མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་བ་གསུམ་ལྷག་རིང་དང་ཞབས་ཕེབས་མཁན་ཁྱད་ལས་པ་ ༦ ཐོན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བཀའ་ཤག་གསར་བའི་ངོས་ནས་བོད་མིའི་དང་བླངས་ཞབས་ཞུའི་ལས་གཞི་གསར་པ་ཞིག་མགོ་འཛུགས་གནང་ཡོད་པ་དང་། ལྷན་ཁང་ཁག་བདུན་ནང་དང་བླངས་ཞབས་ཞུའི་ས་མིག་ ༢༢ གསལ་བསྒྲགས་བསྐྱངས་ཡོད་སྟབས། འདི་གའི་གསར་འགོད་པས་ལས་གཞི་དེའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་སུ་བཅར་འདྲི་ཞུས་ཡོད། 

    དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་དང་ཞབས་ལས་གཞི་འདི་གསར་འཛུགས་ཀྱི་ཐོག་མའི་བསམ་བློ་དེ་ཇི་ལྟར་འཁོར་བ་རེད་དམ། 

    ལན། དང་ཞབས་ལས་གཞི་གསར་འཛུགས་ཐད་ཀྱི་ཐོག་མའི་བསམ་འཆར་ནི། ༢༠༠༩ ལོར་ཨ་རིའི་ནེའུ་ཡོག་ཏུ་བོད་པའི་ཁྱད་ལས་པའི་ཚོགས་འདུ་ཞིག་ཚོགས་ཏེ། བྱང་ཨ་རིའི་ནང་ཡོད་པའི་བོད་པའི་ཁྱད་ལས་པ་ ༢༠༠ ལྷག་འདུ་འཛོམས་བྱུང་པ་རེད། དེ་དུས་དང་བླངས་ཞབས་ཞུའི་ལས་གཞིའི་སྐད་ཆ་ཐོག་མར་བྱུང་སོང་། དཔེ་ལེན་ས་ནི་ཨ་རིའི་ནང་ཡོད་པའི་དང་ཞབས་ལས་གཞི་རེད། ད་ལྟའི་ཆར་བཀའ་ཤག་གསར་བའི་ལོ་དང་པོའི་ལས་གཞི་གལ་ཆེ་གྲས་སུ་བཞག་སྟེ་མགོ་བཙུགས་པ་རེད། དམིགས་ཡུལ་ནི་ང་ཚོ་བཙན་བྱོལ་བོད་མི་རྣམས་རྒྱལ་ཁབ་སུམ་ཅུ་སོ་གྲངས་ནང་ཁ་འཐོར་ནས་བསྡད་ཡོད་པ་རེད། སྤྱིར་བཏང་སྒྲིག་འཛུགས་ཨ་མ་དྷ་རམ་ས་ལར་ཡོད་པ་དང་། དེའི་འགན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པས་འཁྱེར་གྱི་ཡོད་ཀྱང་། དེ་ལ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་པའི་ཁྱད་ལས་པ་ཚོས་ཀྱང་སོ་སོའི་ཤེས་ཚད་དང་དཔག་པའི་སྒོ་ནས་དང་བླངས་ཞབས་ཞུ་བསྒྲུབ་ཐུབ་པ་ཡིན་ན། སོ་སོར་མཚོན་ནའང་གོ་སྐབས་ཤིག་རག་པ་རེད་ལ། སྒྲིག་འཛུགས་ལ་མཚོན་ནའང་ལས་དོན་ཞིག་འགྲུབ་འགྲོ་བ་རེད། 

    དྲི་བ། ཁྱོད་ཚོའི་ངོས་ནས་ལས་གཞི་གསར་བ་འདི་ལེགས་འགྲུབ་ཡོང་རྒྱུར་རེ་བ་དང་དམིགས་ཡུལ་ག་འདྲ་ཞིག་རྒྱག་གི་ཡོད།

    ལན། ལས་གཞི་འདི་གལ་ཆེན་རེད་བསམ་གྱི་ཡོད། ད་ལྟའི་ཆར་བོད་སྤྱི་ཚོགས་ནང་ཆེད་ལས་སློབ་སྦྱོང་ཐོན་མཁན་དང་ཤེས་ཡོན་ཅན་གང་འཚམ་ཡོད་པ་རེད། མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་འདོད་ཡོད་ཀྱང་། ཇི་ལྟར་གནང་དགོས་པའི་ལམ་ཁ་རྙེན་གྱི་ཡོད་པ་མ་རེད། དེ་ང་རང་གི་ཉམས་མྱོང་ཐོག་ནས་ཤེས་རྟོགས་བྱུང་། སྔོན་མ་མི་ཁ་ཤས་དྷ་རམ་ས་ལར་སླེབས་རྗེས་ཕྱོགས་གཉིས་ཆའི་ཐོག་ནས་ཡག་པོ་མ་བྱུང་བར་ཕྱིར་ལོག་དགོས་བྱུང་བ་དེ་འདྲ་འདུག ད་ལྟ་ལས་གཞི་གསར་བ་ཡིན་སྟབས་རྒྱ་ཆེ་དྲགས་ན་ལས་ཀ་འཐོར་འགྲོ་བ་རེད། གོམ་པ་དང་པོ་དེ་སྒྲིག་འཛུགས་དང་སློབ་གྲྭ་ཁག་ཅིག་ནང་རྒྱག་ཐུབ་ན་བསམ་གྱི་ཡོད། ཡག་པོ་བྱུང་བ་ཡིན་ན་རིམ་གྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་དང་ཞབས་པའི་ས་མིག་འབུལ་འཆར་ཡོད། ས་མིག་བཟོ་སྟངས་ཐད་ནས་ཀྱང་ལྷན་ཁང་སོ་སོའི་ངོས་ནས་ལས་གཞི་ག་རེའི་སྟེང་བླངས་པ་དགོས་མིན་ཚུར་རེ་སྐུལ་ཞུས་པ་གཞིར་བཟུང་། ང་ཚོས་དང་ཞབས་པའི་ས་མིག་བཟོས་ཏེ་དྲ་རྒྱའི་ནང་ལྡུག་གི་ཡོད། འདི་ལོར་དང་ཞབས་པ་བདུན་བརྒྱད་ཅིག་བསླེབ་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད།

    དྲི་བ། དང་ཞབས་པའི་འོས་ཆས་ཁྲོད་བོད་རིགས་ཤིག་ཡིན་དགོས་པའི་ཆ་རྐྱེན་བཏོན་འདུག ཁྱོད་ཚོའི་ངོས་ནས་བོད་རིགས་ཡིན་མིན་གྱི་ཚད་ཐིག་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད། 

    ལན། ལས་གཞི་འདིའི་མིང་ལ་བོད་མིའི་དང་བླངས་ཞབས་ཞུ་ཞེས་བཏགས་ཡོད་པ་ལྟར་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ། བོད་རིགས་ཡིན་པ། གཉིས་པ། ཁྱད་ལས་པ་དང་མཐོ་སློབ་འགྲོ་མཁན་ཡིན་པ། གསུམ་པ། དང་བླངས་ཐོག་ཕྱག་ལས་གནང་མཁན་བཅས་རེད། ཕ་མ་གཉིས་ཀྱི་གཅིག་བོད་པ་ཡིན་ནའང་འགྲིག་གི་རེད་ལ། དེ་བཞིན། ༡༩༥༩ ལོའི་ཡར་སྔོན་ནས་རྒྱ་གར་ནང་ཕེབས་མཁན་ཡིན་ནའང་། སོ་སོའི་མི་རྒྱུད་དེ་བོད་པ་ཡིན་པ་ཁུངས་སྐྱེལ་ཐུབ་ན་འགྲིག་གི་རེད། རང་བཙན་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ལྟ་བུའི་ཆ་རྐྱེན་གང་ཡང་མེད། སྤྱིར་བཏང་དང་ཞབས་ཀྱི་ཕྱག་ལས་གནང་སྟངས་གསུམ་ཡོད། གཅིག དྷ་རམ་ས་ལར་ཚུར་ཕེབས་ཏེ་དང་ཞབས་ཕྱག་ལས་གནང་རྒྱུ། གཉིས། གཞིས་ཆགས་ཁག་ནང་བསྐྱོད་དེ་དང་ཞབས་ཕྱག་ལས་གནང་རྒྱུ། གསུམ་པ། སོ་སོ་བཞུགས་ཡུལ་རང་ལ་བསྡད་དེ་བརྒྱུད་ལམ་སྣ་ཚོགས་ཐོག་ནས་དང་ཞབས་ཕྱག་ལས་གནང་རྒྱུ་བཅས་རེད། དེ་བཞིན། དང་ཞབས་པར་ཡང་གནས་རིམ་གསུམ་དུ་བགར་ཡོད། གཅིག ད་ལྟ་མཐོ་སློབ་ཏུ་འགྲོ་བཞིན་པ། གཉིས། ཁྱད་ལས་པའི་སློབ་སྦྱོང་ཐོན་མཁན། གསུམ། ཁྱད་ལས་པ་ཡིན་པ་གཞིར་བཞག་ཐོག་ལོ་ ༢༠ ལྷག་གི་ཉམས་མྱོང་ཡོད་པའི་མཁས་དབང་བཅས་ཡིན། 

    དྲི་བ། ཉེ་ཆར་དྲ་རྒྱའི་སྟེང་དང་ཞབས་པའི་ས་མིག་ ༢༡ ཁྱབ་བསྒྲགས་བྱས་པ་ལྟར། ད་ལྟའི་ཆར་ས་མིག་དེ་དག་ནང་དངོས་སུ་ཕྱག་ལས་གནང་བར་ཕེབས་མཁན་ག་ཚོད་བྱུང་ཡོད་དམ།

    ལན། དེ་སྔོན་དྲ་རྒྱའི་ནང་གསལ་བསྒྲགས་བྱས་ཟིན་པའི་ས་མིག་ ༢༡ ཡོད་པའི་ཐོག དྲ་རྒྱའི་ནང་བླུགས་མེད་པར་ཉེ་ཆར་ལྷན་ཁང་ཁག་དང་འབྲེལ་བ་གནང་སྟེ་ཐོན་པའི་ས་མིག་ ༣ ཡོད། ད་ལྟའི་ཆར་གཏན་འཁེལ་ཟིན་པའི་དང་ཞབས་པ་ ༦ སླེབས་སོང་། དང་པོ། ཨ་རི་ནས་ཕེབས་པའི་ཤེས་རབས་མཚོ་མོ་ལགས་ནི་རྩིས་ཀྱི་ཐོག་ཁྱད་ལས་སློབ་སྦྱོང་ཐོན་མཁན་རེད། ཁོ་མོས་ཟླ་ ༣ རིང་རྩིས་ཞིབ་ལས་ཁུངས་ནང་དང་ཞབས་ཞུས་ཏེ་ཕྱིར་ཕེབས་ཚར་བ་རེད། གཉིས་པ། དབྱིན་ཡུལ་ལོན་ཌོན་ནས་སླེབས་པའི་ཁའེ་རའོ་ལིན་བློ་བཟང་ལགས་ནི་ཁྲིམས་ལུགས་ཐོག་ཁྱད་ལས་སློབ་སྦྱོང་ཐོན་མཁན་རེད། ཁོང་གི་ཕ་བོད་པ་དང་མ་དབྱིན་ཇི་རེད། ཁོང་གིས་སྐུ་སྒེར་ཡིག་ཚང་དུ་ལས་གཞི་འདྲ་མིན་ཐད་འཆར་འགོད་འབྲི་བཞིན་ཡོད་ལ། ད་ལྟ་ཕྱག་ལས་མགོ་བཙུགས་ནས་ཟླ་ ༡ ལྷག་འགྲོ་བཞིན་ཡོད། གསུམ་པ། ཨ་རིའི་བྷོ་སི་ཊོན་དུ་གནས་བཞུགས་བསྟན་འཛིན་སྙིང་རྗེ་ལགས་རེད། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཐད་ཁྱད་ལས་སློབ་སྦྱོང་ཐོན་མཁན་རེད། ཁོང་དྷ་རམ་ས་ལར་དངོས་སུ་ཕེབས་ཡོད་པ་མ་རེད། དྲ་ལམ་དང་ཁ་པར་བརྒྱུད་བདུན་ཕྲག་རེའི་ནང་ཆུ་ཚོད་ ༢༠ རིང་བོད་གཞུང་གློག་ཀླད་སྡེ་ཚན་ལ་དང་ཞབས་གནང་མགོ་བཙུགས་ཏེ་ཟླ་ ༡ ཙམ་འགྲོ་བཞིན་ཡོད། བཞི་བ། བལ་ཡུལ་སྦོག་ར་གཞིས་ཆགས་ནས་ཡིན་པའི་བསྟན་འཛིན་འཇིགས་མེད་ལགས་རེད། དབང་བོ་སྐྱོན་ཅན་གྱི་སྨན་བཅོས་ཐོག་ཁྱད་ལས་སློབ་སྦྱོང་ཐོན་མཁན་རེད། ཁོང་གིས་མོན་གྷོ་ཊི་བོད་མིའི་འཕྲོད་བསྟེན་སྨན་ཁང་ནང་ཟླ་ ༣ རིང་དང་ཞབས་གནང་བཞིན་ཡོད་པ་རེད། ལྔ་བ། ཁེ་ན་ཊ་ནས་ཡིན་པའི་ཧྥེ་ནའེ་བྷོ་ཞི་ལགས་རེད། ད་ལྟ་མཐོ་སློབ་འགྲིམ་བཞིན་པ་ཞིག་རེད། ཕྱི་ཟླ་ ༨ མཇུག་ཙམ་ལ་ཕྱི་དྲིལ་ལས་ཁུངས་ནང་ཕེབས་ཏེ་ཟླ་ ༤ རིང་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་གནང་རྒྱུ་རེད། ཁོང་མོ་འདི་ལོའི་དང་ཞབས་པའི་ཁྲོད་ཀྱི་ལོ་ཆུང་ཤོས་ཆགས་འདུག དྲུག་པ། ༸གོང་ས་མཆོག་གི་སྐུའི་གསུང་བསྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་རེད། ཁོང་ང་ཚོས་གདན་ཞུ་ལྟར་ཤེས་རིག་ལས་ཁུངས་སུ་ལས་གཞི་གསར་བ་ཞིག་ཡོད་པ་དེར་སློབ་སྟོན་གྱི་ཕྱག་ལས་གནང་གི་ཡོད། ཁོང་དྷ་རམ་ས་ལར་ཕེབས་ཡོད་པ་མ་རེད། སོ་སོའི་བཞུགས་ཡུལ་རང་དུ་སློབ་སྟོན་ཕྱག་ནས་གནང་གི་ཡོད། དེ་མིན། ཉེ་སྔོན་ཨ་རིའི་བོད་རིགས་གཞོན་སྐྱེས་བརྙན་སྦྱོར་ཐོག་ཁྱད་ལས་སློབ་སྦྱོང་ཐོན་མཁན་ཞིག་གིས་ཀྱང་། ཕྱི་ཟླ་ ༡༠ ནང་ཕྱི་དྲིལ་ལས་ཁུངས་ཀྱི་བོད་པའི་དྲ་བརྙན་ཐོག་ཕྱག་ལས་གནང་རྒྱུ་ཕལ་ཆེར་གཏན་ཁེལ་སོང་།

    དྲི་བ། དང་ཞབས་ཕྱག་ལས་གནང་བར་ཕེབས་མཁན་རྣམས་ཀྱིས་ལས་གཞི་འདི་ཤེས་རྟོག་ཅི་ལྟར་བྱུང་འདུག 

ལན། ཁྱད་ལས་མཁས་དབང་གནས་རིམ་རྣམས་ལ། ང་ཚོའི་སྔོན་མའི་འཆར་གཞི་གཞིར་བཟུང་ཕར་འབྲེལ་བ་ཞུས་པ་ཡིན། དེ་མིན་གཞན་པའི་ཁྱད་ལས་དང་ཞབས་པ་ཁ་ཤས་ཀྱིས་དྲ་རྒྱའི་ཐོག་མཐོང་སྟེ་ཚུར་འབྲེལ་བ་གནང་མཁན་དང་། ཡང་ཁ་ཤས་ཤིག་ང་རང་ཉེ་ཆར་ཨ་རི་དང་ཁེ་ན་ཊའི་ས་གནས་ཁག་བདུན་ནང་ཕྱིན་སྐབས། དང་ཞབས་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་བཅས་ལ་བརྟེན་ནས་ཚུར་འབྲེལ་བ་ཞུ་མཁན་སོགས་རེད། ལས་གཞི་འདི་ཤེས་རྟོགས་ཡོང་རྒྱུའི་ཐད་རིམ་གྱིས་ལམ་ཁ་མང་པོ་ཞིག་ཆགས་ཡོང་གི་རེད་བསམ། ད་ལྟ་དང་ཞབས་གནང་བཞིན་པ་རྣམས་ཕར་ལོག་རྗེས། ཁོང་ཚོ་བརྒྱུད་དེ་སྤྱི་ཚོགས་ནང་ཁྱབ་བསྒྲགས་འགྲོ་ངེས་རེད། མ་འོངས་པར་ལས་གཞི་འདི་ཁྱབ་བསྒྲགས་ཀྱི་བརྒྱུད་ལམ་ཡག་ཤོས་ནི་དང་ཞབས་པ་རྣམས་ཆགས་རྒྱུ་རེད་བསམ།

    དྲི་བ། དང་ཞབས་ལས་གཞི་འདི་ཁྱབ་བརྡལ་ཡོང་ཐབས་ཐད་ཁྱེད་ཚོའི་ངོས་ནས་ཁྱབ་བསྒྲགས་ཀྱི་ལས་འཆར་ག་རེ་གནང་རྩིས་ཡོད།

    ལན། མ་འོངས་པར་བཀའ་ཤག་གི་ངོས་ནས་བོད་པའི་ཆེད་ལས་ཚོགས་འདུ་ཁག་གསུམ་འཚོགས་རྒྱུ་རེད། བྱང་ཨ་རིར་ཡོད་པའི་བོད་པའི་ཁྱད་ལས་པའི་ཚོགས་འདུ་དང་། ཡུ་རོབ་ཁུལ་དུ་ཡོད་པའི་བོད་པའི་ཁྱད་ལས་པའི་ཚོགས་འདུ། རྒྱ་གར་ནང་ཡོད་པའི་བོད་པའི་ཁྱད་ལས་པའི་ཚོགས་འདུ་བཅས་འཚོགས་རྒྱུ་རེད། ཚོགས་འདུའི་ཐོག་དང་ཞབས་ལས་གཞི་ཁྱབ་བསྒྲགས་བྱ་རྒྱུའི་འཆར་གཞི་ཡོད། དེ་མིན། ང་ཚོའི་སྤྱི་ཚོགས་ནང་མཐོང་དང་སྐད་གྲགས་ཡོད་པའི་མི་རྒན་པ་ཚོའི་ངོས་ནས་སྐར་ཆ་ ༣༠ རེའི་ནང་ལས་གཞི་འདིའི་ནང་མཉམ་ཞུགས་ཡོང་རྒྱུར་སྐུལ་འདེད་ཀྱི་བཀའ་སློབ་གསུང་བཤད་ཀྱི་བརྙན་རིས་ཕྱོགས་བསྒྲིགས་བྱས་ཏེ། དང་ཞབས་ལས་གཞིའི་དྲ་རྒྱ་དང་བོད་གཞུང་དྲ་བརྙན། བོད་གཞུང་དྲ་རྒྱ་སོགས་ཀྱི་སྟེང་བཞག་སྟེ་སྤྱི་ཚོགས་ནང་ཁྱབ་བསྒྲགས་ཡོང་ཐབས་དང་། ཁྱབ་བསྒྲགས་སྐོར་གྱི་དེབ་སོགས་འདོན་རྒྱུའི་བསམ་བློ་གཏོང་གི་ཡོད། ཡིན་ནའང་། དེ་དག་ད་ལྟ་གཞི་ནས་འཆར་གཞི་བསྒྲིག་རྒྱུའི་རིགས་ཡིན། 

    དྲི་བ། འདིར་ཕེབས་མཁན་དང་ཞབས་པ་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་ག་རེ་ཞུ་བཞིན་ཡོད། 

    ལན། ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་དང་ཞབས་གྲས་ནས་བཞུགས་ས་མེད་མཁན་ཚོར་བཞུགས་ས་དང་། འདིར་ཕྱག་ལས་གནང་བའི་རིང་ཟླ་རེར་ལག་དངུལ་ཨ་སྒོར་ ༡༠༠ འབུལ་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད། དེ་བཞིན། ལྷན་ཁང་ཁག་སོ་སོ་ནས་དང་ཞབས་སྐབས་ཕྱག་ལས་དང་འབྲེལ་བའི་འགྲོ་བསྐྱོད་ཐད་མཐུན་འགྱུར་གནང་གི་རེད། ཡིན་ནའང་། དང་ཞབས་པ་རྣམས་འདིར་ཕེབས་རྗེས་ཞོགས་པའི་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་ཕྱག་ལས་གནང་དགོས་པ་མ་ཟད། དང་ཞབས་ཀྱི་དུས་ཡུན་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྒྲིག་གཞི་ཆ་ཚང་འཁུར་དགོས་པ་རེད།

    དྲི་བ། དང་ཞབས་པ་དང་ལྷན་ཁང་ཁག་བར་ལས་ཀ་ཏག་ཏག་འགྲོ་ཐུབ་ཀྱིན་ཡོད་མིན་ཐད། ཁྱོད་ཚོའི་ངོས་ནས་ལྟ་རྟོག་ཅི་ལྟར་གནང་གི་ཡོད།

    ལན། སྤྱིར་འདི་དང་བླངས་ལས་གཞི་རེད། ཡིན་ནའང་། ང་ཚོས་དང་ཞབས་གནང་སྟངས་དེ་ལས་བྱེད་ནང་བཞིན་བྱེད་ཀྱིན་ཡོད། དང་ཐོག་ང་ཚོ་དང་བླངས་ལས་གཞི་གོ་སྒྲིག་ཚོགས་ཆུང་དང་ལྷན་ཁང་ཁག དང་ཞབས་པ་བཅས་ཀྱི་བར། ཕྱག་ལས་ག་དུས་མགོ་བཙུགས་ཏེ་དུས་ཡུན་ཅི་ཙམ་རིང་གནང་རྒྱུ་བཅས་ཀྱི་ཐད་གན་རྒྱ་བཞག་སྟེ་ས་རྟགས་བརྒྱབ་རྗེས། ངོ་བཤུས་གསུམ་བཟོས་ཏེ་དང་ཞབས་སྒེར་དང་ཕྱག་ལས་གནང་ཡུལ་ལྷན་ཁང་། ང་ཚོ་དང་ཞབས་ལས་གཞི་གོ་སྒྲིག་ཚོགས་ཆུང་བཅས་ནས་གཅིག་རེ་ཉར་བཞིན་ཡོད། དེ་བཞིན། དང་ཞབས་ཕྱག་ལས་གནང་བཞིན་པའི་དུས་སྐབས་སུ། ཉིན་ ༡༥ རེའི་རྗེས་སུ་ང་ཚོའི་ངོས་ནས་དང་ཞབས་པ་སྒེར་དང་ལྷན་ཁང་ཁག་གི་འགན་འཛིན་བཅས་སོ་སོར་ལོགས་སུ་ཐུག་འཕྲད་ཀྱིས། གན་རྒྱ་གཞིར་བཟུང་དང་ཞབས་པར་ལས་ཀ་ཏག་ཏག་སྤྲོད་ཀྱི་ཡོད་མེད་དང་། དང་ཞབས་པའི་ངོས་ནས་ལས་ཀ་སྒྲུབ་སྟངས་ག་འདྲ་ཡོད་མེད་སྐོར་ལ་བསམ་ཚུལ་བསྡུ་བཞིན་ཡོད། དང་ཞབས་དུས་ཡུན་རྫོགས་རྗེས་སླར་ཡང་དང་ཞབས་པ་སྒེར་དང་ལྷན་ཁང་འགན་འཛིན་གཉིས་སོ་སོར་ལོགས་སུ་ཐུག་འཕྲད་དང་། དེ་ནས་ཕྱོགས་གསུམ་ཆ་མཉམ་འཛོམས་ཐོག་བསམ་ཚུལ་བརྗེ་རེས་གནང་རྗེས། དང་ཞབས་པ་སྒེར་དང་ལྷན་ཁང་སོ་སོར་དྲི་བ་ ༡༥ ཙམ་ཡོད་པའི་བསམ་ཚུལ་འགངས་ཤོག་རེ་བསྐངས་བཅུག་སྟེ། དང་ཞབས་པའི་ཉམས་མྱོང་དང་ལྷན་ཁང་གི་བསམ་ཚུལ་སོགས་བསྡུ་ལེན་གྱིས་དང་ཞབས་ལས་གཞི་ཡར་རྒྱས་ཚགས་ཚུད་ཡོང་ཐབས་གནང་གི་ཡོད། 

    དྲི་བ། འདིར་ཕེབས་མཁན་དང་ཞབས་པ་དག་གི་ངོས་ནས་སོ་སོའི་ཁྱད་ལས་དང་འབྲེལ་བའི་ཐོག་ནས། ལྷན་ཁང་ཁག་གི་འབྲེལ་ཡོད་ལས་བྱེད་ཚོར་ཟབ་སྦྱོང་རིགས་གོ་སྒྲིག་གནང་གི་ཡོད་དམ།  

    ལན། ང་ཚོས་ལས་གཞི་འདི་སྤེལ་དགོས་པའི་དམིགས་ཡུལ་གཅིག་ཀྱང་དེ་རེད། ཕྱི་ལོགས་ནས་ཕེབས་མཁན་ཚོའི་བསམ་བློ་གཏོང་སྟངས་དང་ཕྱག་ལས་གནང་སྟངས་མ་འདྲ་བ་ཡོད་སྟབས། དང་ཞབས་ཕེབས་མཁན་དང་འདི་གར་བཞུགས་མཁན་ལས་བྱེད་གཉིས་མཉམ་དུ་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད། ཕན་ཚུན་ཉམས་མྱོང་དང་ཤེས་བྱ་བརྗེ་རེས་ཏན་ཏན་ཡོང་གི་རེད། དཔེར་ན། ཤེས་རབ་མཚོ་མོ་ལགས་ཀྱིས་འདིར་དང་ཞབས་གནང་བའི་སྐབས་ཀྱང་། ཨ་རིའི་ནང་རྩིས་ཉར་སྟངས་དང་འགྲོ་སྟངས་ཐད་ཟབ་སྦྱོང་དང་སྦྱོང་བརྡར་སྤྲད་པ་རེད། དེ་བཞིན། ཁོ་མོའི་ངོས་ནས་ཀྱང་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་རྩིས་ཁྲ་ཉར་སྟངས་རྒྱུས་ལོན་བྱུང་ཡོད། མ་འོངས་པར་དང་ཞབས་པ་དང་ང་ཚོའི་ལས་བྱེད་ཕྱོགས་གཉིས་ཆར་ཕན་ཐོགས་ཡོང་གི་རེད་བསམ། 

    དྲི་བ། དང་ཞབས་དྲ་རྒྱའི་སྟེང་ཐོ་འགོད་གནང་མཁན་ཚོགས་མི་ ༣༠༠ ལྷག་འདུག ཁོ་ཚོ་ནི་དང་ཞབས་ལས་གཞི་འདི་དང་འབྲེལ་བ་ག་རེ་ཆགས་ཀྱི་ཡོད་དམ།  

    ལན། ང་ཚོའི་དམིགས་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་མཐོ་སློབ་ཐོན་མཁན་དང་། བོད་པའི་ཁྱད་ལས་པ་གང་མང་ཞིག་ང་ཚོའི་དང་ཞབས་དྲ་རྒྱའི་སྟེང་བསྡུ་རུབ་ཐུབ་པ་ཡིན་ན། དང་ཞབས་ལས་གཞི་འདི་ལ་ཕན་ཐོགས་ཡོད་པ་གཞིར་བཞག་ཐོག བོད་པའི་སྤྱི་ཚོགས་ནང་ཆེད་ལས་པ་དང་མཐོ་སློབ་ཐོན་མཁན་ག་ཚོད་ཡོད་མེད་དང་གང་དུ་བཞུགས་མིན་གསལ་བོ་ངོ་འཕྲོད་ཐུབ་པ་མ་ཟད། རྗེས་ཕྱོགས་ལས་གཞི་ག་འདྲ་ཞིག་སྤེལ་ཀྱང་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོས་མུ་མཐུད་དྲ་རྒྱའི་སྒྲིག་འགོད་ཡར་རྒྱས་གཏོང་གི་ཡོད། ད་ལྟའི་ཆར་དྲ་རྒྱའི་ནང་ཐོ་འགོད་བྱས་ཡོད་པའི་ཆེད་ལས་པ་དང་མཐོ་སློབ་པ་རྣམས་ཀྱི་མིང་དང་སྡོད་གནས། ལས་རིགས་བཅས་འཚོལ་བཤེར་བྱེད་ཐུབ་ཀྱི་ཡོད། མ་འོངས་པར་ཐོ་འགོད་བྱེད་མཁན་བོད་པའི་ཁྱད་ལས་པ་དང་མཐོ་སློབ་པ་མང་པོ་སླེབས་པ་ཡིན་ན། བོད་པའི་གཞུང་སྒེར་ལས་ཁུངས་གང་རུང་ཞིག་ལ་ཁྱད་ལས་པ་གང་རུང་ཞིག་དགོས་མཁོ་བྱུང་ཚེ། དང་ཞབས་དྲ་རྒྱ་བརྒྱུད་སོ་སོར་མཁོ་བའི་ཁྱད་ལས་མི་སྣར་བཙལ་ཏེ་ཐད་ཀར་ཕན་ཚུན་འབྲེལ་བ་གནང་ཐུབ་རྒྱུར་སྟབས་བདེ་ཡོང་བར་ཕན་གྱི་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 1

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    ཤིན་ཏུ་ལེགས།

    ང་ཚོ་འདི་ལྟར་ལངས་དགོས་པ་དང་།

    ང་ཚོ་འདི་ལྟར་ཀྱོར་དགོས་པ་རེད།

    ང་ཚོ་གཅིག་ཏུ་སྤུངས་ཤིག

    བཀྲིས་བདེ་ལེགས།

    ད་དུང་འབད་པ་གྱིས་ཤིག

    དུས་ཚོད་གཉན་འཕྲང་རེད།

    རིགས་ཀྱི་འབུམ་རམས་བོད་རིགས་ཆེད་མཁས་ལ་ཞེན་རྣམས་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese