མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བཀའ་ཤག་གིས་ད་ལོ་ནི༸གོང་ས་མཆོག་གིས་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞག་སྟེ་ལོ་གཅིག་འཁོར་གྱི་ཡོད་པ་དང་། དབྱིན་ཡུལ་གྱི་སྤྱི་ཚོཊ་དང་ཆོས་ལུཊ་གཟེངས་རྟཊ་ཊེམ་པིལ་ཊེན་བཞེས་པ་བཅས་ལ་བརྟེན། ཕྱི་ལུགས་ལྟར་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གཟབ་རྒྱས་གནང་དགོས་པའི་བཀོད་ཁྱབ་བཏང་བ་ལྟར། འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བདུན་ཕྲག་འདིའི་ནང་ཨ་རི་དང་འཇར་མན། སུད་སི། ལྷོ་ཨ་ཧྥི་རི་ཀ བྷེལ་ཇམ། ནོར་ཝེ། ཨོ་སི་ཊོ་ལི་ཡ་བཅས་སུ་རྣམ་པ་འདྲ་མིན་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་གནང་འདུག

ཕྱི་ཚེས་ ༥ ནས་ ༨ ཉིན་བར་ཨ་རིའི་མངའ་སྡེ་མེལ་ཌེ་སིན་དང་མེན་ནཱེ་སཱོ་ཊ། ཆཱི་ཁཱ་གྷོ་བཅས་སུ་གནས་སྡོད་བོད་མི་ཚོས་དུས་གཅིག་ཏུ་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གཙོིས་ཚོཊ་པ་ཁག་གི་སྐུ་ཚབ་དང་། ས་གནས་བོད་རིཊ་མང་ཚོཊ་དང་ཡུལ་མི་བཅས་ཁྱོན་མི་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་འདུག དུས་ཡུན་ཉིན་བཞིའི་རིང་གི་འཁྲུངས་སྐར་སྐབས་མང་ཚོགས་ཀྱིས་མཆོད་འབུལ་སྨོན་ལམ་དང་། བསངས་གསོལ་དར་འཛུཊ། རིག་གཞུང་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར། མར་མེ་ཁྲོིམ་སྐོར། བོད་དོན་གཏམ་བཤད་སོགས་གནང་ཡོད་འདུག  

ཚེས་ ༦ ཉིན་ནོར་ཝེ་བོད་རིཊ་ཚོགས་པའི་གོ་སྒྲིག་འོག ནོར་ཝེ་རྒྱལ་ས་ཨོ་སཱོ་ལོ་རུ་རྟེན་གཞི་བྱས་པའི་ནོར་ཝེ་ཞི་བདེའི་འགྲེམས་སྟོན་ཁང་དུ། ས་གནས་བོད་རིཊ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། ཉིན་དེར་དབྱིན་ཡིག་དང་ནོར་ཝེ་ཡི་གེ་གཉིས་ནང་བྲིས་པའི་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གཙོས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་དང་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག དེ་བཞིན་འཚམས་འདྲིའི་ལེགས་སྐྱེས་ (Chocolate)རེ་བཅས་མང་ཚོཊ་ལ་འདེགས་འབུལ་གནང་ཡོད་འདུག་ལ། ཚེས་ ༧ ཉིན་ཀརྨ་བཀྲ་ཤིས་གླིང་ཆོས་ཚོཊ་སུ་བླ་མ་བྱང་ཆུབ་མཆོག་དབུ་བཞུཊ་ཐོག་བོད་རིཊ་མང་ཚོགས་ཀྱིས་སྨོན་ལམ་གསོལ་འདེབས་དང་། བོད་གཞས་འཁྲབ་སྟོན། བསངས་གསོལ་རླུང་རྟ་སྤུར་བ། བོད་ཟས་གསོལ་སྟོན་སོགས་བཤམས་ཡོད་འདུག  

ཨ་རིའི་ཝེར་ཇི་ནི་ཡཱ་ (Virginia) མངའ་སྡེ་བོད་རིཊ་ཚོགས་པའི་གོ་སྒྲིག་འོག ཚེས་ ༦ ཉིན་ཁུལ་དེའི་བོད་ཀྱི་བཀྲ་ཤིས་ཆོས་ཚོཊ་ཚོཊ་ཁང་དུ་བོད་པ་དང་ས་གནས་ཡུལ་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་སྟེང་ཚོགས་ཞུགས་པ་ཚོས་༸རྒྱལ་བའི་སྐུ་པར་ལ་མཇལ་དར་བསྒྲོན་འབུལ་གནང་རྗེས། དུས་འཁོར་ཚོགས་མཆོད་ཡེ་ཤེས་དང་། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས། རིས་མེད་བསྟན་རྒྱས་སྨོན་ལམ། སྐུའི་རླུང་རྟ་འཕྲོད་སྦྱོར་གྱི་དར་ལྕོག་སྒྲེང་འཛུགས་བཅས་གནང་ཡོད་ལ། མཇུག་ཏུ་མང་ཚོགས་ལ་གླུ་གཞས་གཟིགས་འབུལ་དང་གསོལ་སྟོན་བཤམས་ཡོད་འདུག 

འཇར་མན་ཧེ་སན་ས་གནས་བོད་རིཊ་ཚོགས་པའི་གོ་སྒྲིག་འོག ཚེས་ ༦ ཉིན་འཇར་མན་གྲོང་ཁྱེར་ (Frankfurt) ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པའི་ཚོཊ་ཁང་དུ། དཔལ་ས་སྐྱའི་གདུང་སྲས་མཆོག་གཙོས་འཇར་མན་བོད་ཀྱི་གྲོཊ་པོ་དང་ས་གནས་བོད་པ་སོཊ་ཁྱོན་མི་ ༥༠ ལྷག་འདུ་འཛོམས་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། སྐབས་དེར་མང་ཚོཊ་ཀྱིས་༸རྒྱལ་བའི་ཞབས་བརྟན་དང་བསངས་གསོལ་བཏང་རྗེས། དཔལ་ས་སྐྱའི་གདུང་སྲས་མཆོག་གིས་ཉེ་ཆར་གསར་འཛུཊ་གནང་བའི་༼ཤེས་རབ་གླིང་༽སློབ་གྲྭ་དབུ་འབྱེད་རབ་གནས་དང་འབྲེལ། ནུབ་གླིང་དུ་བོད་པའི་སློབ་གྲྭ་གསར་རྒྱག་གནང་བར་བསྔགས་བརྗོད་དང་། མ་འོངས་པར་བྱིས་པ་ཆོས་བོད་ཡིག་ལ་དོ་སྣང་བྱ་དགོས་པའི་གཏམ་བཤད་སྤེལ་ཡོད་འདུག

 

བྷེལ་ཇམ་བོད་རིཊ་ཚོགས་པའི་གོ་སྒྲིག་འོག ཚེས་ ༧ ནས་ ༩ ཉིན་བར་བྷེལ་ཇམ་སྦར་སིལ་དང་ཨན་ཁྲིར་ཕན། ལཱ་ཧོ་སི་ས་གནས་བཅས་སུ་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོར་བོད་མིའི་སྒྲིག་འཛུཊ་བདེ་སྲུང་བཀའ་བློན་འབྲོམ་ཆུང་དངོས་གྲུབ་མཆོག་གཙོས། སྐུ་ཚབ་དོན་གཅོད་གསར་པ་དངོས་གྲུབ་རྡོ་རྗེ་ལཊ་དང་། ས་གནས་བོད་རིགས་ཚོཊ་པ། དེ་བཞིན་བོད་པ་དང་ས་གནས་ཡུལ་མི་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་ལ། འཁྲུངས་སྐར་སྐབས་བདེ་སྲུང་བཀའ་བློན་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་དང་། ས་གནས་བོད་མི་ཚོས་གཞས་སྣ་འཁྲབ་སྟོན་དང་ཡིག་ཆ་འགྲེམས་སྤེལ། བགྲོ་གླེང་ཚོཊ་འདུ་བཅས་གནང་ཡོད་འདུག

 

ཚེས་ ༦ ནས་ ༧ ཉིན་བར་སུད་སི་རི་ཀོན་དགོན་དུ་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གཙོས་ཡུ་རོབ་སྤྱི་འཐུས་དང་སྐུ་ཚབ་དོན་གཅོད། བླ་སྤྲུལ་དགེ་བཤེས་དང་ས་གནས་འཐུས་ཚོཊ། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་མང་ཚོགས་བཅས་ཁྱོིན་མི་ ༣༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག སྐབས་དེར་མང་ཚོགས་ཀྱི་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་རྗེས། དགོན་པའི་དགེ་འདུན་པ་ཚོས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་བདེན་ཚིག་སྨོན་ལམ་སྐྱོར་ཡོད་ཅིང་། མཇུག་ཏུ་སུད་སི་སྟོད་པ་སྐྱིད་སྡུག་གཙོས་ཚོགས་སྐྱིད་ཁག་ཅིག་གིས་གཞས་སྣ་གཟིགས་འབུལ་ཞུས་ཡོད།

ཚེས་ ༧ ནས་ ༨ ཉིན་ལྷོ་ཨ་ཧྥི་རི་ཁའི་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་མདུན་ཐང་དུ། བོད་པ་དང་ས་གནས་མི་དམངས་བརྒྱ་ཕྲག་ལྷག་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་གསར་པ་མི་འགྱུར་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། ༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་གནང་ཡོད་ལ། ལམ་རིམ་ཆོས་ཚོཊ་ཀྱི་དགེ་བཤེས་ངག་དབང་བདེ་ལེཊ་ཀྱིས། ༸རྒྱལ་བ་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་མཛད་རྣམ་དང་། ལྷོ་ཨ་ཧྥི་རི་ཁའི་ཡི་ཤུ་ཆོས་དཔོན་ཌི་སི་མོན་ཊུ་ཊུ་མཆོག་བཞུཊ་སྒར་ངྷ་སར་ཕེབས་པའིབརྙན་པར་གཟིགས་འབུལ་གནང་ཡོད།

ཚེས་ ༧ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིག་ནེ་(Sydney) དང་ཀེན་བྷེར་ར། (Canberra) མེལ་བྷོན་(Melbourne) བཅས་དང་། ནེའུ་ཛི་ལན་ཌིའི་གྲོང་ཁྱེར་ཁི་རུ་སི་ཆར་ཅི་ (Christchurch)ནང་འཁྲུངས་སྐར་སྲུང་གནང་ཡོད་ལ། མཛད་སྒོར་སྐུ་ཚབ་དོན་གཙོད་དྭཊ་པོ་བསོད་ནམས་ནོར་བུ་ལཊ་དང་། པོ་ལན་ཌིའི་གཞུང་ཚབ། ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོཊ། བཀའ་ཟུར་དཔལ་འབྱོར་ཚེ་རིང་། ཨོ་སི་ཊོ་ལི་ཡའི་བོད་ཁང་དྲུང་ཆེ་དང་བླ་སྤྲུལ་དགེ་བཤེས་དང་ས་གནས་བོད་རིཊ་མི་མང་ ༤༠༠ ཙམ་འདུ་འཛོམས་ཐོག ཞབས་བརྟན་གསོལ་འདེབས་དང་བསངས་གསོལ་དར་འཛུཊ། གཞས་སྣ་འཁྲབ་སྟོན་སོགས་གནང་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༦ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 1

  1. གངས་འདབས། says:
    ལོ་ 14 སྔོན།

    གསར་འགོད་པ་དཔལ་ལྡན་ལགས།
    རྗར་མེ་ནི་Frankfurtརུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ཤེས་རབ་གླིང་སློབ་གྲྭ་སྒོ་ཕྱེས་བྱས་པ་གཉིས་ཀར་རྗར་འཁོད་བོད་རིགས་ཚོགས་པའི་ས་གནས་ཧེ་སན་ཚོགས་ཆུང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་ཐུན་མོང་ནས་གོ་སྒྲིག་བྱས་པ་གཅིག་ཡིན་པ་ལས་ས་གནས་བོད་རིགས་ཚོགས་ཆུང་ཁོ་ནས་གོ་སྒྲིག་བྱས་པ་གཅིག་མ་རེད། གསར་འགྱུར་ཆ་ཚང་བཏང་བ་དེ་ལ་་ནན་གཏན་གཟིགས་གནང་ནས་ཕྱོགས་སྒྲིག་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། མཐར་གསར་འགྱུར་ཕྱོགས་སྒྲིག་གནང་བ་དང་། མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ།

    ཟླ་བ་བདུན་པའི་ཚེས་དྲུག་ནས་ཚེས་བརྒྱད་བར་ང་ཚོས་འཁྲུངས་ལྷ་དབྱར་གསོལ་དང་། སྦྲགས་དབྱར་སྐྱིད་བཏང་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese