མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་ཉག་རོང་ས་ཆའི་གྲྭ་པ་ཞིག་ལ་བོད་རང་བཙན་ཡིག་ཆ་འགྲེམས་སྤེལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གཅར་རྡུང་བཏང་སྟེ་རྐྱེན་ལམ་དུ་ཕྱིན་འདུག

ཟླ་སྔོན་མའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྗོང་སྲིད་གཞུང་གི་གྱང་ངོས་སུ། བོད་རང་བཙན་གྱི་སྦྱར་ཡིག་ཅིག་འགྲེམས་སྤེལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། གནས་ཚུལ་དེར་རྐྱེན་བྱས་ཏེ་རྒྱ་གཞུང་གིས་ཕྱི་ཟླ་ ༥ བའི་ཚེས་ ༢༥ ཡས་མས་སུ། ཉག་རོང་ར་ལོ་ཞང་གི་དགེ་འདུན་པ་དཀར་དབང་འབོད་པ་སྤྱར་ཡིག་འགྲེམས་སྤེལ་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད།  ཉིན་ ༤ ལྷག་གི་རིང་རྫོང་བཙོན་ཁང་དུ་འདྲི་གཅོད་དང་རྡུང་རྡེག་ཚབས་ཆེན་བཏང་བ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་སོགས་མ་སྤྲད་པའི་དབང་གིས་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་དཀར་དབང་ལགས་འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་ཁོང་གི་ཁྱིམ་དུ་ཡོང་སྟེ་ཡིག་ཆ་འགྲེམས་དགོས་དོན་གང་ཡིན་དང་། ཡིག་ཆ་འགྲེམས་མཁན་རོགས་པ་སུ་ཡོད་མེད། ཡིག་ཆ་འགྲེམས་པར་བརྒྱུད་སྐུལ་སུས་བྱས་ཡོད་མེད་སོགས་འདྲི་བརྩད་བྱས་ཡོད་འདུག་པ་མ་ཟད། ཉེ་ཆར་ཉེན་རྟོག་པས་གྲྭ་དཀར་དབང་ལགས་ལ་འདྲི་བརྩད་གཅར་རྡུང་བྱས་སྐབས། ཡིག་ཆ་འགྲེམ་སྤེལ་གྱི་གནས་ཚུལ་ཁས་ལེན་མ་བྱས་པར་རྐྱེན་ལམ་དུ་ཕྱིན་རྗེས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ནས་ཁོང་གི་ནང་མིར་ཁ་པར་འབྱོར་ཏེ་ཕུང་པོ་རྩིས་ལེན་བྱེད་དུ་ཡོང་དགོས་པའི་བརྡ་འབྱོར་ཡོད་པ་དང་། སྐབས་དེར་ཁོང་གི་ཕུང་པོ་རྕིས་སྤྲོད་དང་མཉམ་དུ་སྟོང་འཇལ་བའི་ཚུལ་དུ་རྒྱ་སྒོར་ཁྲི་ ༢༨  སྤྲད་ཡོད་འདུག

རང་ལོ་ ༣༦ ཡིན་པའི་དགེ་འདུན་པ་དཀར་དབང་ལགས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་རྭ་ལོ་ཤང་གི་ཡིན་པ་དང་།  ཕ་མིང་ལ་རྗེ་དགའ་འབོད་ཀྱི་ཡོད་འདུག ཉེ་ཆར་གྲྭ་དཀར་དབང་ལ་ཉེས་འཛུགས་བྱས་པའི་ཡིག་ཆ་དེའི་ནང་། “ བོད་ལ་ཆོས་ དད་རང་དབང་དགོས། བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས།” ཞེས་བཀོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༠ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 2

  1. སྐར་མདའ། says:
    ལོ་ 14 སྔོན།

    ངོ་མ་བདེན་པ་རེད། དེང་སང་གི་དུས་རབས་འདིའི་ནང་ལ་གྲྭ་བ་ཚོར་རིན་ཐང་ཧ་ཅང་ཆུང་གི་ཡ།
    ཡིད་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་གནད་འགག་ཅིག་ཤེས་དགོས་གལ་ཆེ།
    གང་ཡིན་ཟེར་ན།་ ང་ཚོས་ང་ཚོར་རིན་ཐང་སྤྲད་དགོས་པ་ལས་གཞན་གྱིས་ང་ཚོར་རིན་ཐང་ཇི་ལྟར་སྤྲོད།

    Reply
  2. གངས་རྡེའུ། says:
    ལོ་ 14 སྔོན།

    ད་སྐབས་ད་ངོ་མ་གྲྭ་བ་ཚོ་རིན་ཐང་ཆུང་གི་ཡ། རྒྱ་མིས་བསད་ནི་རེད་བོད་མིས་བླ་ཅོལ་བྱས་ནི་རེད། ངོ་མ་གྲྭ་བ་ཆ་བོ་སྙིང་མ་རྗེ། སྒོར་ཁྲི་ཉེར་བརྒྱད་པོ་ཡང་ཡིན་ཡིན་ཀྱོག་ཀྱོག་བྱས་བླངས་དང་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese