མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ཆར་མང་ཚོཊ་ལྷོད་ལ་བབས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་བཀའ་ཁྲི་མཆོག་གིས་གདན་ས་སེ་ར་དང་རྒྱུད་སྨད་གྲྭ་ཚང་། ཧོན་སོར་གཞིས་ཆཊ་བཅས་སུ་གཟིཊ་སྐོར་གནང་སྟེ་བཀའ་ཤག་གི་སྲིད་བྱུས་དང་ལས་དོན་ངོ་སྤྲོད་གནང་བཞིན་ཡོད་འདུག

ཉིན་འདི་དག་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་དང་གདན་ས་ཁག་ཏུ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་གྱི་སྔ་དྲོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སེར་བྱེས་བླ་སྤྱིའི་འདུ་ཁང་དུ། སེར་ར་བྱེས་སྨད་གཉིས་ཀྱི་གྲྭ་ཚང་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། དགེ་འདུན་འདུས་མང་ཡོངས་ལ་བཀའ་ཤག་གི་སྲིད་བྱུས་དང་ལས་སྡོམ་ངོ་སྤྲོད་གནང་ཡོད་འདུག  

སྐབས་དེར་བཀའ་ཁྲི་མཆོག་གིས་ལོ་གཅིག་ཙམ་གོང་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་ཐད་ཀར་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་སྐབས། བོད་རིཊ་མང་ཚོགས་ལ་སེམས་འཚབ་ཆེན་པོ་བྱུང་ཡོད་ནའང་། བོད་མི་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འཁུར་མཉམ་ལེན་གནང་བའི་སྟབས་ཀྱིས། ད་ཆར་གཞི་རིམ་མང་ཚོགས་རྣམས་ལྷིང་འཇགས་སུ་གནས་ཐུབ་པ་བྱུང་ཡོད་སྐོར་དང་། མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོས་༸གོང་ས་མཆོག་གིས་གསོལ་རས་གནང་བའི་སྐུ་དབང་མཇུག་སྐྱོང་གིས་མང་གཙོ་ཡང་དག་པའི་ལམ་དུ་བསྐྱོད་བཞིན་པ་དེས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྟེང་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད་ལུཊ་གསལ་བཤད་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་བཀའ་ཁྲི་མཆོག་གིས་ཧོར་སོར་རབ་རྒྱས་གླིང་གཞིས་ཆགས་སུ་གཟིགས་སྐོར་དང་འབྲེལ། རྒྱུད་སྨད་གྲྭ་ཚང་དུ་བོད་རིགས་སེར་སྐྱ་མང་ཚོགས་ལ། འདས་པའི་ལོ་གཅིག་རིང་བཀའ་ཤག་གསར་པའི་ངོས་ནས་ཨ་རི་དང་ཡུ་རོབ། ཉི་ཧོང་བཅས་སུ་ཕྱོགས་བསྐྱོད་ཀྱིས་འབྲེལ་ཡོད་དཔོན་རིཊ་ཁག་ལ་མཇལ་འཕྲད་དང་། ལ་དྭགས་གཙོས་བོད་མི་འདུས་སྡོད་ཁུལ་དུ་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་བའི་གནས་ཚུལ་ངོ་སྤྲོད། མ་འོངས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལམ་ལྷོངས་ཡོང་ཆེད་གཞུང་མང་གཉིས་མཉམ་རུབ་གནང་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད་འདུག དེའི་རྗེས་བཀའ་ཁྲི་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་འོད་སྣང་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཚོར་ཤེས་ཡོན་གྱི་གལ་གནད་ཐོག་གཏམ་བཤད་སྤེལ་ཡོད་འདུག

དེ་བཞིན། ཕྱི་ཚེས་ ༡ ཉིན་བཀའ་ཁྲི་མཆོག་མེར་སོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མེ་སོར་རོ་ཊི་རི་ཚོགས་པའི་ (Rotary Vijayanagara Mysore) ཚོགས་འདུའི་ཐོག་མཛད་སྒོར་ཕེབས་ཏེ། ཚོགས་ཞུགས་པ་ཚོར་བོད་ནང་གི་མེར་བསྲེགས་གནད་དོན་དང་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡིག་བཅས་ཀྱི་གནད་དོན་ཐོག་གཏམ་བཤད་དང་མཇུག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག ཚེས་ ༢ ཉིན་མོན་གྷོ་འདོད་རྒུ་གླིང་གི་གཞིས་ཆགས་སུ་གཟིགས་སྐོར་གནང་སྟེ། གཏན་སློབ་ཀྱི་སློབ་ཕྲུག་ཚོར་ཤེས་ཡོན་གྱིོ་གལ་གནད་དང་བོད་ནང་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐོག་གཏམ་བཤད་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༡ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༡ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༤ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༤ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༤ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༤ སྔོན་ལ།

མཆན། 9

  1. ཟངས་རྡོ། says:
    ལོ་ 14 སྔོན།

    འདིར་མི་རེ་ཟུང་གིས་བཀའ་ཁྲི་མཆོག་ལ་ཁ་རྡུང་དང་ངན་སྨྲས་བྱེད་ཀྱིན་འདུག རེད་དེ་རང་གི་གང་བཤད་འདོད་པ་རང་གི་རང་དབང་རེད་་འོན་ཀྱང་འདིར་བསལ་བློ་གཏོང་དགོས་པ་ཞིག་ལ་ཁྱོད་ཚོས་རྒོལ་གཏམ་འདི་ཕྲག་དོག་ཙམ་ཡིན་མི་སྲིད་པ་མ་རེད།
    འདི་ལྟར་བྱས་པ་ཁྱོད་ལ་གང་ཡང་ཡོང་རྒྱུ་ཡོད་པ་མ་རེད།
    ལྷག་ཏུ་མི་གཅིག་གི་བོད་མི་རིགས་འདི་སྐྱོབ་དགོས་ན་བསམ་ཡུལ་ལས་འདས་པའི་དོན་ཞིག་རེད། ཡ་ད་དུ་བྱོས་དུས་ཚོད་བྱུང་མ་སོང་།

    Reply
  2. རིག་འཛིན། says:
    ལོ་ 14 སྔོན།

    བཀའ་ཁྲིས་ཕྱག་ལས་གནངས་སྟངས་འདིར་གཟིགས་དང་་་་གཟུ་གནས་ཀུན་ཡིད་སྨོན་ཤོར་ངེས།
    བཀའ་ཁྲི་ཉིད་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    སྲིད་སྐྱོང་མཆོག་རྒྱལ་གྱུར་གཅིག

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ལ་ཡི་རང་ཡོད།

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དཀྲུགས་ཤིག་དང་མྱོག་གླེང་ཉེས་འཛུག་སོགས་ལས་གཞན་དྲ་གྲོགས་ཚོའི་བགྲོ་གླེང་དང་བསམ་ཚུལ་སོགས་གང་ཡང་གསུང་རྒྱུ་མེད་པ་འདྲ།

    Reply
  6. སྐར་མདའ། says:
    ལོ་ 14 སྔོན།

    མང་ཚོགས་ལྷོད་ལ་བབས། བཀའ་ཁྲིས་རྫིག་གཏམ་བཤད། གཞུང་གིས་རྒྱ་མགོར་བཏེགས། དུས་དྲན་སྣ་མང་བཟོས། ཧཧཧཧ

    Reply
  7. ཚངས་གསར་འཕྲིན་ལས། says:
    ལོ་ 14 སྔོན།

    ཕེབས་བསུ་ལེགས་པོ་ཞུས་སོང། དེ་འདྲ་བྱས་ན་འུ་ཚང་གི་མཐུན་ལམ་ལ་ཕན་ཐོགས་ཡོད་ངེས།

    Reply
  8. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྲིང་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད་དང་དགའ་བསུ་འབུམ་ཁྲག་བཅས་ཞུ།

    Reply
  9. རས་པ། says:
    ལོ་ 14 སྔོན།

    http://blog.amdotibet.cn/gqcj8872012/archives/63940.aspx

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese