མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གཞོན་སྐྱེས་ལུས་རྩེད་ཅན་རྣམས་ཀྱིས་ང་ཚོར་འབྲེལ་བ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་བུམ་པའི་རྩེད་འགྲན་ཐེངས་ ༡༨ པ་བཞུགས་སྒར་དུ་མགོ་འཛུགས་གནང་བ་དང་བསྟུན་ཏེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་ཡོད།

    དྲི་བ། བཙན་བྱོལ་ནང་བོད་པའི་རྐང་སྤོལ་རུ་ཁག་ཐོག་མར་གསར་འཛུགས་ཇི་ལྟར་བྱས་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

    ལན། ཐོག་མར་ ༡༩༩༨ ལོར་ཨི་ཌ་ལིའི་གཞས་ཚོགས་ཤིག་གིས་བོད་པའི་རྐང་སྤོལ་རུ་ཁག་མགྲོན་འབོད་བྱས་པ་ལྟར། ཨ་མ་རྗེ་བཙུན་པདྨ་མཆོག་གིས་དེ་ནི་གོ་སྐབས་ཡག་པོ་ཞིག་ལ་གཟིགས་ནས་མགྲོན་ཤོག་ངོས་ལེན་གནང་ཐོག བོད་པའི་སྤྱི་ཚོགས་ནང་ན་གཞོན་དང་དར་མའི་རྐང་སྤོལ་རུ་ཁག་གཉིས་འདེམས་སྒྲུག་བྱས་པ་རེད། དེ་ནི་བོད་པའི་ལོ་རྒྱུས་ནང་རྐང་སྤོལ་རུ་ཁག་དང་པོ་དེ་ཆགས་ཡོད། སྔོན་མ་ཕྱི་ལོ་ ༡༩༠༤ ཙམ་ལ་ལྷ་སར་རུ་ཁག་ཅིག་ཡོད་པ་རེད་དེ། རུ་མི་ཡོངས་རྫོགས་མཉམ་དུ་རུག་རུག་བཟོས་བཞག་པ་ཞིག་ཡོད་པ་མ་རེད། ༡༩༩༩ ལོར་བོད་པའི་རྐང་སྤོལ་རུ་ཁག་ཨི་ཊ་ལིར་བསྐྱོད་དེ་རྒྱལ་སྤྱིའི་རྐང་སྤོལ་རྩེད་མཁན་རྒན་པ་ཚོ་དང་མཉམ་དུ་བདུན་ཕྲག་གཅིག་རིང་སྦྱོང་བརྡར་གནང་བ་རེད། ༢༠༠༡ ལོར་ཌར་མཱག་རྒྱལ་ཁབ་ཀྱི་སྐུ་ཞབས་མཱ་ཀེལ་ལགས་བོད་ནང་ཕྱིན་སྐབས། ཁོང་རང་བོད་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ཡིན་པ་ཞིག་རྨི་ལམ་དུ་རྨིས་པར་བརྟེན། ཁོ་རང་ཚུར་རྒྱ་གར་ནང་ཡོང་སྟེ་བོད་པའི་རྐང་སྤོལ་རུ་ཁག་རྩད་གཅོད་བྱས་སྐབས། དེ་སྔོན་ཨི་ཊ་ལིར་ཕྱིན་མྱོང་ཡོད་པ་ཤེས་རྟོགས་བྱུང་སྟེ། ༢༠༠༡ ལོར་ཡང་བསྐྱར་རྐང་སྤོལ་རུ་ཁག་གསར་པ་ཞིག་བཙུགས་ཏེ། ཌར་མཱག་མངའ་འོག་ཏུ་ཡོད་པའི་གྷ་རན་ནེལ་དང་མཉམ་དུ་རྩེད་འགྲན་བྱས་པ་རེད། དེ་ནི་རང་བཙན་མེད་པའི་རྒྱལ་ཁབ་གཉིས་བར་རྩེད་འགྲན་བྱས་པ་ཐོག་མ་ཆགས་ཡོད་པ་རེད།

    དྲི་བ། རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་ག་དུས་གསར་འཛུགས་དང་། ད་ལྟའི་བར་རྩེད་འགྲན་ཐེངས་ག་ཚོད་ཕྱིན་ཡོད་དམ།

    ལན། རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་དེ་ ༡༩༨༡ ལོར་མགོ་བཙུགས་པ་ནས་བཟུང་། ༢༠༠༢ ལོའི་བར་སྔ་ཕྱིར་ཐེངས་ ༩ རྩེད་ཡོད་པ་རེད། ༢༠༠༣ ལོར་ང་ཚོས་འགན་བླངས་རྗེས། ད་ལྟའི་བར་ཐེངས་ ༩ ལ་རྩེད་འགྲན་བྱས་ཡོད། ༢༠༠༦ རྩེད་ཐུབ་ཡོད་པ་མ་རེད། ང་ཚོས་བརྡ་ཁྱབ་སྤེལ་བའི་དུས་བཅད་ནང་དེབ་སྐྱེལ་བྱེད་མཁན་རུ་ཁག་གསུམ་མ་གཏོགས་བྱུང་མེད་པ་རེད། དུས་བཅད་རྫོགས་རྗེས་རུ་ཁག་ ༨ ཙམ་གྱི་སྙན་ཞུ་འབྱོར་ཡང་། མ་འོངས་པར་དུས་བཅད་རྩིས་མེད་མི་འགྲོ་ཆེད་རྩེད་འགྲན་མ་བྱས་པ་རེད། དེ་མ་གཏོགས་དཀའ་ངལ་མཐའ་དག་ལ་གདོང་ལེན་བྱས་ཏེ་ལོ་ལྟར་གོ་སྒྲིག་ཞུས་ཡོད། སྤྱིར་བཏང་དཀའ་ངལ་སྣ་ཚོགས་འཕྲད་ཡོང་དུས། མི་མང་ནང་དེ་ལྟར་རྙོག་དྲ་ཡོང་བསྡད་པ་ལས་གཡུགས་བཞག་ན་ཡག་པོ་འདུག་བསམ་པ་སླེབས་ཡོང་གི་འདུག ཡིན་ནའང་། ༸གོང་ས་མཆོག་གིས་ང་ཚོར་ཕྱག་དངུལ་རོགས་སྐྱོར་གནང་སྟེ་ཐུགས་རེ་གནང་ཡོད་སྟབས། ང་ཚོས་ངོས་ནས་ཀྱང་སེམས་ཤུགས་འཕར་མ་ཞིག་བསྐྱེད་ཏེ་མུ་མཐུན་འབད་བརྩོན་རྒྱུན་འཁྱོངས་གནང་བཞིན་ཡོད། 

    དྲི་བ། ལོ་འགའི་སྔོན་ནས་རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་དྷ་སའི་ཕྱི་ལོགས་སུ་རྩེད་མགོ་བརྩམས་ཡོད་པ་རེད། དེའི་དགོས་པ་རྒྱུ་མཚན་ག་རེ་ཡིན་ནམ།

    ལན། ༢༠༠༧ ལོར་ང་ཚོས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་ཐོག་དང་པོར་དྷ་སའི་ཕྱི་ལོགས་ནས་རྩེད་རྒྱུའི་འཆར་གཞི་བཏང་སྐབས། སྐུ་སྒེར་ཡིག་ཚང་ནས་ཀྱང་ཞལ་པར་ཕུལ་ཏེ་ཕྱི་ལོགས་ནས་རྩེད་དགོས་པའི་རྒྱུ་མཚན་བཀའ་འདྲི་གནང་སོང་། ང་ཚོས་ངོས་ནས་རྩེད་འགྲན་ས་ཆ་གཞན་དུ་བྱེད་དགོས་དོན་ནི། དང་པོ། རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་ནམ་རྒྱུན་དྷ་ས་རང་ལ་རྩེད་བསྡད་ཡོད་སྟབས། ས་ཁུལ་གཞན་པར་ཡང་དེ་འདྲ་དགོས་པའི་བསམ་ཚུལ་མང་པོ་སླེབས་ཀྱིན་འདུག གཉིས་པ། དྷ་སར་རྩེད་སྐབས་མཚམས་རེར་དཀའ་རྙོག་འཕྲད་ཡོང་གི་ཡོད་སྟབས། ༸རྒྱལ་བའི་བཞུགས་སྒར་ནས་མིང་ཆད་དེ་འདྲ་བྱུང་ཚེ་སེམས་ནས་བཟོད་དཀའ་ཆགས་ཀྱི་འདུག རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་ཉེ་བའི་ལོ་འགའི་ནང་དྷ་སའི་ཕྱི་ལོགས་ནས་རྩེད་འགྲན་བྱས་པ་རེད།

    དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་དང་ཚོགས་པའི་ལས་དོན་འཁྱེར་ཕྱོགས་ག་འདྲ་ཡིན་ནམ།

    ལན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཚུགས་དགོས་པའི་རྒྱུ་མཚན་ནི། ༢༠༠༢ ལོར་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུས་བོད་ཁྱིམ་འབྲེལ་ཡོད་དག་གིས། བོད་ཀྱི་རྩེད་རིགས་ཚོགས་པ་ཞིག་འཛུགས་དགོས་པའི་རེད་འདུན་བཏོན་ཏེ་བཀའ་ཤག་ལ་ཡར་ཆོག་མཆན་ཞུས་པ་ལྟར། བཀའ་ཤག་གིས་མར་རྒྱབ་གཉེར་གནང་སྟེ་ལོ་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གསར་འཛུགས་གནང་བ་རེད། ལས་འགན་གཙོ་བོ་དེ་བོད་པའི་རྐང་སྤོལ་རུ་ཁག་འདེམགས་སྒྲུག་དང་སྦྱོང་བརྡར་སྤྲད་དེ། ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་གྱི་རྩེད་འགྲན་ནང་འཛུལ་ཞུགས་བྱེད་རྒྱུ་དང་། སྔོན་མ་ཡོད་བསྡད་པའི་རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་མུ་མཐུད་མཇུག་སྐྱོང་དང་ཡར་རྒྱས་ཚགས་ཚུད་བྱ་རྒྱུ་དེ་རེད། 

    དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བོད་པའི་རྐང་སྤོལ་རུ་ཁག་ཚོར་སྦྱོང་བརྡར་དང་ལྟ་རྟོག་ཇི་ལྟར་གནང་གི་ཡོད་དམ།

    ལན། སྤྱིར་རྩེད་རིགས་ཚོགས་པའི་དམིགས་ཡུལ་ནི་རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་ནང་ཞུགས་མཁན་རུ་ཁག་རྣམས།   དུས་རྒྱུན་སོ་སོའི་གཞིས་ཆགས་ཁག་གང་དུ་ཡོད་པ་ཡིན་ན། དེ་གར་རྐང་རྩེད་སྤོ་ལོའི་རུ་ཁག་རང་གི་ངོ་བོར་གནས་མཁན་ཞིག་དགོས་ཀྱི་ཡོད་པ་རེད། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གཅིག་པུ་ཙམ་མ་ཡིན་པར། གཞན་པའི་རྩེད་འགྲན་ནང་འཛུལ་ཞུགས་བྱེད་མཁན་དེ་འདྲ་ཞིག་བཟོ་ཐུབ་པ་ཡིན་ན། རྗེས་མ་རིམ་པས་ཚད་དང་ལྡན་པ་ཞིག་ཡོང་གི་རེད། ད་ལྟའི་ཆར་རུ་ཁག་གི་ངོ་བོར་གནས་མཁན་ཁ་ཤས་ཤིག་མ་གཏོགས། མང་ཆེ་ཤོས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་རང་གི་ཆེད་གནས་སྐབས་རིང་རུ་ཁག་བཙུགས་ཏེ་རྩེད་འགྲན་མཇུག་སྒྲིལ་རྗེས་སོ་སོར་འཐོར་འགྲོ་ཡི་ཡོད་པ་རེད། ནམ་རྒྱུན་རུ་ཁག་གི་ངོ་བོར་གནས་མཁན་ཞིག་བྱུང་བ་ཡིན་ན། ང་ཚོའི་ངོས་ནས་ཀྱང་སློབ་སྟོན་དང་མཐུན་སྦྱོར། རུ་ཁག་སོ་སོའི་སློབ་སྟོན་པ་རྣམས་ལ་ཟུར་དུ་སློབ་སྦྱོང་སྤྲོད་པ། དེ་བཞིན། སོ་སོའི་ས་ཁུལ་ནང་དུའང་རྩེད་འགྲན་གྱི་འཆར་གཞི་བཟོ་ཐུབ་ཀྱི་རེད། ལྟ་རྟོག་བྱེད་མ་ཐུབ་པའི་དཀའ་ངལ་གཙོ་བོ་རུ་ཁག་གི་ངོ་བོའི་ཐོག་གནས་མཁན་ཉུང་ཉུང་ཞིག་མ་གཏོགས་མེད་པ་དེ་རེད།

    དྲི་བ། མ་འོངས་པར་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དེ་ཚད་ལྡན་ཞིག་ཡོང་རྒྱུར་གྲྭ་སྒྲིག་དང་འཆར་འགོད་ག་རེ་གནང་གི་ཡོད་དམ།

    ལན། ཕྱི་རྒྱལ་ཁག་ནང་རྩེད་མོ་ཡག་པོ་ཡོད་མཁན་མང་ཆེ་བ་ཆུང་དུས་ནས་བཟུང་། རྩེད་མོ་རྩེད་སྟངས་ག་འདྲ་ཡིན་མིན་སློབ་སྦྱོང་གནང་སྟེ་སྐྱེད་སྲིང་བྱུང་བ་ཤ་སྟག་རེད། དེར་བརྟེན། ང་ཚོས་ངོས་ནས་ཀྱང་ ༢༠༠༣ ལོར་སློབ་གྲྭ་ཁག་ནང་ལ་རྐང་སྤོལ་རུ་ཁག་འཛུགས་རྒྱུའི་ཐབས་ཤེས་བྱང་ཀྱང་ལམ་ལྷོངས་མ་བྱུང་བ་རེད། ༢༠༠༩ ལོར་དངོས་སུ་གཏན་འཇགས་སློབ་གྲྭ་ཁག་ཉི་ཤུའི་ནང་རང་ལོ་ ༡༢ མན་གྱི་བུའི་རྐང་སྤོལ་རུ་ཁག་བཙུགས་ཏེ་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་རེད། ང་ཚོའི་འཆར་གཞི་ནི་ལོ་དྲུག་ནང་ཚུད་ལ་སློབ་གྲྭ་ཁག་ནང་ལོ་ཚད་ ༡༢ དང་ ༡༤ ། ༡༦ བཅས་བུའི་རྐང་སྤོལ་རུ་ཁག་གསུམ་འཐོན་རྒྱུའི་རེ་བ་འཆང་གི་ཡོད། ད་ལྟ་ ༢༠༠༩ ལོར་བདམས་པ་རྣམས་ལོ་ ༡༥ དང་། སྔར་ལོ་བདམས་པ་རྣམས་ལོ་ ༡༣ ལ་བསླེབས་ཡོད་པ་རེད། ༢༠༡༡ ཕྱི་ཟླ་ ༣ ནང་ཨ་རིའི་ལྕམ་ཀཱེ་སི་ལགས་དང་ང་ཚོ་མཉམ་འབྲེལ་ཐོག་བོད་ཁྱིམ་སློབ་གྲྭ་བརྒྱད་དང་། གཏན་སློབ་ཅོན་ཏ་ར་བཅས་སློབ་གྲྭ་ ༩ ནང་ནས་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་བདམས་ཡོད། ང་ཚོས་དམིགས་ཡུལ་གཙོ་བོ་རྗེས་མ་བོད་པའི་རྐང་སྤོལ་རུ་ཁག་དེ་རྩེད་སྟངས་ཚད་དང་ལྡན་པ་ཞིག་ཡོང་ཆེད་ཡིན།

    དྲི་བ། བོད་པའི་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་རྩེད་འགྲན་ཁྲོད་ཞུགས་རྒྱུར་གོ་སྐབས་དང་འགོག་རྐྱེན་གང་དག་འཕྲད་ཀྱི་འདུག་གམ།

    ལན། སྤྱིར་ང་ཚོ་བོད་པའི་རྐང་སྤོལ་རུ་ཁག་རྒྱལ་ཁབ་གཞན་པ་ལྟར་རྩེད་རྒྱུར། ད་ལྟའི་ཆར་རྒྱལ་སྤྱིའི་རྐང་སྤོལ་སྒྲིག་འཛུགས་ཀྱི་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། ཡིན་ནའང་། རྒྱལ་སྤྱིའི་རྐང་སྤོལ་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་པའི་རྒྱལ་ཁབ་ ༣༠ ལྷག་རྒྱལ་སྤྱིའི་ངོས་འཛིན་མེད་པའི་རྐང་སྤོལ་མཐུན་ཚོགས་ཤིག་གསར་འཛུགས་བྱས་ཏེ། ༢༠༠༣ ལོར་ཧྥ་རན་སིར་རྩེད་འགྲན་མགོ་བཙུགས་པ་རེད། སྐབས་དེར་ང་ཚོ་བོད་པའི་རྐང་སྤོལ་རུ་ཁག་ཀྱང་དེའི་གྲས་སུ་ཡོད་པ་རེད། སྔ་ཕྱིར་འཇར་མན་ཧམ་བྷག་ (Hamburg) དང་། ཊར་ཀའེ་ (Turkey) འོག་ཡོད་པའི་བྱང་སའེ་བྷི་རེ་སི་ (North Cyprus) བཅས་ལ་ཐེངས་གཉིས་ཕྱིན་པ་རེད། དེ་མིན་གཞན་མང་པོ་ཞིག་ལ་འགྲོ་སོང་ཆ་ཚང་སོ་སོའི་ངོས་ནས་གཏོང་དགོས་སྟབས། ང་ཚོའི་ངོས་ནས་དེ་འདྲ་ཞིག་གཏོང་ཐུབ་ཐབས་ཡོད་པ་མ་རེད། ༡༩༩༩ ལོ་ནས་ད་ལྟའི་བར་ཨི་ཊ་ལི་དང་། ཌར་མཱག འཇར་མན། ཧོ་ལན་ཌི། ཨེ་སི་རལ། ཨོ་སི་ཌི་རེ་ཡ། སུད་སི་སོགས་རྒྱལ་ཁབ་ཁག་ ༡༠ ལྷག་གི་ནང་ཕྱིན་མྱོང་ཡོད་པ་རེད། ག་དུས་ཡིན་ཡང་རྒྱལ་ཁའི་ཐོབ་ཤོར་ལ་མ་བལྟས་པའི་ཐོག་ནས་བོད་པའི་བཟང་སྤྱོད་རྩེད་ཐང་དུ་སྟོན་རྒྱུ་དེ་ང་ཚོས་གལ་ཆེན་དུ་རྩིས་པ་ཡིན་ལ། དེའི་ཐད་ཕྱི་རྒྱལ་གྱི་ལྟད་མོ་བ་དང་རྩེད་མོ་བ་མ་ཚང་མས་ཧ་ཅང་དགའ་བོ་ཉེ་བོ་བྱེད་ཀྱི་འདུག དེ་ང་ཚོའི་ངོས་ནས་རྒྱལ་ཁ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད།

    དྲི་བ། ད་ལོར་རྒྱལ་སྤྱིའི་རྐང་སྤོལ་སྒྲིག་འཛུགས་ཀྱིས་ངོས་ལེན་ཐོབ་མེད་པའི་རྒྱལ་སྤྱིའི་ཐོག་གི་རྐང་སྤོལ་རུ་ཁག་མང་པོ་ཞིག་ཨེ་རག་ནང་རྩེད་བཞིན་པའི་ནང་། བོད་པའི་རུ་ཁག་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་ག་རེ་ཡིན་ནམ།

    ལན། ད་ལོར་མཚོན་ནའང་ཨེ་རག་འོག་ཡོད་པའི་ཁཱིར་ཌེ་སི་ཐན་(Kurdistan) རང་སྐྱོང་ལྗོངས་ཀྱི་གོ་སྒྲིག་འོག   རྒྱལ་སྤྱིའི་ངོས་འཛིན་མེད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་རྐང་སྤོལ་རྩེད་འགྲན་དེ། ཕྱི་ཟླ་ ༦ པའི་ཚེས་ ༢ ནས་ ༩ བར་རྩེད་རྒྱུ་གཏན་ཁེལ་འདུག ང་ཚོའི་རྐང་སྤོལ་རུ་ཁག་ལའང་མགྲོན་ཤོག་འབྱོར་ཡོད་པ་མ་ཟད། གནམ་གྲུའི་གླ་ཆ་ལས་གཞན་པའི་འགྲོ་སོང་ཆ་ཚང་གོ་སྒྲིག་མཁན་གྱི་ངོས་ནས་གཏོང་རྒྱུ་ཁས་ལེན་གནང་ཡོད་སྟབས། དེར་ང་ཚོ་འཛུལ་ཞུགས་བྱ་རྒྱུ་ཐག་གཅོད་བྱས་ཀྱང་། རྗེས་སུ་དཀའ་ངལ་རིགས་གཉིས་འཕྲད་པ་རེད། གཅིག ཕྱི་སྐྱོད་ཐོངས་མཆན་དེ་ཕར་ཕྱོགས་ཀྱི་གནམ་ཐང་ལ་སླེབས་ན་མ་གཏོགས་སྤྲོད་ཀྱི་མེད་སྟབས། ང་ཚོའི་ད་ལྟའི་ལག་དེབ་སེར་པོ་ (RC)དེར་ངེས་པར་དུ་གཞུང་ཚབ་ནས་ཐོངས་མཆན་ཞུ་དགོས་ཀྱི་ཡོད་པ་རེད། དེའི་ཐད་ཡར་མར་ལ་འབྲེལ་བ་བྱས་མཐར་སྤྲོད་རྒྱུ་ཁས་ལེན་ཐོབ་པ་རེད། གཉིས་པ། གནམ་གྲུའི་འཛིན་བྱང་སྐོར་ལ་ཐོག་མ་སྦྱིན་བདག་ཅིག་རག་ཡོད་ཀྱང་། རྗེས་སུ་སྦྱིན་བདག་དེ་ཕྱིར་འཐེན་བྱས་པའི་དབང་གིས་འགྲོ་མ་ཐུབ་པ་རེད།

    དྲི་བ། ད་ལྟའི་བར་རྒྱ་གར་ནང་ལོགས་ཀྱི་རྐང་སྤོལ་འགྲན་བསྡུར་ཁག་ནང་བོད་པའི་རྐང་སྤོལ་རུ་ཁག་ཐེངས་ག་ཚོད་ཙམ་འཛུལ་ཞུགས་གནང་ཐུབ་ཡོད་དམ། 

    ལན། ༢༠༠༣ ལོར་འབྲས་ལྗོངས་བློན་ཆེན་གྱི་མིང་ཐོག་ནས་ང་ཚོར་མགྲོན་ཤོག་ཕུལ་ཏེ། སྒང་ཏོག་མངའ་སྡེ་ཡི་གོ་སྒྲིག་འོག་ས་ཁུལ་ཁག་འདྲ་མིན་གྱི་རྐང་སྤོལ་རུ་ཁག་རྩེད་འགྲན་ནང་སྔ་ཕྱིར་ལོ་ ༧ ཙམ་རིང་འཛུལ་ཞུགས་བྱས་པ་རེད། རྗེས་སུ་ང་ཚོའི་རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་ལྷོ་ཕྱོགས་སུ་ཕྱི་ཟླ་ ༩ དང་ ༡༠ ནང་རྩེད་དགོས་བྱུང་བར་བརྟེན། འབྲས་ལྗོངས་ཀྱི་རྩེད་འགྲན་དང་དུས་མཉམ་ཆགས་ཏེ་འགྲོ་ཐུབ་ཡོད་པ་མ་རེད། ད་ལོ་རྒྱལ་ཡུམ་རྐང་སྤོལ་རྩེད་འགྲན་གྲུབ་རྗེས་བསྐྱར་དུ་རུ་ཁག་ཅིག་གསར་འདེམས་བྱས་ཏེ་འཛུལ་ཞུགས་བྱ་འཆར་ཡོད། ཡིན་ནའང་། འཛུལ་ཞུགས་བྱེད་འཇུག་མིན་དེ་ཁོ་ཚོས་ལག་ཏུ་ཡོད་པ་རེད། ཆབ་སྲིད་ཀྱི་དཀའ་ངལ་ཏོག་ཙམ་རེ་ཡོད་བསྡད་པ་རེད།

    དྲི་བ། ད་ལྟའི་ཆར་བོད་པའི་གཞོན་སྐྱེས་ཚོའི་ཁྲོད་ཁྱད་ལས་རྐང་སྤོལ་རྩེད་མཁན་ག་ཚོད་ཅིག་ཡོད་པ་རེད།

    ལན། ད་ལྟ་བོད་པའི་གཞོན་སྐྱེས་ནང་རྐང་སྤོལ་རྩེད་དེ་མི་ཚེ་སྐྱེལ་མཁན་མགོ་བཙུགས་ཡོང་གི་ཡོད་པ་རེད། སྔོན་ཆད་བོད་པའི་སྤྱི་ཚོགས་ནང་རྐང་སྤོལ་རྩེད་ནས་མི་ཚེ་སྐྱེལ་ཐབས་མེད་པའི་འདུ་ཤེས་ཤུགས་ཆེན་པོ་ཡོད་པ་རེད། ཕྱིས་སུ་རྒྱ་གར་གྱི་རྐང་སྤོལ་རྩེད་འགྲན་གནས་ཚད་མཐོ་ཤོས་ཨེ་ལེ་ཁི་རྩེད་འགྲན་ནང་རྩེད་མཁན་བོད་པ་གཞོན་སྐྱེས་ ༣ དང་། གནས་རིམ་གཉིས་པའི་ནང་རྩེད་མཁན་བོད་རིགས་གཞོན་སྐྱེས་ ༡ བཅས་བྱུང་ཡོད་པ་རེད། ཁོ་ཚོ་པུ་ནེ་ནང་ཡོད་པའི་ཀརྨ་ཚེ་དབང་དང་། རྡེ་ར་རྡུན་ནས་ཡིན་པ་བསྟན་འཛིན་དོན་གྲུབ། སྒང་ཏོག་ནས་ཡིན་པའི་བསྟན་འཛིན་ཚེ་བྷེ། ཤི་ལོང་ནས་ཡིན་པའི་བསྟན་འཛིན་དོན་གྲུབ་བཅས་རེད། ཁོ་ཚོར་ལོ་རེའི་ནང་ཧིན་སྒོར་འབུམ་ ༥ རེ་རག་གི་ཡོད་པ་མ་ཟད། ཟས་གོས་གནས་མལ་གྱི་འགྲོ་སོང་ཆ་ཚང་ལོགས་སུ་གཏོང་གི་ཡོད་པ་རེད། དེ་མིན། རྒྱ་གར་གྱི་རྩེད་འགྲན་ཚོགས་སྡེ་ཁག་ནང་འཛུལ་ཞུགས་རྒྱུགས་སྤྲོད་གནང་བཞིན་པའི་བོད་པའི་གཞོན་སྐྱེས་འགའ་ཤས་ཀྱང་ཡོད་པ་རེད།

    དྲི་བ། རྒྱལ་ཡོངས་རྩེ་རིགས་ཚོགས་པའི་ངོས་ནས་རྩེད་རིགས་རྣམ་གྲངས་གཞན་གྱི་ཐོག་རྩེད་འགྲན་གོ་སྒྲིག་གནང་འཆར་ཡོད་དམ།

    ལན། དེའི་ཐད་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། ང་ཚོས་ཐོག་མར་མིང་འདོགས་པའི་སྐབས་སུ་བོད་པའི་རྐང་སྤོལ་ཚོགས་པ་ཞེས་མ་བཏགས་པར། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཞེས་འདོགས་དགོས་པའི་རྒྱུ་མཚན་ཡང་། རྐང་སྤོལ་ཚོགས་པའི་མིང་འོག་ནས་རྩེད་མོ་གཞན་ལ་ལག་པ་འཆིང་བདེ་བོ་ཡོད་པ་མ་རེད། རྩེད་རིགས་ཚོགས་པའི་མིང་ཐོག་ནས་རྩེད་རིགས་རྣམ་གྲངས་ཚང་མར་ལྟ་རྟོག་གནང་ཆོག་གི་རེད། ཡིན་ནའང་། ང་ཚོར་དཔལ་འབྱོར་རྒྱབ་བརྟེན་མེད་པའི་རྐྱེན་གྱིས་རྩེད་མོ་མང་པོ་ཞིག་ལ་ལག་པ་འཆང་ཐུབ་ཀྱི་མི་འདུག ༢༠༠༨ ལོར་སློབ་གྲྭ་ཁག་ནང་འཛིན་རིམ་ ༡༢ སློབ་ཕྲུག་ཚོའི་བར་ལག་སྤོལ་རྩེད་འགྲན་ཞིག་གྲ་སྒྲིག་ཆ་ཚང་བྱས་ཟིན་མོད། ལོ་དེར་བོད་ནང་གནས་སྟངས་ཛ་དྲག་ཆགས་ཏེ་ཕྱིར་འཐེན་བྱས་པ་རེད། ད་ལོ་ང་ཚོས་བསྐྱར་དུ་སློབ་གྲྭ་ཁག་ནང་འཛིན་རིམ་ ༡༢ སློབ་ཕྲུག་ཚོའི་བར་ལག་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུ་འཆར་ཡོད། ང་ཚོས་རྒྱ་གར་གྱི་རྩེད་མོའི་ཚོགས་པ་དེ་འདྲར་ནམ་རྒྱུན་འབྲེལ་བ་བྱེད་ཀྱི་ཡོད། བོད་པའི་གཞོན་སྐྱེས་རྩེད་མོའི་རིགས་ལ་གནས་ཚད་ཡོད་མཁན་ཚོས་ང་ཚོར་འབྲེལ་བ་བཙུགས་པ་ཡིན་ན། ང་ཚོས་རྒྱ་གར་གྱི་རྩེད་མོའི་ཚོགས་པ་ཚོར་འབྲེལ་བ་བྱེད་ཆོག་གི་རེད། རྒྱ་གར་ནང་སྒེར་གྱི་རྩེད་མོའི་རིགས་ལ་གོ་སྐབས་ཡོད་བསྡད་པ་ཞིག་རེད། 

    དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་རིགས་བྱ་འགུལ་ཐད་དཔལ་འབྱོར་འདུ་འགོད་ཇི་ལྟར་གནང་གི་ཡོད་དམ།

    ལན། སྤྱིར་བཏང་རྩེད་རིགས་ལས་གཞི་ག་འདྲ་ཞིག་ཡིན་ནའང་། དཔལ་འབྱོར་རྒྱབ་རྟེན་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། ཐོག་མ་མགོ་བཙུགས་དུས་ང་ཚོའི་དཔལ་འབྱོར་རྒྱབ་རྟེན་དེ། ཌར་མཱག་ཧཱ་མཱན་བཟོ་གྲྭས་ང་ཚོའི་རྐང་སྤོལ་རུ་ཁག་གི་སྒྲིག་ཆས་བཟོས་ཏེ་ཡུ་རོབ་ནང་ཕར་བཙོང་རྗེས། དེའི་ཁེ་སྤོགས་ལས་བརྒྱ་ཆ་ ༡༠ ང་ཚོར་སྤྲད་རྒྱུ་བྱས་ཏེ། ཐོག་མར་མགོ་བཙུགས་དུས་ཧིན་སྒོར་འབུམ་གཉིས་གསུམ་ཞིག་རག་པ་རེད། ཕྱིས་སུ་ཡུ་རོབ་ནང་དཔའ་འབྱོར་ཉམས་རྒུད་ཕྱིན་ཏེ་བར་མཚམས་ཆད་པ་དང་། མཐའ་མ་དེར་བཟོ་གྲྭ་དེས་རྒྱ་ནག་ལ་ཚོང་འབྲེལ་མགོ་བཙུགས་པ་དང་ང་ཚོའི་བར་གྱི་ཚོང་དེ་ཕྱིར་འཐེན་བྱས་པ་རེད། ད་ལྟ་ང་ཚོས་བསྐྱར་དུ་ཧོ་ལཱན་ཌིའི་སྒྲིག་ཆས་བཟོ་གྲྭ་ཀོ་བྷོ་དང་མཉམ་དུ་གན་རྒྱ་བཞག་སྟེ། ཐོག་མའི་གན་རྒྱ་འཇོག་སྐབས་ང་ཚོར་ཧིན་སྒོར་འབུམ་ ༣ སྤྲད་པར་མ་ཟད། བོད་པའི་རྐང་སྤོལ་རུ་ཁག་གི་སྒྲིག་ཆས་བཙོང་བའི་ཁེ་སྤོགས་ལས་བརྒྱ་ཆ་ ༡༠ སྤྲོད་རྒྱུ་བྱས་ཡོད་པ་རེད། ཕལ་ཆེར་ལོ་རེར་ཆ་སྙོམས་ཧིན་སྒོར་འབུམ་ ༤ ཙམ་རག་མི་ཡོང་ངམ་བསམ་གྱི་འདུག དེ་མིན་གཞན་དམིགས་བསལ་ཡོང་སྒོ་གང་ཡང་ཡོད་པ་མ་རེད།

    དྲི་བ། ད་ཆར་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་བལྟས་ཡོང་ན། རྩེད་མོའི་རིགས་ལ་དོ་སྣང་དང་དགའ་མོས་ཀྱི་གནས་སྟངས་ག་འདྲ་འདུག

    ལན། སྤྱིར་བཏང་རྩེད་རིགས་རྣམ་གྲངས་སྣ་ཚོགས་ཤིག་ཡོད་པའི་ནང་ནས། རྐང་སྤོལ་ནི་ང་ཚོ་བོད་པ་རྣམས་དམིགས་གསལ་དགའ་མོས་ཡོད་པའི་རྩེད་མོ་ཞིག་ཆགས་འདུག རྩེད་མོ་རྩེད་མཁན་གཅིག་པུ་མ་ཡིན་པར། ས་ཆ་གང་དུ་རྩེད་འགྲན་བྱས་ཀྱང་ལྟད་མོ་ལྟ་མཁན་ལ་རྒན་གཞོན་དང་། སྐྱ་སེར། ཕོ་མོ་བཅས་ཀྱི་དབྱེ་བ་མེད་པར། དུས་ཚོད་རག་པ་ཡིན་ན་ཚང་མ་ཕེབས་ཡོང་གི་རེད། དྷ་རམ་ས་ལར་མཚོན་དབུ་འབྱེད་དང་མཇུག་སྡོམ་སྐབས་ཧ་ལམ་བརྒྱ་ཆ་ ༥༠ སླེབས་ཡོང་གི་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཀྱང་ཆེད་དུ་ལྟད་མོ་ལྟ་རུ་སླེབས་མཁན་མང་པོ་ཡོད་པ་རེད། དེ་མིན་རྩེད་མོ་རྣམ་གྲངས་གཞན་པའི་རིགས་རྩེད་འགྲན་མེད་སྟབས། ད་ལྟའི་ཆར་དོ་སྣང་ག་ཚོད་ཅིག་ཡོད་མེད་བཤད་ཐུབ་ཀྱི་མི་འདུག 

    དྲི་བ། རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་རིགས་སྐོར་གྱི་བརྡ་ཆད་དང་། ཚོགས་པའི་དྲ་རྒྱ་བོད་ཡིག་ཐོག་ཕབ་བསྒྱུར་གྱི་དགོངས་འཆར་དེ་འདྲ་ཡོད་དམ།

    ལན། དངོས་ཡོད་གནས་ཚུལ་ཐོག་དེ་འདྲ་ང་ཚོའི་བསམ་བློ་ནང་འཁོར་མ་སོང་། ཁྱེད་རང་གི་དྲི་བ་དེ་ཕལ་ཆེར་དགོངས་ཚུལ་གནང་མཁན་དང་པོ་ཆགས་བསྡད་ཀྱི་འདུག ཡིན་ནའང་། མ་འོངས་པར་ང་ཚོས་དྲ་རྒྱའི་ཕྱག་ལས་གནང་མཁན་ཚོར་སྐྱབས་འཇུག་ཞུ་ངེས་ཡིན། དེ་བཞིན། རྩེད་རིགས་སྐོར་གྱི་བརྡ་ཆད་རྣམས་ཀྱང་བོད་ཡིག་ནང་ཕབ་བསྒྱུར་ཐད་ཐབས་ཤེས་གནང་གི་ཡིན། ཡིན་ནའང་། བསྒྱུར་བ་དེའང་ཚད་དང་ལྡན་པ་ཞིག་དགོས་ཀྱི་ཡོད་པ་རེད་མ་གཏོགས། ཐབས་ཆག་ཅིག་བསྒྱུར་བ་ཡིན་ན་ལས་ཀ་དེར་སྐྱོན་བརྗོད་དེ་ལས་མང་པོ་རག་ཡོང་གི་རེད། ད་ལྟའི་ཆར་ང་ཚོའི་ལག་ཏུ་བོད་ལྗོངས་བརྙན་འཕྲིན་ཁང་གིས་སྒྲིག་པའི་ལུས་རྩེད་སྐོར་གྱི་བརྡ་ཆད་སྐོར་ཞིག་ལས་གཞན་གང་ཡང་རག་མ་བྱུང་།

    དྲི་བ། ད་ལྟའི་ཆར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དཀའ་ངལ་ཆེ་ཤོས་གང་ཆགས་ཀྱི་འདུག་གམ།

    ལན། དཀའ་ངལ་ཆེ་ཤོས་ཏེ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་དེ་རེད། སྤྱིར་ང་ཚོ་བོད་པའི་ནང་ལ་དཔལ་འབྱོར་གནས་སྟངས་ཡག་ཐག་ཆོད་མང་པོ་ཡོད་པ་རེད། སྤྱིར་བོད་པའི་སྤྱི་ཚོགས་ནང་ལ་རྩེད་མོའི་རིགས་ལ་ཞལ་འདེབས་ཕུལ་བའི་སྲོལ་ཧ་ལམ་མེད་པ་ལྟ་བུ་ཆགས་འདུག ཐ་ན། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྐབས་སུ། ལྟད་མོར་གཟིགས་མཁན་མང་ཚོགས་ཀྱི་ངོས་ནས་འཛིན་བྱང་ཉོ་མཁན་ཡང་ཧ་ཅང་ཉུང་ཉུང་རེད། དེང་སྐབས་ཡུ་རོབ་དང་ཨ་རིའི་ནང་དཔལ་འབྱོར་ཉམས་རྒུད་བྱུང་བའི་རྐྱེན་གྱིས། རྩེད་མོའི་ཐོག་ཞལ་འདེབས་རག་རྒྱུ་ཁག་པོ་འདུག ཡིན་ནའང་། ང་ཚོའི་ངོས་ནས་ཐབས་ཤེས་སྣ་ཚོགས་བྱེད་བཞིན་ཡོད། 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese