མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲེག་བྱ་སྤྱོད་སྤེལ་མི་ཆོག

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp


ཉིན་འདི་འགར་མདོ་སྨད་རྨ་ཆུའི་རྩྭ་ཐང་དུ་གེ་སར་རྟ་རྒྱུག་འགྲན་ཚོཊ་ཆེན་མོ་ཟེར་བ་ཞིག་ཚོགས་ཡོད་ཅིང་། རྒྱ་གཞུང་གིས་དེ་ཁུལ་དུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། བསྒྲགས་ཡིག་ཅིག་བཀྲམས་ཡོད་པའི་ནང་ཆབ་སྲིད་བྱ་འགུལ་དང་རང་བསྲེགས་བྱ་སྤྱོད་སོགས་སྤེལ་མི་ཆོག་ཚུལ་བཀོད།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མདོ་སྨད་རྨ་ཆུའི་རྩྭ་ཐང་དུ་༼སྐབས་དྲུག་པའི་གེ་སར་རྟ་རྒྱུཊ་འགྲན་བསྡུར་ཆེན་མོ།༽ཞེས་པ་ཞིག་མགོ་འཛུཊ་བྱས་ཡོད་འདུག་ཅིང་། ཐེངས་འདིའི་འགྲན་བསྡུར་ནང་སྨི་ ༡༠༠༠ དང་། སྨི་ ༢༠༠༠ ། སྨི་ ༣༠༠༠ བཅས་མགྱོགས་ཚད་འགྲན་བསྡུར་དང་། སྨི་ ༥༠༠༠ དང་། སྨི་ ༡༠༠༠༠ ཅན་གྱི་ཤུགས་ཚད་འགྲན་བསྡུར་བཅས་རིགས་ལྔ་ཡོད་འདུག

སྨི་གཅིག་ཁྲི་ཅན་གྱི་ཨང་དང་པོར་རྨ་ཁུག་རྟ་མཆོག་གསེར་གྱི་བུམ་པའི་རྟགས་མ་དང་རྒྱ་སྒོར་འབུམ་གཅིག་ཡོད་འདུག་ལ། ཨང་གཉིས་པར་དངུལ་གྱི་རྟགས་མ་དང་རྒྱ་སྒོར་ཁྲི་ལྔ། ཨང་གསུམ་པར་ཟངས་ཀྱི་རྟགས་མ་དང་རྒྱ་སྒོར་ཁྲི་བཞི་བཅས་ཡོད་འདུག

རྒྱ་ནག་གིས་འདིའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་འགྲན་བསྡུར་ནང་སི་ཁྲོན། བོད་ལྗོངས། ཞིན་ཅིང་བཅས་ཀྱི་འགྲན་ཞུགས་པ་ ༨༠༠ ཙམ་ཡོད་པ་དང་། ལྟད་མོ་བ་མདོ་དབུས་ཁམས་གསུམ་དང་རྒྱ་ནག དེ་བཞིན་ཕྱི་རྒྱལ་ཁག་བཅས་ནས་ཁྱོན་མི་ཆིག་འབུམ་ ༡༠༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད་ཚུལ་བརྗོད་འདུག

གོང་གི་གནས་ཚུལ་སྐོར་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་སྐབས། བོད་ཀྱི་གཡག་དང་ལུག འབྲོག་ཁྱི་བཅས་ཀྱི་འགྲེམས་སྟོན་དང་རིག་གནས་གླེང་སྟེགས་སོགས་ཀྱང་ཡོད་པ་དང་། གོ་སྐབས་འདི་དང་བསྟུན་ཏེ་བོད་རིཊ་ཤེས་ཡོན་ཅན་སྐོར་ཞིག་གིས། བོད་པ་ནང་ཁུལ་དུ་འཁྲུག་འཛིང་ཤོར་བ་དང་། རྐུན་ཇག་བྱེད་པ་སོགས་ཀྱི་ཐོག་མང་ཚོཊ་ལ་གོ་རྟོཊ་སྤེལ་ཏེ། མནའ་སྐྱེལ་དམ་འཇོག་གི་ལས་འགུལ་ཞིག་ཀྱང་སྤེལ་གྱིན་ཡོད་ཚུལ་བརྗོད་བྱུང་།

རྒྱ་གཞུང་གིས་རྟ་རྒྱུག་འགྲན་ཡུལ་དུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཉེ་ལམ་རྨ་ཆུ་རྫོང་སྲིད་གཞུང་གིས་དམག་ ༥༠༠༠ ལྷག་རྟ་རྒྱུག་བྱེད་ཡུལ་དུ་འགྲེམས་འཇོག་གིས་ཉིན་མཚན་གཉིས་ཀར་ལྟ་རྟོག་བྱེད་ཀྱི་ཡོད་འདུག

ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་སྟེང་རྨ་ཆུ་རྫོང་སྲིད་གཞུང་གིས་ཆེད་དུ་༼ ཀྲུང་གོའི་ཤམ་བྷ་ལ་ནང་བཞིན་ལྟ་ན་སྡུག་པའི་ཀན་ལྷོའི་རྨ་ཆུའི་སྐབས་དྲུག་པའི་གེ་སར་རྟ་རྒྱུག་འགྲན་ཚོཊ་ཆེན་མོའི་ལྟད་མོ་བའི་བསྲུང་བྱ། ༽ཞེས་པའི་དོན་ཚན་ ༡༡ ཅན་གྱི་བསྒྲགས་ཡིག་ཅིག་བཀྲམས་ཡོད་པའི་ནང་།

“  ༡༽རང་ཤུཊ་ཀྱིས་གཤིབ་རའི་སྒྲིག་ལམ་བརྩི་ཞིང་ཉེན་རྟོག་པས་བདེ་བཤེར་བྱེད་པར་མཐུན་སྦྱོར་བྱེད་རྒྱུ་དང་། ཉེན་རྟོག་པ་དང་བྱ་བྱེད་པས་བཀོད་སྒྲིག་ལྟར་དུ་ལྟད་མོ་བལྟ་དགོས།

༢ ༽ལྟད་མོར་ལྟ་སྐབས་བརྩི་འཇོག་ཡོད་དགོས་པ་མ་ཟད། འཁྲབ་སྟོན་པ་དང་ལུས་རྩལ་པ། ཤན་འབྱེད་པ་སོགས་ལ་དམའ་འབེབས་དང་འཛིང་རེས་རྡུང་རེས་སོགས་བྱེད་མི་ཆོག ལྟད་མོ་བ་རྣམས་ལའང་བྱ་སྤྱོད་མི་ལེགས་པ་དང་སྐད་ཆ་མི་ལེགས་པ་སྨྲོས་མི་ཆོག

༣ ༽ རང་ཤུགས་ཀྱིས་ཐུན་མོང་གི་སྒྲིག་ལམ་བརྩི་ཞིང་སྤྱི་རྫས་ལ་གཏོར་བརླག་བྱེད་མི་ཆོག ཁོར་ཡུག་གི་གཙང་སྦྲ་ལའང་དོ་སྣང་བྱ་དགོས། འཁྲབ་སྟོན་དོ་ར་དང་གཤིབ་ར་སོགས་ལ་གད་སྙིགས་རང་དགར་འདོར་བའམ་གཞན་ལ་གནོད་པའི་བྱ་སྤྱོད་ངན་པ་སྤེལ་མི་ཆོག

༤ ༽ རྟ་རྒྱུག་ལ་གནོད་པའི་བྱ་སྤྱོད་གཏན་ནས་སྤེལ་མི་ཆོག ལན་ཀན་གྱི་སྟེང་འགོ་བའམ་རྐུབ་སྟེཊ་ལ་རྡོག་བརྫིས་བྱེད་པ། ཤོག་སྦག་འཕེན་པ་སོགས་བྱེད་མི་ཆོག གཤིབ་ལམ་དང་འབྲེལ་བའི་གནས་གང་དུའང་འགྲོ་འོང་བྱེད་མི་ཆོག མི་མང་འཚོཊ་ཏེ་གཤིབ་རའི་འགྲོ་ལམ་འགོག་པའམ་བཙན་གྱིས་གཤིབ་རའི་ནང་དུ་འགྲོ་མི་ཆོག

༥ ༽ ལུས་རྩལ་པ་དང་ལྟད་མོ་བ་གང་ཡིན་ཡང་ཆོག་མཆན་མ་ཐོབ་པར་ཆབ་སྲིད་དང་རིགས་རྒྱུད། ཆོས་ལུཊ་དང་ཚོང་ལས་སོགས་ཀྱི་ཁྱད་ཆོས་ལྡན་པའི་འགེལ་བྱང་དང་བསྒྲགས་ཡིག་སོགས་གང་ཡང་འཁྱེར་མི་ཆོག ཆོག་མཆན་མེད་པའི་དྲིལ་སྒྲོག་དངོས་རྫས་གཞན་དག་ཀྱང་འཁྱེར་མི་ཆོག

༦ ༽ཤོག་སྦག་དང་རླངས་སྣུམ་སོགས་འབར་སླ་བ་དང་འགད་སླ་བའི་དངོས་པོ་ཉེན་ཁ་ཅན་དང་། བོའུ་རྫུན་དང་མདའ་གཞུ། གློ་གྲི། ལྕགས་མགོར་སོགས་བཀག་སྡོམ་དངོས་རྫས། བཙན་དུག་སོགས་རྫས་འགྱུར་དངོས་རྫས་ཉེན་ཁ་ཅན་གང་ཡིན་ཡང་ཚང་མ་འཁྱེར་ཆོག་གི་མེད་པ་མ་ཟད། གཞན་ལ་གནོད་ཉེན་ཡོད་པའི་འགད་རྫས་གཞན་དག་ཀྱང་གཤིབ་རའི་ནང་འཁྱེར་མི་ཆོག་ཅེས་འཁོད་འདུག

༧ ༽འཕྲུལ་རྟ་དང་སྒེར་སྤྱོད་འཁོར་ལོའི་རིཊ་རྫོང་མཁར་གྱི་གཞུང་ལམ་གཙོ་བོར་འོང་མི་ཆོག བགྲོད་ཆོག་དཔང་འཛིན་མེད་པའི་འཕྲུལ་སྒུལ་འཁོར་ལོ་ཡང་གཤིབ་ཁུལ་དུ་འོང་མི་ཆོག འཕྲུལ་སྒུལ་འཁོར་ལོ་བླང་བྱ་ལྟར་གཏན་འཁེལ་བྱས་པའི་གནས་སུ་འཇོག་པ་ལས་རང་འདོད་ཀྱིས་འཇོག་མི་ཆོག་ལ་བཀག་སྡོམ་ས་ཁུལ་དུའང་འགྲོ་མི་ཆོག

༨ ༽འགྲན་ཞུགས་ལུས་རྩལ་པ་དང་ལྟད་མོ་བ་གང་ཡིན་ཡང་། ཁོར་ཡུག་གི་གཙང་སྦྲ་རང་ཤུགས་ཀྱིས་སྲུང་དགོས། རྫོང་མཁར་ཉེ་འཁོར་གྱི་གཞུང་ལམ་འགྲམ་ངོགས་སམ་སྲང་ལམ་ནས་རླུང་རྟ་གཙུབ་མི་ཆོག རླུང་རྟ་གཙུབ་ན་རྟ་རྒྱུག་ཚོགས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ཁང་གིས་གཏན་འཁེལ་བྱས་པའི་གནས་སུ་གཙུབ་ཆོག

༩ ༽དོན་རྐྱེན་སློང་བ་དང་རྡུང་རེས་བྱེད་པ། འཇིགས་སྐུལ་དང་དམའ་འབེབས་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་མི་ཆོག་ལ། རྒྱལ་དང་སྡུག་གི་རྣམ་པ་ཅི་ཡང་སྤེལ་མི་ཆོག

༡༠ ༽ཁྲོམ་སྐོར་དང་རྔམ་སྟོན། གྱོད་འདུག རང་རྨས། རང་ཤི། རང་སྲེག  དེ་བཞིན། རྡུང་། བཅོམ། འཕྲོག  སྲེག་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་མི་ཆོག

༡༡ ༽ ཐག་བཅད་དང་འགལ་བའི་ལྟད་མོ་བ་ལ་གནས་ཚུལ་ལྟར་ཕྱིར་རང་གནས་སུ་ལོག་དགོས་པའི་བསླབ་བྱ་གཏོང་པ་དང་། གནས་ཚུལ་ཅུང་ཚབས་ཆེན་ཡིན་ཚེ་བཀག་ཉར་བྱེད་རྒྱུ་ཡིན། ནག་ཉེས་ལ་ཐུག་ཚེ་ཁྲིམས་ལྟར་འགན་འདེད་རྒྱུ་ཡིན། ཐག་བཅད་དང་འགལ་བའི་འགྲན་ཞུཊ་ལུས་རྩལ་པ་ལ་གནས་ཚུལ་ལྟར་ཞུགས་དབང་མེད་པར་བཟོ་བའམ་གྲུབ་འབྲས་མེད་པར་གཏོང་རྒྱུ་ཡིན་པ་མ་ཟད། གཤིབ་ར་ནས་བགྲད་དེ་རྨ་ཆུ་ནས་རང་གནས་སུ་ལོག་དགོས་པའི་བསླབ་བྱ་གཏོང་རྒྱུ་ཡིན་བཅས་ཡིན་འདུག  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 7

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    དུས་བབ་གསརའགོད་ལགས། (གེ་སར་རྟ་རྒྱུག་) ཞེས་པའི་གི་མིང་འདི་ཡོངས་སུ་གྲགས་ཟིན་པའི་མིང་རེད་་་དེ་་སྐུང་གི་མ་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རང་སྲེག་བྱ་སྤྱོད་སྤེལ་ཆོག་ཀྱང་། །
    རང་སྲེག་བྱ་སྤྱོད་མ་སྤེལ་རོགས། །
    དགྲ་ལ་གནོད་ཚབ་དཔོག་དཀའ་ཡང་། །
    གཉེན་ལ་བཟོད་བསྲན་དཀའ་བ་འདུག །

    Reply
  3. འཁྱམ་པོ། says:
    ལོ་ 14 སྔོན།

    སེངྒེ་ལགས་གཡག་ལུག་འགྲན་བསྡུར་བྱས་པ་རྒོད་བྲོ་རྒྱུ་ཅི་ཞིག་ཡོད། དེ་ནི་བོད་ཀྱི་ཐུན་མིན་བརྩེ་རིགས་ཞིག་མ་རེད་དམ། གང་མཐར་སྤུན་ཟླ་ས་ཡ་དུ་མ་ཞིག་རྒྱ་འོག་དུ་གནས་ཡོད་པའི་ལས་ཀ་ལེགས་ལེགས་ཉེས་ཐམས་ཅད་ལ་སྙོན་མེད་སྙོན་འཛུགས་བྱས་རུང་དགོས་པ་དེ་ཙམ་མ་མཐོང་། གོང་གི་བསྒྲིགས་གཞི་དོན་ཚན་བཅུ་གཅིག་དེའི་ནང་མ་འོས་པར་གང་ཡང་མཐོང་མ་སོང་། ས་ཆ་གང་དུ་ཡང་བསྒྲིགས་ཁྲིམས་ནི་དགོས་ངེས་ཞིག་རེད། དེར་རྟེན་ཆན་བུ་འདེབ་མཁན་རྣམས་ནས་ཀྱང་དོན་དགོས་ལ་དཔྱད་པ་མང་ཙམ་དང་དྲང་བདེན་ལམ་ནས་ཆན་བུ་རེ་འདེབ་ན་དགོས་པ་ཆེ་བར་སྙམས།།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བོད་པ་ཚོ་སེམས་ཤུགས་མ་ཆགས་པར་རྒྱ་དམར་འུ་ཐུགས་ཀྱི་གནས་སྟངས་སུ་འཚོ་བཞིན་པར་ལྟོས་དང་། ཧ ཧ ཧ ཅི་ཞིག་གི་སྟོབས་ཆེན་རྒྱལ་ཁབ།

    Reply
  5. སྒ་གྲགས་པ་དར་རྒྱས། says:
    ལོ་ 14 སྔོན།

    ( འདི་བཙན་བྱོལ་ཚང་གི་སྡུག་གཏམ་རེད )
    ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་སྐབས་དྲུག་པའི་གེ་སར་གླིང་གི་རྟ་རྒྱུགས་རྒྱལ་འཇོག་འགྲན་ཚོགས་བསྡུས་ཏེ། ས་ཁུལ་སོ་སོའི་བལྟད་མོ་བ་ཁྲི་གཉིས་ལྷག་འཛོམས་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། གནས་སྟངས་དེར་བོད་མིའི་སྤྱི་ཚོགས་ཁྲོད་སྐབས་འདི་འདྲ་ཞིག་ལ་རྟ་རྒྱུག་འགྲན་ཚོགས་བསྡུ་བ་འོས་འཚམ་མིན་པའི་འདོད་ཚུལ་གླེང་མཁན་དང་། རྣམ་འགྱུར་སྟོན་མཁན་ཡང་ཧ་ཅང་མང་བོ་ཡོང་བཞིན་པར། དཔེར་ན་བོད་ནང་གི་དྲ་ལམ་ཁག་དུ་བོད་མི་ཚོས་བསམ་ཚུལ་གླེང་ཕྱོགས་འཁོད་འདུག་པ་དེ་ཡང་གཅིག་གིས། རྨ་རྫོང་རྟ་གཤིབ་བྱས་ནས་དགའ་སྤྲོ་བྱ། རྔ་རྫོང་མེ་མཆོད་བྱས་ནས་བདེན་མཐའ་བསྙེག མི་རིཊ་གཅིག་ལ་འདི་འདྲའི་ལས་དབང་གཉིས་ཞེས་དང་། ད་དུང་གཞན་ཞིག་གིས། རྨ་ཆུ་ནས་ཤོག་སྦག་སྒོར་ཁྲི་༣༠་ལྷག་བཀད་པའི་རྟ་རྒྱུགས་སྟོན་མོ་དེས། བོད་མི་ལྔ་བཅུ་ལྷག་གིས་རང་ལུས་མེ་ལ་སྒྲོན་པར་གདུང་བསམ་མཉམ་བསྐྱེད་བྱས་ཨི་རེད། ཡང་གཞན་དུ་བོད་མི་ས་ཡ་དྲུག་དང་རིགས་གཞུང་སོགས་ཆེད་དུ།གངས་ཅན་བོད་མི་མང་པོས་ལུས་སྲོག་བཏང་ཀྱང་། རྨ་ཆུའི་བོད་མིའི་སེམས་ལ་རྨ་ཁ་ཙམ་མི་འདུག་ཞེས་བ་སོགས་འཁོད་འདུག།

    སྤྱིར་བཏང་ཉེ་བའི་ལོ་ཤས་གོང་བོད་ཁུལ་གྱི་ས་གནས་གང་ས་གང་དུ་རྟ་རྒྱུག་འགྲན་རྩོད་བྱེད་པའི་རླབས་ཤིག་འཕྱུར་ཡོད་པ་༢༠༠༨ བོད་མིའི་ཞི་རྒོལ་རྗེས་རྒྱ་ནག་གིས་མི་ཉུང་བ་བཀག་བསྡོམས་བྱས་ཡོད། འོན་ཀྱང་དེང་སང་བསྐྱར་དུ་བོད་ནང་གི་ས་གནས་གང་སར་སྔ་ཕྱིར་རྟ་ རྒྱུག་འགྲན་ཚོགས་རེ་ཚོགས་དང་འཚོགས་ཀྱིན་ཡོད་པར་རྒྱབ་ལྗོངས་གསལ་བོ་མེད་ཐོག་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་ཆེད་བཀག་བསྡོམས་སོགས་གང་ཡང་མེད་པར་ད་དུང་མཐུན་འགྱུར་རྒྱབ་སྐྱོར་བྱེད་བཞིན་པ་བོད་མི་དོ་སྣང་ཅན་ཚོས་བཤད་བཞིན་པ་རེད།

    Reply
  6. སྒ་གྲགས་པ་དར་རྒྱས། says:
    ལོ་ 14 སྔོན།

    ( འདི་བོད་ནང་དུ་སྤེལ་བའི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཞིག་རེད། )
    གེ་སར་རྟ་རྒྱུག་ཚོགས་ཆེན་ཀན་ལྷོའི་རྨ་ཆུ་རུ་སྤེལ་བ།

    ཟླ8པའི་ཚེས13ཉིན་གྱི་སྔ་དྲོར། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལའམ་རྨ་ཆུའི་སྐབས་དྲུག་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་དེ་རྨ་ཆུའི་རྩྭ་ཐང་གེ་སར་རྟ་རྒྱུག་ལྟེ་གནས་སུ་སྤེལ་རྒྱུ་རེད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་སྟེང་སྨི1000དང་སྨི2000། སྨི3000བཅས་ཀྱི་མགྱོགས་འགྲན་ཡོད་པ་མ་ཟད། སྨི5000དང་སྨི་ཁྲི་གཅིག་ཅན་གྱི་ཤུགས་འགྲན་རྣམ་གྲངས་ལྔ་ཡོད་པ་དང་། ཞིན་ཅང་དང་བོད་ལྗོངས། སི་ཁྲོན་སོགས་ཞིང་ཆེན་དང་ལྗོངས་གཞན་གྱི་མི་བརྒྱད་བརྒྱ་ཡང་འགྲན་སྡུར་སྟེང་ཞུགས་ཡོད།

    སྨི1000དང་སྨི2000། སྨི3000བཅས་མགྱོགས་འགྲན་རྣམ་གྲངས་གསུམ་དུ་ཆ་སྙོམས་ཀྱིས་ཨང་རིམ་དགུ་རུ་བགར་ཡོད་པ་དང་། རྣམ་གྲངས་རེའི་ཨང་དང་པོར་སྒོར་ཁྲི་གསུམ་དང་། ཨང་གཉིས་པར་སྒོར་ཁྲི་གཉིས། ཨང་གསུམ་པར་སྒོར་ཁྲི་གཅིག་བཅས་ཀྱི་བྱ་དགའ་གནང་རྒྱུ་ཡིན་པ་མ་ཟད་སོ་སོར“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དཔང་རྟགས་སོགས་གནང་རྒྱུ་ཡིན་པ་དང་། ཨང་བཞི་བ་ནས་ཨང་དགུ་བའི་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་རྒྱུ་རེད།

    སྨི5000ཅན་གྱི་མགྱོགས་རྩལ་འགྲན་སྡུར་སྟེང་། ཨང་དང་པོ་ཐོབ་མཁན་ལ་སྒོར་ཁྲི་དྲུག་དང་། ཨང་གཉིས་པ་ཐོབ་མཁན་སྒོར་ཁྲི་བཞི། ཨང་གསུམ་པ་ཐོབ་མཁན་ལ་སྒོར་ཁྲི་གསུམ། ཨང་བཞི་བར་སྒོར་ཁྲི་གཉིས། ཨང་ལྔ་བར་སྒོར་ཁྲི་གཅིག དེ་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དེ་མིན་དཔང་རྟགས་སོགས་གནང་རྒྱུ་ཡིན་པ་དང་། ཨང་བཞི་བ་ནས་ཨང་དགུ་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་རྒྱུ་རེད།

    སྨི་ཁྲི་གཅིག་ཅན་གྱི་མགྱོགས་རྩལ་འགྲན་སྡུར་སྟེང་། ཨང་དང་པོ་ཐོབ་མཁན་ལ་སྒོར་འབུམ་གཅིག་དང་། ཨང་གཉིས་པར་སྒོར་ཁྲི་ལྔ། ཨང་གསུམ་པར་སྒོར་ཁྲི་བཞི། ཨང་བཞི་བར་སྒོར་ཁྲི་གསུམ། ཨང་ལྔ་བར་སྒོར་ཁྲི་གཉིས་སྟེར་རྒྱུ་ཡིན་པ་དང་། དེ་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དེ་མིན་དཔང་རྟགས་སོགས་གནང་རྒྱུ་ཡིན་པ་དང་། ཨང་བཞི་བ་ནས་ཨང་དགུ་བའི་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་རྒྱུ་རེད།

    འགྲན་བསྡུར་བྱེད་པའི་མཚུངས་སུ། ཚོང་གཉེར་དང་། བཟའ་བཏུང་། རྨ་ཆུའི་སྐབས་དང་པོའི་རྨ་ཁུག་འབྲོག་ཁྱི་འགྲེམ་སྟོན་དང་རིག་གནས་གླེང་སྟེགས། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དམག་རྟ་དང་རྨ་ཁུག་རྟ་མཆོག་ཞིབ་འཇུག་བརྗོད་དོན་གླེང་སྟེགས། ཚོང་འགུག་དངུལ་འདྲེན་ལས་གཞི་མཚམས་སྦྱོར་སོགས་བྱ་འགུལ་མང་པོ་སྤེལ་རྒྱུ་ཡིན་ལ། འདི་ནི་གཞི་རྒྱ་ཆེ་ཞིང་ཚད་རིམ་མཐོ་བ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སྐབས་དྲུག་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་གྱི་གཟི་འོད་ཅིག་ཏུ་འགྱུར་ངེས།

    Reply
  7. སངྒེ ། says:
    ལོ་ 14 སྔོན།

    ཨང་ཐོབ་དགའ་རྟགས་ཀྱི་སྒོར་གྲངས་ནོར་འདུག་ལ། དེ་ལས་ཀྱང་བགད་ཆོར་བ་ཞིག་ནི། ༼ བོད་ཀྱི་གཡག་དང་ལུག འབྲོག་ཁྱི་བཅས་ཀྱི་རྒྱུག་འགྲན་ཡང་ཡོད་པ་དང་།༽ཞེས་པ་འདི་རེད། གསར་འགོད་པས་ཐུགས་ཉམས་ཅུང་ཟད་འཇོག་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese