དེ་རིང་ཁྲིན་ཀུང་ཁྲིན་ནང་མི་མཉམ་དུ་པེ་ཅིན་གནམ་ཐང་ལ་བསྐྱོད་དེ་ཨ་རིར་འཕུར་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག
དེ་རིང་ཕྱི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༡ ཙམ་སྟེང་། རྒྱ་ནག་དམངས་ཁྲོད་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཀུང་ཁྲིན་པེ་ཅིན་ཁྲའོ་ཡང་ནས་ཕྱིར་བུད་དེ། ཆུང་མ་དང་བྱིས་པ་གཉིས་བཅས་ནང་མི་ཟླ་སྒྲིལ་ཐོག་པེ་ཅིན་གནམ་ཐང་དུ་འབྱོར་ཡོད་པ་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༢ སྟེང་ཨ་རིའི་ཕྱི་འབྲེལ་མི་སྣ་ཡང་པེ་ཅིན་གནམ་ཐང་དུ་འབྱོར་ཡོད་འདུག
ཝ་ཤིན་ཊོན་གསར་ཤོག་གིས་ཁྲིན་ཀུང་ཁྲིན་ལ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་དོན། དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་རྒྱ་གཞུང་འབྲེལ་ཡོད་དཔོན་རིགས་ཀྱིས་ཁྲིན་ཀུང་ཁྲིན་ལ་ཁ་པར་བཏང་སྟེ། སོ་སོའི་ཅ་དངོས་རྣམས་བསྡུ་གསོག་བྱས་ཏེ་ལམ་ལ་ཆས་དགོས་སྐོར་བརྗོད་འདུག ཡིན་ནའང་། ཁྲིན་ཀུང་ཁྲིན་གྱི་ལག་ཏུ་ད་སྔ་ཕྱི་བསྐྱོད་ཡིག་ཆ་གང་ཡང་འབྱོར་མེད་སྟབས། གློ་བུར་བའི་གནས་ཚུལ་དེའི་ཐད་ཁོ་རང་ཏོག་ཙམ་ཡ་མཚན་སྐྱེས་ཀྱིན་ཡོད་འདུག
རའོ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁྲིན་ཀུང་ཁྲིན་གྱིས་རང་ཉིད་གང་མགྱོགས་ཨ་རིའི་གནམ་གྲུའི་ནང་འབུད་ཐུབ་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་འདུག ཡིན་ནའང་། ཕྱི་བསྐྱོད་དང་འབྲེལ་ཡོད་གནས་ཚུལ་མང་པོ་ཞིག་ད་དུང་གསལ་ཁ་བྱུང་མེད་འདུག
གཞན་ཡང་། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁྲིན་ཀུང་ཁྲིན་བཟའ་མི་རྣམས་དེ་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་། UA88 རྟགས་ཅན་གྱི་ཨ་རིའི་གནམ་གྲུར་བསྡད་དེ། དུས་ཡུན་ཆུ་ཚོད་ ༡༣ གྱི་མཁའ་ལམ་བརྒྱུད་ནེའུ་ཡུག་གནམ་ཐང་དུ་བསྐྱོད་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྒྱ་ནག་གིས་ཨ་རིར་སྒོར་མོ་ག་ཚོད་བྱས་ནས་བཙོངས་པ་ཡིན་ན།
ཁྱེད་བདེ་མོ་ཨ་རིར་འབྱོར་བར་འཚམས་འདྲི་ཞུ། ཨ་རྒྱ་གཉིས་ནས་ཁྱེད་ལ་འགྲོ་བ་མི་ཡི་ཐོབ་ཐང་དགོས་སར་ད་ལྟའི་ཆར་བོད་རྒྱ་གཉིས་ཀྱིས་ཆབ་སྲིད་བཙོན་པ་རྣམས་མི་མ་ཡིན་པར་གྲུབ་ཡོད་པས་ཁྱེད་ནས་མཁྱེན་པ་དགོས་ལ་ཁྱེད་རང་ཡང་དེ་གཉིས་བར་གྱི་ཆབ་སྲིད་དགོས་མཁོ་སྤྱད་པ་ཤེས་པར་མཛོད་ཅིག
༄༅། རྒྱ་ཆེ་བའི་མི་དམངས་གི་བདེ་སྐྱིད་རྩོད་མཁན་འདིའི་བྱ་བ་ཐམས་ཅད་ལམ་དུ་འགྲོ་བར་སྨོན། མ་ཟད་གཟའ་ཟླ་ནང་མི་རྣམས་མཉམ་དུ་འབྱོར་ཐུབ་པའི་རེ་བ་ཡོད། སྣེ་ལེན་དང་དགའ་བསུ་ཞུ་བཞིན་ཡོད།
http://www.bbc.co.uk/news/world-asia-18131849
ད་འཕུར་ཚར་བཞག ཨ་རིར་སླེབས་སོང་ན་དྲ་བརྙན་གསར་འགྱུར་གསལ་བོ་ཞིག་མཐོང་ཐུབ་ངེས་རེད།
ཁོའི་བྱ་བ་ལམ་འགྲོ་ཡོང་ཞིང་། མི་ཚེ་བདེ་སྐྱིད་དང་ལྡན་པར་སྨོན།