མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་མཐོ་རིམ་སློབ་ཕྲུག་སྐོར་ཞིག་དང་གླེང་མོལ་བྱས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༥ ཚེས་ ༡༢ ནས་ཕྱི་ཟླ་ ༦ ཚེས་ ༡༢ བར་སཱ་ར་མཐོ་སློབ་ཏུ་བོད་རིགས་མཐོ་རིམ་སློབ་མ་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་སྐོར་གྱི་ཟབ་སྦྱོང་འཛིན་གྲྭ་ཞིག་འཚོགས་བཞིན་པའི་སྐབས་དང་བསྟུན། སློབ་མ་ཁག་ཅིག་ལ་བཅར་འདྲི་བྱས་ཡོད།

དབྱར་ཁའི་གུང་གསེང་དང་བསྟུན་ཏེ་ལོ་ལྟར་སཱ་ར་མཐོ་སློབ་ཏུ་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་ཕྲུག་ཚོར་བོད་པའི་རྒྱལ་རབས་ལོ་རྒྱུས་དང་། སྐད་ཡིག་རིག་གཞུང་། ནང་ཆོས། ༧གོང་ས་མཆོག་གི་དགོངས་བཞེད་སོགས་སློབ་ཁྲིད། དེ་བཞིན་ཆེད་མཁས་མི་སྣའི་གཏམ་བཤད་སོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་ཀྱི་ཡོད་པ་ལྟར། ད་ལོར་ཡང་ཕྱི་ཟླ་ ༥ ཚེས་ ༡༢ ནས་ཕྱི་ཟླ་ ༦ ཚེས་ ༡༢ བར་གྱི་ཟབ་སྦྱོང་དེ་སཱ་ར་མཐོ་སློབ་ཏུ་ཚོགས་ཡོད་ཅིང་། དེར་ས་གནས་ཁག་ ༦ གི་མཐོ་སློབ་ཁག་གི་སློབ་མ་ ༥༠ ཙམ་མཉམ་ཞུགས་བྱས་འདུག

སཱ་ར་མཐོ་སློབ་གྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། ཟབ་སྦྱོང་འཛིན་གྲྭ་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ ༢༠༠༠ ལོ་ནས་མགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། སློབ་ཟབ་སྦྱོང་དང་སློབ་མའི་འགྲོ་གྲོན་ཡང་༧སྐུ་སྒེར་ཡིག་ཚང་ནས་གནང་གི་ཡོད་འདུག ཁོང་གིས་ད་སྔའི་མྱོང་ཚོར་སྐོར་ནས་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོར་སློབ་སྦྱོང་དང་མཉམ་དུ་ཁ་ཕྱོགས་བརྟན་པོ་མེད་པ་དང་། ལྷག་པར་དུ་དཔལ་འབྱོར་གསོག་སྒྲུབ་ཙམ་ལས་མི་རིགས་དང་རྒྱལ་ཁབ་སླར་གསོའི་བསམ་བློ་ཡོད་མཁན་དཀོན་པ། དེ་ལ་གཞི་རིམ་གྱི་རྒྱུ་རྐྱེན་སྣ་མང་ཞིག་ཡོད་ངེས་ཀྱང་གཙོ་བོ་ཁྱིམ་ཚང་དང་ཕ་མས་སོ་སོའི་ཕྲུ་གུ་ཚོ་ཆུང་དུས་ནས་དཔལ་འབྱོར་གྱི་འཐབ་རྩོད་ནང་ཚུད་ཐབས་བྱས་པའི་བསམ་བློའི་སློབ་གསོ་ཤུགས་ཆེན་པོ་ཐེབས་རྐྱེན་ཞིག་ཡིན་པར་བརྗོད་བྱུང་།

མཱ་ངྷི་རཱ་སི་ཡུ་ཤེ་མཐོ་སློབ་ནང་ཆབ་སྲིད་ཚན་རིག་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པའི་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཟླ་གཅིག་རིང་གི་གུང་སེང་དེ་ནང་ནས་བསྐྱལ་བ་ཡིན་ན་ཟ་ཉལ་རྒྱག་རྒྱུ་ལས་གང་ཡང་རག་གི་མེད་སྟབས། སོ་སོས་སྔོན་མ་སློབ་གྲྭ་ནས་བོད་ཡིག་ཅུང་ཙམ་སྦྱངས་ཡོད་པ་དེ་མ་བརྗེད་པའི་ཆེད་དུ་ཟབ་སྦྱོང་ལ་ཡོང་ཡོད་སྐོར་བརྗོད་བྱུང་། ཁོང་ལ་བོད་ཀྱི་འཐབ་རྩོད་ལ་ངོས་འཛིན་ཅི་འདྲ་བྱེད་ཀྱི་ཡོད་སྐོར་དྲིས་པར་ཁོང་གིས། “ང་ཚོ་བོད་མི་ཞིག་ཏུ་སྐྱེས་པ་ནས་བོད་མིའི་འཐབ་རྩོད་པ་ཞིག་གི་ངོ་བོར་གནས་ཡོད་པ་དང་། བོད་ཀྱི་འཐབ་རྩོད་འདི་གང་ཟག་སྒེར་གཅིག་གཉིས་ཤིག་མིན་པར་རྩམ་གཟན་ཚང་མའི་འཐབ་རྩོད་ཅིག་ཆགས་ཡོད་པ་རེད་”ཅེས་བརྗོད་སོང་།

ཅེ་ནའེ་ཨེ་ཐི་རཱ་ཇི་བུད་མེད་མཐོ་སློབ་ནང་དབྱིན་ཡིག་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པ་པདྨ་དབང་མོ་ལགས་ཀྱིས་བོད་ཡིག་དང་རྒྱལ་རབས་སོགས་ལས་ནང་ཆོས་ངོ་སྤྲོད་དང་སྒོམ་རྒྱག་སྟངས་སྐོར་གྱི་སློབ་ཁྲིད་གཉིས་ཕན་ཐོགས་ཆེ་ཤོས་བྱུང་ཟེར། ཁོ་མོར་སློབ་མཐར་ཕྱིན་རྗེས་ག་རེ་བྱ་འཆར་ཡོད་མེད་དྲིས་པར། “ལས་ཀ་འདི་བྱ་རྒྱུ་ཡིན་ཞེས་ཁ་ཚོད་གཅོད་ཁག་ཀྱང་། ཆུང་དུས་ནས་བོད་གཞུང་གིས་གསོས་ནས་ཡོང་བ་ཞིག་ཡིན་སྟབས། སློབ་མཐར་ཕྱིན་རྗེས་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱ་འཆར་ཡོད་”ཅེས་ལན་འདེབས་བྱས་སོང་།

ཝེ་ཇི་ཝ་རཱ་གྲོང་ཁྱེར་གྱི་ཨན་ཌི་རཱ་མཐོ་སློབ་ཏུ་ཚོང་ལས་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པ་བསྟན་འཛིན་རིག་གྲོལ་གྱིས་བོད་ཡིག་ཡར་རྒྱས་གཏོང་ཕྱིར་དང་། རྗེས་མ་གཞུང་ཞབས་སུ་ཡིག་རྒྱུགས་གཏོང་འཆར་ཡོད་པས་བོད་ཡིག་སྦྱང་གི་ཡོང་པ་ཡིན་ཟེར། ཁོང་ལ་མུ་མཐུད་ཚོང་ལས་ཐོག་སློབ་སྦྱོང་མཐར་ཕྱིན་པ་སྦྱང་རྩིས་ཡོད་མེད་དྲིས་པར། “སོ་སོས་ཚོང་ལས་ཐོག་ག་ཚོད་སློབ་སྦྱོང་ཐོན་པ་བྱ་དགོས་བསམ་ཡང་། བོད་པའི་སྤྱི་ཚོགས་ནང་ལས་ཁུངས་ཤིག་ནས་རྩིས་པ་འདྲ་བོ་ཞིག་བྱ་རྒྱུ་ཙམ་ལས་མདུན་ལམ་མི་འདུག ཁྲོམ་ར་སོགས་ཚོང་ལས་སྡེ་ཚན་ནང་ལས་ཀ་བྱ་རྒྱུའི་མདུན་ལམ་བོད་པའི་སྤྱི་ཚོགས་ནང་མེད་སྟབས། ལས་ཀ་ལེགས་པ་དང་ཆེ་མཐོང་ལྡན་པ་ཞིག་གང་ནས་རག་ན་དེར་འགྲོ་རྒྱུ་ཡིན་”ཟེར།

བྷ་རོ་ཌ་ཨེམ་ཨེ་སི་གཙུག་ལག་སློབ་གྲྭར་དཔལ་འབྱོར་རིག་པ་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པ་ཚེ་དབང་ལགས་ཀྱིས་མཐོ་སློབ་སྐབས་བོད་ཀྱི་དུས་བབ་མཚམས་རེར་ཀློག་ཐུབ་པ་ཙམ་ལས་ལོ་ ༣ རིང་བོད་ཡིག་འབྲི་ཀློག་དང་ཁ་བྲལ་སོང་། དེར་བརྟེན་ཐེངས་འདིར་ཆེད་དུ་བོད་ཡིག་བསྐྱར་སྦྱོང་བྱེད་དུ་ཡོང་བ་ཡིན་ཟེར། ཁོང་ལ་དཔལ་འབྱོར་རིག་པར་སློབ་སྦྱོང་བྱ་རྒྱུ་དེ་ཁོང་གི་ཕུགས་བསམ་ཡིན་མིན་དྲིས་པར། “ངའི་དམིགས་ཡུལ་དངུལ་ཁང་སྐོར་ལ་སློབ་སྦྱོང་བྱ་རྒྱུ་དེ་ཡིན། འོན་ཀྱང་། དངུལ་ཁང་གི་སློབ་སྦྱོང་ཐོན་ཡང་ཡུལ་མིའི་མི་སེར་མིན་ན་ལས་ཀ་རག་གི་མེད་སྟབས། དཔལ་འབྱོར་རིག་པའི་སྐོར་ལ་སློབ་སྦྱོང་བྱ་རྒྱུར་དམིགས་ཡུལ་ལ་འགྱུར་བ་གཏོང་དགོས་བྱུང་སོང་”ཞེས་བརྗོད་བྱུང་།

བྷ་རོ་ཌ་ཨེམ་ཨེ་སི་གཙིག་ལག་སློབ་གྲྭར་ཆབ་སྲིད་རིག་པའི་རིག་གནས་རབ་འབྱམས་པ་ལོ་རིམ་དང་པོའི་ནང་སློབ་གཉེར་བྱེད་མཁན་པ་སངས་ཚེ་རིང་ལགས་ཀྱིས་མཐོ་སློབ་ནང་བོད་པའི་གློག་བརྙན་སྟོན་པ་དང་དུས་སྟོན་སྲུང་གཙི། བོད་ནས་ཡོང་མཁན་ཚོས་སོ་སོའི་ལོ་རྒྱུས་ངོ་སྤྲོད་སོགས་བྱེད་ཀྱི་ཡོད་པར། རྒྱ་གར་གྱི་དགེ་རྒན་དང་སློབ་མ་ཚོས་བོད་དོན་ལ་དོ་སྣང་ཆེ་རུ་འགྲོ་ཡི་འདུག་ཟེར། ཁོང་ལ་ད་ལྟའི་བོད་མིའི་འཐབ་རྩོད་ལ་གྲུབ་འབྲས་གང་འདྲ་མཐོང་གི་ཡོད་མེད་དྲིས་པར། “རྒྱ་གར་གྱིས་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྟེན་ནས་རང་བཙན་བླངས་པ་རེད། ཨ་རིས་དམག་བརྒྱབ་སྟེ་རང་བཙན་བླངས་པ་རེད། བོད་པས་ཆོས་རིག་སྲུང་སྐྱོབ་ཀྱི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། གང་ལྟར་ངས་བཤད་ཤེས་མ་སོང་”ཟེར།

ཅན་ངྷི་གྷར་དུ་མཐོ་སློབ་འགྲིམས་བཞིན་པའི་ཆོས་གྲགས་ལགས་ལ་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་མཐོ་རིམ་སློབ་མ་ཚོའི་གནས་སྟངས་སྐོར་དྲིས་པར་ཁོང་གིས། “རེ་ཟུང་མ་གཏོགས་བོད་པའི་སློབ་ཕྲུག་མང་ཆེ་བ་འཛིན་རིམ་བཅུ་གཉིས་ཐོན་ཏེ། རྒྱ་གར་མཐོ་སློབ་ཁག་ཏུ་ཞུགས་རྗེས་བོད་པའི་ངོ་བོ་བརླག་འགྲོ་བ་རེད། དེ་ནི་བོད་ཡིག་འབྲི་ཀློག་གི་གཤིས་ཀ་བརླག་འགྲོ་བ་དང་། བོད་སྐད་བཤད་པ་དང་བོད་ཆས་གྱོན་པའི་སྲོལ་བརླག་འགྲོ་བ། བོད་པའི་སེམས་ཁམས་བརླག་འགྲོ་བ་སོགས་ཀྱི་ཐད་ནས་བཤད་ཀྱི་ཡོད་”ཅེས་བརྗོད་བྱུང་།

ལྡི་ལི་ནའེ་རོ་གཙུག་ལག་སློབ་གྲྭར་དབྱིན་ཡིག་རྩོམ་རིག་སྟེང་གཙུག་ལག་རབ་འབྱམས་པ་ལོ་རིམ་གཉིས་པའི་ནང་སློབ་གཉེར་བྱེད་བཞིན་པ་ངག་དབང་དཔལ་མོ་ལགས་སུ་མཐོ་སློབ་ཁག་གི་རྒྱ་གར་བ་ཚོས་བོད་མིར་ལྟ་སྟངས་གང་འདྲ་ཡིན་པ་དྲིས་པར“ང་སྔོན་མ་རྒྱ་གར་ལྷོ་ཕྱོགས་སུ་མཐོ་སློབ་ནང་ཡོད་སྐབས་ས་གནས་དེར་བོད་པ་དེ་ཙམ་མང་པོ་མེད་སྟབས། རྒྱ་གར་བ་ཚོས་བོད་མི་ཚོར་དགའ་བོ་བྱེད་ཀྱི་ཡོད་ཀྱང་། ད་ཆར་ལྡི་ལིར་ཡོང་སྐབས་བོད་མི་མང་པོ་ཡོད་པ་དང་། རྒྱ་གར་བའི་མིག་ནང་བོད་པ་ལབ་ན་མགོ་བདེ་བོ་དང་མ་རབས་ཚ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག ངའི་རེ་བར་བོད་མི་རྒན་གཞོན་སུ་ཡིན་རུང་། སོ་སོ་ནང་པ་ཞིག་ཡིན་པ་དང་། ལྷག་པར་དུ་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་ངོ་འཕྲོད་པའི་ཐོག་རྒྱ་གར་ཡུལ་མི་དང་མཐུན་པའི་བྱ་སྤྱོད་འཛིན་རྒྱུ་གལ་ཆེན་པོ་རེད། གཞན་ཉིན་གཅིག་རྒྱ་གར་བ་ཚོ་བོད་པར་མི་དགའ་བ་ཞིག་ཆགས་ན་དཀའ་ངལ་ཆེན་པོ་འཕྲད་ཡོང་གི་རེད་”ཅེས་བརྗོད་བྱུང་།

ལྡི་ལི་ཧན་སི་རཱ་ཇི་མཐོ་སློབ་ཏུ་ཚན་རིག་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པ་ཚེ་དབང་ལགས་ཀྱིས་དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་འབོད་ཚིག་༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབ་བྱ་དགོས་པ་སོགས་ཡིན་སྟབས། སོ་སོས་ཐུབ་པ་དེ་བོད་ཡིག་ལ་དོ་སྣང་བྱ་རྒྱུ་དེ་ཡིན་པས་ཟབ་སྦྱོང་ལ་ཡོང་པ་ཡིན་ཟེར། ཁོང་ལ་བོད་པའི་སྤྱི་ཚོགས་ནང་ལྡི་ལིར་ཡོད་པའི་བོད་རིགས་མཐོ་རིམ་སློབ་མ་ཚོ་འཕྲོ་བརླག་ཏུ་འགྲོ་བཞིན་པའི་གླེང་སློང་ཞིག་ཡོང་གི་ཡོད་པ་དེའི་སྐོར་དྲིས་པར། “ཅིག་སྡུག་ཅག་རེད་ཅེས་སྐད་ཆ་ཞིག་གོ་ཡོང་དུས་ཚང་མས་དེ་ནག་པོ་བཟོ་བ་དེ་བོད་མི་ཚོའི་གཤིས་ཀ་ཞིག་རེད། མཚན་ཚོགས་ལ་འགྲོ་བ་དང་དགའ་རོགས་སྒྲིག་ཡ་དེ་ལྡི་ལི་ཙམ་ཡིན་པར་ས་གནས་གཞན་གྱི་མཐོ་སློབ་ཁག་ཏུའང་གཅིག་མཚུངས་སུ་ཡོད་པ་རེད། འོན་ཀྱང་། ལྡི་ལིར་མཚོན་ན་ལོ་རེའི་ནང་ཡིག་རྒྱུགས་ཐེངས་གཅིག་མ་གཏོགས་མེད་སྟབས། སློབ་སྦྱོང་དང་སློབ་མའི་འགན་འཁྲུ་ཧ་ཅང་གུ་ཡངས་དྲགས་ཏེ་འཐུས་ཤོར་ལ་འགྲོ་བཞིན་ཡོད་པ་ཞིག་མཐོང་སོང་”ཟེར།

མཐར་བྷིང་ལོར་གྲོང་ཁྱེར་ནང་གསར་འགོད་རིག་པ་ལོ་རིམ་གསུམ་པའི་ནང་སློབ་གཉེར་བྱེད་བཞིན་པའི་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ཐེངས་འདིར་ཆེད་དུ་བོད་ཡིག་ཡར་རྒྱས་སུ་གཏོང་གི་ཡོང་བ་ཞིག་ཡིན་ཚུལ་དང་། འཛིན་རིམ་བཅུ་གཉིས་པར་བོད་པའི་སློབ་གྲྭར་ཕྱིན་ཡང་བོད་ཡིག་ཡག་པོ་མ་ཤེས་པ་སོ་སོས་འབད་བརྩོན་མ་བྱས་པར་འཐུས་ཤོར་དུ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར། ཁོང་ལ་རྒྱལ་སྤྱིའི་ནང་གི་བོད་མིའི་འཐབ་རྩོད་དེ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པར་ངོས་འཛིན་གྱི་སྐོར་དྲིས་པར་ཁོང་གིས། “ ང་ཚོར་མཚོན་ན་རྒྱལ་ཁབ་གཞན་ཞིག་གི་ས་ཐོག་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་འདིས་གནད་དུ་སྨིན་པ་ཞིག་ཡོང་ཐུབ་མེད་པ་དང་། ད་སྔ་རྒྱལ་སྤྱིའི་ཐོག་ཏུའང་ཕྱི་གསལ་ནང་གསལ་ཐོག་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་དཀོན་པོ་ཆགས་ཡོད་པ་བཅས་ཀྱིས་བོད་དོན་དེ་ལས་བསླ་བོར་སེལ་ཐུབ་པ་ཞིག་མ་རེད་དྲན་གྱི་ཡོད། ཡིན་ནའང་རྒྱལ་སྤྱིའི་མི་དམངས་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ཁ་ཞེ་གཉིས་མེད་ཡིན་སྟབས། ང་ཚོའི་ལས་འགུལ་གྱི་ཁ་ཕྱོགས་མི་དམངས་གཙོ་བོར་འཛིན་རྒྱུ་གལ་ཆེན་པོ་རེད་སྙམ”ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 3

  1. ཤར་མདའ། says:
    ལོ་ 14 སྔོན།

    རང་ཉིད་བོད་མི་ཞིག་ཡིན་པ་མ་བརྗེད་པའི་ཐོག་ནས་རང་གི་རིགས་གཞུང་གཙོ་བོ་བྱས་ནས་དུས་རབས་གཉེར་གཅིག་པའི་མི་གྲྭལ་དུ་ཚུད་པ་བྱེད་རྒྱུ་བོད་མི་ཙམ་མ་ཟད་གོ་ལ་འདིའི་ཐོག་ཡོད་པའི་རྐང་གཉིས་ཚང་མའི་འོས་འགན་རེད་དེ་འདྲ་ཡིན་དུས་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིགས་སློབ་མ་ཚོའི་འདི་ལྟར་དོད་སྣང་བྱེད་ཀྱི་ཡོད་པ་དགའ་འོས་པ་ཞིག་རེད་མུ་མཐུད་དུ་རེམ་བུ་རྒོད་ཚོ་འུ་ཚོས་སྤུན་ཟླ་མང་པོ་ཞིག་གི་རང་ལུས་མེད་བསྲེགས་ཀྱི་བོད་མི་རིགས་ཀྱི་རིག་གཞུང་དང་བོད་མིའི་རྩ་དོད་ཆེད་ཡིན་པ་མ་བརྗེད་རོགས་ཞུ།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    རང་ཉིད་བོད་རིགས་ཤིག་ཏུ་སྐྱེས་ཕྱིན་བོད་པའི་ཁོར་ཡུག་དང་འབྲལ་ཐབས་མེད་པས་ཁྱེད་རྣམས་ནས་ཟབ་སྦྱོང་འདིར་ཞུགས་ནས་རང་གི་ཡི་གེར་དོ་སྣང་བྱས་པར་ཧ་ཅང་དགའ་པོ་བྱུང་།

    སློབས་ཤིག་གནའ་དེང་ཟུང་དུ་འབྲེལ་ཞིང་འདབ་གཤོག་ཟུང་ལྡན་འཇོན་ནུས་ཕེར་་པ་ཞིག་བྱོས་ཤིག་རིགས་ཀྱི་པུར་རྒྱལ་སོན་རྩ་རྣམས།

    ལེགས་པོ་བྱུང་ཚོད་འདུག བསྔགས་སོ།།

    Reply
  3. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    རེ་བ་འདུག། མུ་མཐུད་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese