མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཌེ་བའེ་ལིར་སི་བཀག་བསྐྱིལ་བྱས་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཧྥ་རན་སིའི་གཞུང་ཚབ་མི་སྣས་ཌེ་བའེ་ལིར་སི་བཀག་བསྐྱིལ་ཁང་མ་ཡིན་པའི་མཐུན་རྐྱེན་ལེགས་པའི་ས་ཆ་ཞིག་ཏུ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་ཏུ་གནས་སྡོད་ཧྥ་རན་སི་གཞུང་ཚབ་མི་སྣས་གསར་ལམ་ཁག་ཏུ་བརྗོད་དོན། བདུན་ཕྲག་སྔོན་མའི་མཇུག་ཙམ་ལ་ཧྥ་རན་སིའི་འབྲེལ་ཡོད་གཞུང་ཚབ་མི་སྣ་ཆེད་དུ། ཉེ་ཆར་ཁམ་བྷོ་ཌི་ཡཱ་ནས་རྒྱ་ནག་ནང་ཁྲིད་ཡོད་པའི་ཧྥ་རན་སིའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་(Patrick Henri Devillers)ལ་ཐུག་འཕྲད་དུ་བསྐྱོད་ཡོད་ལ།  ད་ལྟའི་ཆར་ཁོ་རང་བཀག་བསྐྱིལ་ཁང་མ་ཡིན་པའི་མཐུན་རྐྱེན་ལེགས་པའི་ས་ཆ་ཞིག་ཏུ་ཡོད་སྐོར་བརྗོད་འདུག 

ཧྥ་རན་སིའི་བཟོ་བསྐྲུན་པ་ཌེ་བའེ་ལིར་སི་ནི་པའོ་ཞིས་ལའེ་དང་པའོ་ཡི་ཆུང་མ་ཀུའུ་ཁའེ་ལའེ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད།  དེ་སྔོན་ཀུའུ་ཁའེ་ལའེ་དང་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་འདུག  ༢༠༠༥ ལོར་ཁོ་རང་རྒྱ་ནག་དང་ཁ་བྲལ་ཏེ་འདས་པའི་ལོ་ ༦ རིང་ཁམ་བྷོ་ཌི་ཡཱའི་ནང་གདན་སྡོད་བྱས་ཡོད་པ་རེད།

ཟླ་སྔོན་མའི་ནང་རྒྱ་གཞུང་གིས་སྐུལ་འདེད་ལྟར་ཁམ་བྷོ་ཌི་ཡཱ་གཞུང་གིས་ཧྥ་རན་སིའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་འཇུ་བཟུང་གིས་ཟླ་གཅིག་ལྷག་རིང་བཀག་བསྐྱིལ་བྱས་མཐར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ལ་རྩིས་སྤྲོད་ཀྱིས་ཧྲང་ཧེ་གྲོང་ཁྱེར་དུ་ཁྲིད་ཡོད་པ་མ་ཟད། པའོ་ཚང་གི་རུལ་སུངས་ཉེས་དོན་དང་འབྲེལ་བའི་གནད་དོན་ཁ་ཤས་ཐད་བདེན་དཔང་ཆེད་ཕྱིན་པ་བརྗོད་ཡོད། ཡིན་ནའང་། རྒྱ་ནག་ཏུ་སླེབས་རྗེས་ཌེ་བའེ་ལིར་སི་ལ་ལྟ་རྟོག་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོ་གྱོད་དོན་དེའི་ཁྲོད་ཚུད་ཡོད་མེད་ཐད་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཁམ་བྷོ་ཌི་ཡཱ་ཉེན་རྟོག་སྡེ་ཁག་གིས་གཞུང་འབྲེལ་དྲ་རྒྱའི་སྟེང་། ཧྥ་རན་སིའི་བཟོ་སྐྲུན་པ་ཌེ་བའེ་ལིར་སི་ལ་བཅར་འདྲི་བྱས་པའི་བརྙན་ཐུང་ཞིག་སྤེལ་བའི་ནང་། ཐོབ་ཐང་མི་གསལ་བའི་བཅར་འདྲི་གནང་མཁན་ཞིག་ལ། ཌེ་བའེ་ལིར་སི་ཡིས་ཁོ་རང་མོས་ཐོག་རྒྱ་ནག་ཏུ་བསྐྱོད་འདོད་ཡོད་པ་དང་།  ཁམ་བྷོ་ཌི་ཡཱ་གཞུང་གིས་ཁོ་རང་གློད་པར་ཐུགས་རྗེ་ཆེ་ཞུས་འདུག ད་དུང་བརྙན་ཐུང་དེའི་ནང་ཧྥོན་ཕེན་(Phnom Penh)གནམ་ཐང་དུ་ཁོས་རང་ཉིད་ཀྱི་དཔང་ཡིག་ཞིབ་བཤེར་བརྒྱུད་རྒྱ་ནག་ཏུ་བསྐྱོད་ཀྱིན་པ་གསལ་སྟོན་བྱས་ཡོད་པ་རེད།

ཁམ་བྷོ་ཌི་ཡཱ་ཉེན་རྟོག་པས་གསར་ལམ་ཁག་ཏུ་བརྙན་ཐུང་དེ་ཡིས། ཌེ་བའེ་ལིར་སི་ལ་གནོན་ཤུགས་གང་ཡང་སྤྲད་མེད་པར་རང་མོས་ཐོག་རྒྱ་ནག་ཏུ་ཕྱིན་བ་བདེན་དཔང་བྱས་ཡོད་པ་བརྗོད་ཡོད།  དེ་བཞིན། ཁམ་བྷོ་ཌི་ཡཱའི་གཞུང་འབྲེལ་དཔོན་རིགས་དང་། ཁམ་བྷོ་ཌི་ཡཱར་གནས་སྡོད་ཧྥ་རན་སིའི་གཞུང་ཚབ་མི་སྣས་ཀྱང་དེ་ནི་ཌེ་བའེ་ལིར་སི་རང་ཉིད་ཀྱི་འདོད་མོས་ལྟར་སྒྲུབ་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད།

ཌེ་བའེ་ལིར་སི་ཡིས་པའོ་ཞིས་ལའེ་ཡི་ཆུང་མ་ཀུའུ་ཁའེ་ལའེ་ལ་མ་དངུལ་ཕྱིར་གཏོང་བསྡུ་ཉར་ཐད་རོགས་འདེགས་བྱས་ཡོད་ལ། ཀུའུ་ཁའེ་ལའེ་ཡིས་ཕྱིའི་རྒྱལ་ཁབ་ཁག་ནང་བསྡུ་ཉར་བྱས་ཡོད་པའི་ཁྲིམས་མཐུན་མིན་པའི་ལྐོག་དངུལ་ཨ་སྒོར་དུང་ཕྱུར་ ༦༠ ལ་སླེབས་ཡོད་པ་རེད། པའོ་ཚང་གི་གནད་དོན་དེ་དཔལ་འབྱོར་ཁོ་ན་ཞིག་མ་ཡིན་པར། རྒྱ་གཞུང་དཔོན་རིགས་ནང་ཁུལ་དབང་ཤུགས་འཐབ་རྩོད་ཀྱི་གཞི་རྩ་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱ་ནག་ཧུའུ་ཝིན་སྲིད་གཞུང་གིས་ཌེ་བའེ་ལིར་སི་ཡིས་པའོ་ཞིས་ལའེ་དང་ཀུའུ་ཁའེ་ལའེ་ཡི་ཕྱིར་གཏོང་ལྐོག་དངུལ་གསལ་འདོན་ཐད་རོགས་འདེགས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. གནས་ཚང་། says:
    ལོ་ 14 སྔོན།

    ཨ་སྒོར་དུང་ཕྱུར ༦༠ཟེར་བ་དེ་བཤད་སྟངས་ཤིག་རེད་མ་གཏོགས་ད་ལྟའི་ཆར་ཁུངས་སྐྱེལ་བྱེད་ཐུབ་ཡོད་པ་མ་རེད། དེ་བས། རང་དབང་གི་གསར་ཁང་ཞིག་ལ་མཚོན་ན། དོགས་གཞི་ཡོད་པའི་ལམ་ནས་གསར་འགྱུར་སྤེལ་རྒྱུ་ཧ་ཅང་གི་གལ་ཆེན་རེད་ལ། ང་རང་ཚོས་ཀྱང་དོན་དག་གསལ་བོ་ཤེས་ཐུབ་ཀྱི་རེད།

    རྒྱ་ནག་གཞུང་ལ་མཚན་ན། ཏིན་གྱི་ནང་ཚང་། ལིས་ཕིང་གི་ནང་ཚང་། ཧོའུ་ཅིན་ཐའོ་ཡི་ནང་ཚང་། ཝུན་ཅཱ་པོ་ཡི་ནང་ཚང་བཅས་ལ་ཨ་སྒོར་དུང་ཕྱུར་བརྒྱ་ཕྲག་མང་བོ་ཡོད་པའང་དངོས་ཡོད་གནས་ཚུལ་རེད།

    སྐབས་ཐོག་འདིར་བོད་ཅིག་གི་ཐད་ནས་བཤད་ན། པོ་ཞི་ལེ་ནག་པོ་ཡིན་མིན་དེ་གཙོ་བོ་མིན་པར་གཞན་དག་ཀྱང་ནག་པོ་ཡིན་པ་གཙོར་འདོན་གནང་བ་ཡིན་ན། བོད་མིས་ཡུན་རིང་སེམས་ལ་་བརྣག་པའི་དོན་ཆེན་དེ་ཁོ་རང་ཚོའི་ནང་འཁྲུག་གིས་འགྲུབ་སྲིད་ཀྱང་ངེས་པས། ཀླད་ཞོ་ཅུང་ཙམ་ཅུང་ཙམ་དཀྲུགས་དཀྲུགས་རེ་གནང་བའི་དུས་ལའང་སླེབས་ཟིན་པ་མ་ཡིན་ནམ།

    སྐད་ཆ་འདི་ཚང་མ་ལོར་བཤད་ཀྱི་ཡོད་མ་གཏོགས་གསར་འགོད་པར་ཆེད་དུ་སྨྲས་པ་ཞིག་མིན་ཞེས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese