་པོ་རེད་དྲན་། དེ་ཡང་གཞིས་བཞུགས་སྤུན་ཟླའི་ཚེ་སྲོག་ལ་རིན་ཐང་དང་༧རྒྱལ་བའི་དགོངས་པ་ལ་དངོས་གསལ་གྲུབ་འབྲས་སོན་པའི་རྟག་མཚན་གསལ་པོ་རེད་། སྲིད་སྐྱོང་ར་སྒྲིང་གི་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་བའི་སྐུ་དབང་འདི་བློ་སེང་གི་ག་དུས་ཡིན་ན་རྩ་དོན་གསུམ་གྱི་སྟེང་རྒྱུན་མཆོང་གནང་ཏེ་ད་བར་རྒྱ་བོད་སུའི་ཕྱོགས་ནས་ཁོང་གི་མགྱོན་མ་སོང་ཟེར་བའི་ཚིག་འདི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་ནི་ཁོང་གི་ཤེས་མགྱོན་གྱི་སྤོགས་པ་རེད་། དེ་སྔོན་མཁས་དབང་ཟམ་གདོང་གི་རྒྱུན་འཛིན་གནང་ཐུབ་མཁན་ཡོང་གི་མ་རེད་གསུངས་མཁན་དག་གི་དགོང་པ་ལ་ཁོང་ནི་རིན་པོ་ཆེའི་སྤྲུལ་པ་འདྲ་ཡིན་ནམ་དོགས་གནས་རང་བཞིན་དུ་གཏེར་ཡོད་། གནད་དོན་འདིའི་རྒྱ་བོད་མི་རིགས་གཉིས་ལ་དགྲ་སྡུག་གཉེན་དགའ་ལས་དོན་ཆེ་པོ་ཞིག་གཙུག་ཐུབ་པ་ནི་བཙན་བྱོལ་བའི་རྒྱལ་ཁ་ཆེ་ཤོས་དེ་རེད་དྲན་། འོན་ཀྱང་ཁོང་ལ་དུས་བབ་ཚང་གི་མཁས་དབང་ཅེས་ད་བར་འབོད་མ་མྱོང་བ་དེ་གནད་དོན་གཞན་ཞིག་ཡིན་སྲིད་པ་རེད་། གོང་ཏུ་དྲ་གྲོགས་འགས་བོད་ཡིག་གནས་ཚད་ཡག་པོ་མི་འདུག་པས་ཁོང་མཁས་དབང་གྲལ་ཏུ་མེད་ཚུལ་གླེང་འདུག། དེ་སྔོན་དུས་བབ་ཚང་གི་མཁས་དབང་ཧོ་གཙང་འཇིག་མེད་ཅེས་འབོད་པ་མཐོང་སོང་བས་འཛིན་མཚམས་འདི་དུས་བབ་གསར་འགོད་པའི་དགོངས་ཚུལ་ཕྱོགས་ཙམ་འདྲ་བ་མཐོང་། ཡིན་ཡང་ངེད་རང་གི་བསམ་ཚུལ་བྱས་ན་ཁོང་ལ་བཀའ་ཁྲི་དང་སྲིད་སྐྱོང་འབོད་ན་འགྲིག་པ་ལས་མཁས་དབང་དང་སློབ་དཔོན་། དེང་རམས་བོད་ཀྱི་ཆེད་ལས་པ་སོགས་འབོད་དགོས་དེ་ཙམ་མ་མཐོང་། གང་ཡིན་ཟེར་ན་ཁོང་ནི་བོད་མི་རིགས་ཀྱི་དབུ་ཁྲིད་ཚད་ལྡན་ཞིག་ཏུ་མངས་ཚོགས་ཀྱི་འོས་འདེབས་གནང་བ་དང་༧རྒྱལ་བའི་སྐུ་དབང་སྤྲོད་སའི་སྐྱེས་ཆེན་དེ་རེད་། ཕྱོགས་གཞན་གྱི་ཐོག་ནས་བཤད་ན་བོད་ཀྱི་ལོ་རྒྱུས་ནང་རྒྱལ་སྤྱིའི་ཆེ་མཐོང་ཡོད་པའི་མཁས་དབང་བློ་སེང་ལས་མེད་ཅེས་སྨྲ་ན་མ་འགྲིག་པ་ཅི་འདུག། འདི་ལོ་རྒྱུས་ཀྱི་ཁ་དྲག་ཡོད་།

    Reply
  8. གངས་རིའི་གཅེས་འཕྲུག says:
    ལོ་ 13 སྔོན།

    ཧོར་བུ་ལགས།
    དུས་བབ་གསར་འགོད་པའི་འཚབས་བྱས་ནས་ངས་ཁྱེད་ལ་ལན་ཆོག ང་རང་ལ་མཚོན་བློ་སེང་ལ་འོས་བླུག་པ་ཙམ་དུ་མ་ཟད་ཁོ་བཀའ་ཁྲི་ལ་ཐོབ་པར་འབད་བརཙོན་བྱེད་མཁན་ཡིན། ཁོ་ཁྲིམས་ལ་གང་འཚམ་མཁས་པ་ཤེས་ཀྱི་ཡོད། བཙན་བྱོལ་ཕྱི་ཚོགས་ཀྱི་ཤེས་ཡོན་སྐྱོ་བོ་ལ་དཔགས་ན། ཁོ་ལྟོས་ས་ལྟོས་འཇོག་གིས་ཤེས་ཡོན་མཐོ་བ་ཁས་ལེན། འོན་ཀྱང་མཁས་དབང་ཞེས་ལབ་ན་བསྟོད་མི་ཤེས་པའི་སྐད་ཆ་རེད། མཁས་པ་ཞེས་ལབ་ན་ཡང་ཆེ་དྲག་མོད་དམ་སྙམ། མཁས་དབང་ལབ་ན་ནི། མཁས་པ་ཀུན་གྱི་དབང་བོ་ལྟ་བུ་ལ་གོ་དགོས། དེ་ནི་གལ་ཏེ་མཁས་དབང་ཞིག་ཡིན་པས་དབང་དུ་བཏང་ཡང་། ད་ལྟ་འབོད་སྔ་དྲག་པ་རེད། ཟམ་གདོང་ལ་ཡང་གཅིག་མཚུངས་སུ་མཁས་དབང་གིས་མཚན་དེ་ག་ལ་འཇུག འོན་ཀྱང་བོད་དབུས་པའི་ཐལ་ཆེ་བའི་གུས་ཚིག་དང་། སྤྲེ་ལེ་ཁྲབ་དགའི་གཤེས་ག་དང་། བསམ་བློ་བཏང་མི་ཤེས་པ་གསུམ་གྱིས་ཟམ་གདོང་ལ་དེ་འདྲ་འབོད་པ་ངོ་རེ་ཚ་དགོས་པའི་གནས་རེད། མ་ཤེས་པའི་མཚང་རྟགས་རེད། དེས་ཅི་ཡང་ཕན་གྱི་མ་རེད། ཟམ་གདོང་ཁོ་མཁས་དབང་ཡིན་ན་བོད་གཞུང་གི་མཚངས་བྱང་གསོད་ཀྱི་མ་རེད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བདུད་འདུལ་ཐོག་རྒོད་ལགས། ཁྱེད་གསུངས་པ་ལོས་བདེན་ཡང་། ལར་རིགས་ལམ་མ་སྦྱངས་པའི་མིག་གཅིག་པ་ལ་ཁག་མེད་མོད། ཡིན་ནའང་བླུན་རྨོངས་སེལ་སླད་ཁྱེད་ལ་རིགས་པའི་འགྲོས་དང་མཐུན་པའི་རྒོལ་ལན་ཞིག་བཏབ་ན། མཁས་པ་ཡིན་ན་བོད་ཡིག་ལ་མཁས་པ་ཁོ་ན་ཡིན་པའི་མ་ཁྱབ་སྟེ། འཛམ་གླིང་དུ་མཁས་བྱའི་རིག་གནས་དུ་མ་ཡོད་པའི་ཕྱིར། དེ་ཡང་ཡིན་ཏེ་དེང་སང་བོད་ལ་སྲོལ་རྒྱུན་གཅིག་པུ་མིན་པར་དེང་རབས་ཀྱི་རིག་གསར་མང་པོ་དགོས་པ་ཁ་ཚ་དགོས་གཏུགས་ཡིན་པ་མི་ཤེས་པར་གང་ཡིན་ནམ། བོད་པས་བོད་ཡིག་གཅིག་པོ་ལ་ཤ་འཐམ་རུ་འཐམ་བྱས་པའི་འབྲས་རྟགས་སུ་ང་ཚོའི་ད་ལྟའི་ཁ་ཐབས་སྐྱོ་པོ་འདི་རེད། དེ་ལས་ཉམ་ང་བ་འདོད་དམ། དེང་སང་དུས་སུ་མཁས་དབང་བློ་བཟང་སེང་གེ་ལྟ་བུ་སྐྱེས་ཆེན་ནི་ང་ཚོ་ལ་ལས་དབང་ཐོབ་པའི་རིན་མེད་ནོར་བུ་དགོས་འདོད་ཀུན་འཇོ་ཞིག་ཡིན་པ་ཤེས་པར་གྱིས་ཤིག

    Reply
  10. ཐོ་ཐེངས། says:
    ལོ་ 13 སྔོན།

    ཧོར་བུ་ནི་ཧོར་རང་གནས་དགག་གང་ཡང་ཤེས་ཀྱི་མི་འདུག བདག་གི་ལྟ་ན་དུས་བབས་ཚང་ནས་བཀའ་ཁྲི་ཁོ་བའི་མིང་ལ་མཁས་དབང་ཞེས་མ་བྲིས་པ་དེ་འགྲིགས་འདུག ཁོ་བ་ངོ་མ་མཁས་དབང་མ་རེད། གལ་ཏེ་ཧོར་བུ་བཀའ་ཁྲི་ཁོའི་སྐོར་ཤེས་འདོད་ན་ཁ་བྱང་འདི་༼http://www.khabdha.org/?p=16958༽མནོན་ནས་ལྟོས་ཤིག དེ་མིན་ཁ་འདང་ཚད་ཆོལ་ཞེན་དང་ལས་མགུལ་ཚད་ནང་དཀྲུག་ལྟ་བུ་དེ་ནི་བཀྲ་མི་ཤེས་པ་ཞིག་རང་རེད།

    Reply
  11. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་མཛད་འཕྲིན་རྒྱས་ན་བོད་མི་རིགས་ཀྱི་འཐབ་བརྩོད་དེ་ལས་ཀྱང་ཁ་ཇེ་གསལ་དང་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱལ་བསྐྱོར་གནང་མཁན་ཇེ་མང་ལོས་ཡིན། དེ་རིང་འདི་ནས་ངས་བརྣན་ཏན་གྱི་དྲ་གྲོགས་ཡོངས་སུ་ཞིག་ལ། ང་རང་ཚོ་རང་གི་མགོ་འཁྲིད་ལ་བརྩི་བཀུར་དང་ཆེ་མཐོང་མ་སྤྲད་ན་གཞན་སུ་ཞིག་གི་སྤྲད་མི་སྲིད།

    Reply
  12. བློ་འཕེལ། says:
    ལོ་ 13 སྔོན།

    གྲོགས་པོ་ཚོ་་་་སྔོན་མ་བློ་སེང་ཁྲོམ་རར་མ་སླེབས་གོང་དངོས་གནས་མཁས་དབང་ཤིག་གི་མཐོང་ཡོད། འོན་ཀྱང་ཁོང་ཐུམ་རྫིག་པོའི་ནང་ནས་མར་བཏོན་ཏེ་ཁྲོམ་སར་སླེབས་དུས་་་་དངོས་གནས་མཁས་དབང་གི་མཚན་ཉིད་ཚང་གི་མི་འདུག། འོ་ན་་་ཧ་ཝ་ཡི་མཐོ་སློབ་ཐོན་པའི་ཕྱིར་ཟེར་ན། དེས་ན་ཌོཀ་ཊོར་ཐོན་ན་མཁས་དབང་ཡིན་པའི་ཁྱབ་དགོས་ལ། དེ་ལྟར་ན་ལྷ་རམ་ཐོན་ན་ཡང་མཁས་དབང་ཡིན་དགོས་ན་་་་་མཁས་དབང་གི་རིན་ཆུང་དྲགས་པས་དེ་ནི་ཁས་ལེན་ཐབས་མེད།
    མ་ཡིན་ཡིན་ཁུལ་བྱས་ཀྱང་ཕན་ཐོག་གི་མ་རེད། ཉིན་གཅིག་རྐུབ་བཏོན་ཡོང་གི་རེད། དེ་བས་རེ་ཞིག་བཏང་སྙོམས་སུ་བཞག་ན་འཚམ་པོ་རེད།

    Reply
  13. གྱད་ལྷ་དགའ། says:
    ལོ་ 13 སྔོན།

    མཁས་དབང་བློ་བཟང་སེངྒེ་ལགས་སྔར་དཀའ་ཤག་རྙིང་པ་ནང་བཞིན་ཁ་སྟོང་ནང་གི་ལྕེ་སྟོང་རེ་གཡུག་བཞིན་བཞུགས་བསྡད་པ་མ་ཡིན་པར། གང་སར་སྐོར་སྐྱོད་དང་བོད་དོན་དྲིལ་བསྒྲགས་གནང་བ་འདི་ཚོ་སྒྲུབ་འོས་པའི་ལས་འགན་རེད། ལས་འགན་དང་འགན་འཁྲི་འདིའི་ཆེད་དུ་འགུལ་སྐྱོད་གནང་བ་འདི་དགའ་འོས་པའི་བྱ་བ་ཞིག་རེད། འོན་ཀྱང་གྲུབ་འབྲས་ཐོན་མིན་གྱི་གནས་ཚུལ་ཁ་ཁ་རེད། གང་ལྟར་བཀའ་ཁྲི་མཆོག་རྒྱལ་ལོ། བོད་རྒྱལ་ལོ། བོད་མིའི་མངོན་འདོད་རྒྱལ་ལོ།

    Reply
  14. བསྟན་འཛིན། says:
    ལོ་ 13 སྔོན།

    བཀའ་ཁྲི་ལ་མེ་མདའ་སུས་རྒྱག་གི་རེད། ཁོང་ལ་མེ་མདའ་རྒྱག་མཁན་ཞིག་ཡོད་མ་རེད། རྒྱ་མིས་ནི་གཏན་ནས་རྒྱག་གི་མ་རེད། བོད་པས་ནི་བཟང་ང་ངན་ན་རང་གི་མགོ་ཁྲིད་ལ་མེ་མདའ་རྒྱག་གི་མ་རེད། དེ་མིན་དམིགས་བསལ་དྲག་ལས་བྱེད་མཁན་དེ་དོལ་ཚོགས་རེད་མོད། དོལ་ཚོགས་ལ་བཀའ་ཁྲིས་ཚིག་ཟུར་ཙམ་ཡང་བཤད་མ་མྱོང་བས་མེ་མདའ་རྒྱག་གི་མ་རེད། འདི་སེམས་ཁུར་མི་དགོས་ས་ཞིག་རེད།

    Reply
  15. མི་རྒོད། says:
    ལོ་ 13 སྔོན།

    བཀའ་ཡི་བློན་པོ་མང་གི་ཕོ་ཉ་ཡིན།།
    བཀའ་ཡི་བློན་པོ་ཆབ་སྲིད་ཀ་བ་ཡིན།།
    མཁས་དབང་འདི་ལ་དགོས་འདོད་ཀུན་འབྱུང་ཟེར།།
    ལས་དབང་བཙན་པོས་བསླུ་བ་མེད་པ་མཛོད།།

    Reply
  16. བདུད་འདུལ་ཐོག་རྒོད། says:
    ལོ་ 13 སྔོན།

    ཧོར་བུ་ཡེ་ཤེས་ལགས། མཁས་དབང་མིན་བཞིན་དུ་མཁས་དབང་ཞེས་བྲིས་ནས་སྨྱོས་བ་མིན་ནམ། རང་གི་རང་གིས་གཡོག་ནས་ག་རེ་བྱེད་ག བོད་ཁ་བ་གངས་ཅན་པར་ད་བར་བོད་སྐད་མི་འཁྱོངས་་པའི་མཁས་དབང་ཞིག་འཁྲུངས་མྱོང་མེད་པས་རེད།

    Reply
  17. ཐོ་རེངས། says:
    ལོ་ 13 སྔོན།

    བདག་ཁ་སང་དགོང་མོ་བོད་ཡུལ་ནས་ཚུར་ཨ་རི་ལ་འབྱོར་བ་ཡིན། བོད་ཡུལ་སྟོད་སྨད་བར་གསུམ་ལ་ཟླ་བ་གཅིག་གི་རིང་ལ་བསྡད་པ་ཡིན། བདུན་ཕྲག་ཁ་ཞིག་གི་སྔོན་ལ་བོད་སར་ཡོངས་རྫོགས་ལ་བཀའ་ཁྲི་བློ་བཟང་སེངྒེ་ལ་མེ་མདའ་གཞུས་པ་རེད་ཟེར་བའི་གཏམ་འཁྱར་ཞིག་གྲགས་འདུག ། མི་འགའ་རེའི་བདག་ལ་ཡང་དེའི་སྐོར་དྲིས་སོང་། བདག་གིས་ཅི་ཡང་མ་གོ་ཚུལ་ལན་བཏབ་པ་ཡིན། གང་ལྟར་ཡང་འདིའི་ཐད་ལ་གསལ་བཤད་ཞིག་གནང་རོགས། མ་གཞི་སྐད་ཆ་ཡག་པོ་བཤད་ནས་ངན་ཤོས་གསང་སྟེ་བསྡད་རྒྱུ་འདི་བོད་དང་རྒྱ་ནག་གི་གསར་འགོད་པ་ཚོའི་ལུགས་སྲོལ་ཞིག་ཡིན་པ་འདྲ།

    Reply
  18. lobsam says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ཨ་རི་དང་ཁེ་ན་ཌ་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་གྱི་ས་གནས་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་པར་ལེགས་སྒྲུབ་ཡོང་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལེགས།

    Reply
  19. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    བཟང་ངན་གང་གི་ཕྱོགས་སུ་བསྐྱོད་བཞིན་པ་མི་ཤེས་མོད། །འོན་ཀྱང་། ད་བུར་དུ་བཙན་བྱོལ་ནང་བཀའ་ཁྲི་བློ་སེང་ལས་ལྷག་པ་གཅིག་ཀྱང་ཕྱི་རྒྱལ་ལ་དེ་འདྲ་ཕྱོགས་སྐྱོད་མང་པོ་བྱས་མེད།

    Reply
  20. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    དུས་བབས་ཚང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ལ་ཞུ་རྒྱུ། ཁྱོད་ཚོས་ང་ཚོའི་བཀའ་བློན་ཁྲི་པའི་མཚན་བྲིས་དུས། མཁས་དབང་ཞེས་པ་དེ་ནམ་ཡང་བྲིས་ཀྱི་མི་འདུག་དེ་ཅི་ཡིན་ནམ།་ཁོང་ལ་མཚན་སྙན་དེ་ག་འདྲའི་བྱུང་མིན་ང་ལས་ལྷག་པར་ཞིག་ཁྱོད་ཚོས་ཤེས། ཕྲག་དོག་ནི་ཡིན་རྒྱུ་མ་རེད། མ་ཤེས་པ་ནི་ཨེ་ཡིན། གཅིག་བྱས་ན་བརྗེད་སོང་བ་མིན་འགྲོ། དེ་མིན་ན་ངོ་ཚ་བ་རེད་དམ།
    མ་འོངས་པར་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཟེར་ནས་བྲིས་བའི་རེ་བ་ཡོད། མཚན་སྙན་དེ་ང་ཚོ་བོད་མི་རིགས་ལ་དགོས་ངོས་ཤིག་དང་གལ་ཆེན་ཞིག་ཡིན་པའི་ཐུགས་འཇོག་མཚལ།།

    Reply
  21. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 13 སྔོན།

    བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese