མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱངས་སྐྱིད་ལ་གཟེངས་བསྟོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱ་སྒོར་འབུམ་གསུམ་དང་། མཚོ་བྱང་ཁུལ་གྱིས་རྒྱ་སྒོར་འབུམ་གཉིས་དང་ཁང་པ་གཅིག་བཅས་ཀྱི་གསོལ་རས་སྤྲད་ཡོད་འདུག

ད་ལོའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཐོབ་མཁན་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༡ སྟེང་ཕྱིར་ཕ་ཡུལ་མཚོ་སྔོན་ཟི་ལིང་གནམ་ཐང་དུ་འབྱོར་ཡོད་པ་དང་། དེ་རུ་མཚོ་སྔོན་ཞིང་ཆེན་གྱི་དྲུང་ཆེ་གཞོན་པ་ཀྲང་ཅན་མཱེན་ཕེབས་བསུར་བཅར་ཏེ་ཆོས་དབྱིངས་སྐྱིད་ཀྱིས་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ནང་ཟངས་ཀྱི་རྟགས་མ་བླངས་པར། མཚོ་སྔོན་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ཅེས་བརྗོད་འདུག

ཉིན་དེའི་ཕྱི་དྲོར་ཞིང་ཆེན་སྲིད་གཞུང་གིས་གཟེངས་བསྟོད་མཛད་སྒོ་ཚོགས་ཏེ། ཞིང་ཆེན་དམར་ཤོག་དྲུང་ཆེ་ཆང་ཝེ་དང་། ཞིང་ཆེན་སྤྱི་ཁྱབ་ལོས་ཝེ་ཉཱེན་གཉིས་ཀྱིས་ཆོས་དབྱངས་སྐྱིད་ལ་འཚམས་འདྲི་ཞུས་པ་དང་འབྲེལ། དྲུང་ཆེ་ཆང་ཝེ་ཡིས་ “ ཁྱོད་ནི་མཚོ་སྔོན་ནས་འཚར་ལོངས་བྱུང་བའི་ལུས་རྩལ་པ་ཞིག་ཡིན་ལ། ཐེངས་འདིར་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཨོ་རྩད་འགྲན་ཚོགས་ལ་ཞུགས་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་ལ་རྒྱ་རེད། འགྲན་བསྡུར་སྟེང་ཁྱོད་ཀྱིས་ཀུན་གྱི་རེ་བ་སྟོང་ཟད་དུ་མ་བཏང་བར་གཞན་ལས་ལྷག་པའི་ནུས་པ་བཏོན་ཏེ། སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨེ་ཤ་ཡའི་ཟིན་ཐོ་ལས་བརྒལ་བར་མ་ཟད། ཨོ་རྩད་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཟངས་ཀྱི་རྟགས་མ་བླངས་པའི་བོད་ཀྱི་ལུས་རྩལ་པ་ཐོག་མར་གྱུར་ཡོད། ཁྱོད་ཀྱིས་མེས་རྒྱལ་དང་མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱས་ཤིང་། བོད་རིགས་སྤུན་ཟླའི་ལ་རྒྱ་བཟུང་ཡོད་” ཅེས་བརྗོད་འདུག

སྐབས་དེར་ཆོས་དབྱངས་སྐྱིད་ཀྱིས “ ཞིང་ཆེན་ཀྱི་མགོ་ཁྲིད་ཚོས་ཐུགས་འཁུར་དང་། མི་མང་གིས་རྒྱབ་སྐོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱ་དགའ་འདི་ཞིང་ཆེན་མི་མང་ལ་ཐོབ་པ་རེད། བྱ་དགའི་སྟེགས་བུ་ནས་བབས་པའི་སྐད་ཅིག་དེ་ནས་བཟུང་ཡོད་ཚད་བསྐྱར་དུ་མགོ་བརྩམས་དགོས་ལ། རྗེས་ཕྱོགས་ཀྱི་ལམ་གོམ་པ་རེ་རེ་བྱས་ཏེ་ལེགས་པར་བགྲོད་དགོས། སྔར་ལས་ལྷག་པར་དཀའ་བ་ཁྱད་དུ་བསད་དེ། འདི་ལས་ལྷག་པའི་གྲུབ་འབྲས་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་མང་གི་བརྩེ་སེམས་དང་གཅེས་སྐྱོང་འཕྲོ་བརླག་ཏུ་མི་གཏོང་བ་བྱ་རྒྱུ་ཡིན” ཞེས་བརྗོད་འདུག

ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱིས་བུ་མོ་ཆོས་དབྱངས་སྐྱིད་ལ་རྒྱ་སྒོར་འབུམ་གསུམ་ ༣༠༠༠༠༠ སྤྲད་ཡོད་པ་དང་། མཚོ་བྱང་ཁུལ་གྱིས་རྒྱ་སྒོར་འབུམ་གཉིས་ ༢༠༠༠༠༠ དང་། ཁང་པ་གཅིག་བཅས་ཀྱི་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 4

  1. མྱི་དཀར says:
    ལོ་ 14 སྔོན།

    ཚང་མའི་ཤེས་དགོས་བ་ཞིག་ལ་ཆོས་དབྱངས་སྐྱིད་ཀྱིས་བྱ་དགའ་ཐོབ་དེ་ང་ཚོ་ཚང་མའི་བྱ་དགའ་ཡིན་པ་ངོ་ཤེས་དགོས་དེ་རྒྱ་མི་རིགས་ཀྱི་བྱ་དགའ་ཡང་མ་ཡིན་ལ་རྒྱ་ནག་གི་བྱ་དགའ་ཡང་མིན་དེ་ནི་བོད་རང་གི་བྱ་དགའ་ཡིན་དེ་ནི་ཤ་ཁྲག་རས་གསུམ་བོད་ནས་བྱུང་བའི་ཆོས་དབྱངས་རང་གི་ཡིན་་་་ཆོས་དབྱངས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    ཕྱག་འཚལ་ཆོས་དབྱིངས་སྐྱིད་པའི་ཉི་མ།།
    སྐྱིེ་བསེར་རླུང་གི་བང་རྩལ་ཞོན་མ།།
    སྨུག་པོ་ལྡོང་གི་ཞལ་མདངས་ལྡན་མ།།
    ཨེ་ཤ་ཡ་ཡི་ཟིན་ཐོ་གཏོར་མ།།

    རྒྱལ་དར་མཐོང་ན་གད་མོ་དགོད་མ།།
    བོད་སྐད་གོ་ན་བང་རྩལ་མྱུར་མ།།
    སླད་མེད་འཛུམ་གྱིས་གོ་བརྡ་སྤྲད་མ།།
    སྲོག་དང་བསྡོས་ཏེ་ལ་རྒྱ་རྩོད་མ།།

    རྒྱལ་སྤྱིའི་རྩེད་འགྲན་ཆེན་མོར་ཞུགས་མ།།
    རྒྱ་མོ་ལིག་གི་རྒྱུག་རྩལ་འཕྲོག་མ།།
    བོད་ཀྱི་ལོ་རྒྱུས་ཁྲོད་དུ་འཛུལ་མ།།
    རྒྱལ་ཁའི་འཛུམ་གྱིས་མིག་ཆུ་བཙིར་མ།།

    མཐོ་སྒང་འབྲོག་མོའི་བཞིན་རས་ངོམས་མ།།
    རྒྱ་སྐད་བཤད་ན་ཐོགས་པ་མེད་མ།།
    ཀྲུང་གོ་ཞེས་པའི་ཚིག་གཅིག་མེད་མ།།
    བོད་པ་ཡིན་ཞེས་དྲིས་ལན་འདེབས་མ།།

    སྐྲ་ཉག་རེ་ནས་རྔུལ་ཆུ་འཛགས་མ།།
    བསུབ་མེད་ལོ་རྒྱུས་བོད་ལ་འབྲི་མ།།
    རྒྱལ་ཁའི་རྟགས་མ་རྒྱ་མིས་ཁྱེར་མ།།
    བསམ་ཞིང་བསམ་ན་སེམས་པ་སྐྱོ་མ།།

    ཨོང་ཤ་རྡོག་རྡོག་ཡིད་དུ་འོང་མ།།
    ནུ་མ་ཆུང་ཆུང་ཡི་ག་འཆད་མ།།
    འཛུམ་མདངས་ཆུང་ཆུང་སྙིང་ལ་གཙགས་མ།།
    བལྟས་ཀྱིན་བལྟས་ཀྱིན་སྙིང་དུ་སྡུག་མ།།

    ཕྱག་གཡོན་རྒྱ་དར་ཅུང་ཟད་སྦས་མ།།
    ལ་རྒྱའི་སྙིང་གཏམ་ཁོག་ལ་སྦས་མ།།
    ཅི་ཞིག་ཤོད་འདོད་མིད་པ་འགུལ་མ།།
    ཤོད་པའི་གོ་སྐབས་མེད་པས་སྐྱོ་མ།།

    རྒྱལ་སྤྱིའི་རྩེད་འགྲན་ཁྲོད་ནས་མཛངས་མ།།
    འཛུམ་པའི་མདངས་ཀྱིས་ཀུན་ཡིད་འཕྲོག་མ།།
    འདུར་རྒྱུག་ཁྲོད་ནས་ཟངས་རྟགས་བཞེས་མ།།
    ང་ཡིས་མིག་ཆུ་བཙན་གྱིས་བཙིར་མ།།

    རྒྱལ་ཁའི་རྟགས་མ་གསུམ་པ་ཐོབ་མ །།
    ཨ་ཀས་འོ་ཞིག་བྱེད་འདོད་སྐྱེས་མ།།
    རྒྱང་ཐག་རིང་བས་བཀོད་པ་མེད་མ།།
    སེམས་པ་ཕམ་ཀྱང་བྱེད་ཐབས་མེད་མ།།

    རྒྱལ་ཁའི་ཁྲོད་ནས་རྒྱ་དར་གཡོགས་མ།།
    སྐར་ལྔའི་ཁྲག་དར་ཡིན་པས་སྐྱོ་མ།།
    གངས་སེང་དར་ཆ་མེད་པས་སྡུག་མ།།
    ང་ཡི་སྙིང་གི་ཆོས་དབྱིངས་སྐྱིད་མ།།

    རྒྱ་མིའི་ཞ་མོ་ལམ་ནས་གཡུག་མ།།
    བོད་པའི་འཛུམ་མདངས་སྤྱི་ལ་སྦྱིན་མ།།
    མཐོ་སྒང་འགྲོ་བར་སེམས་ཤུགས་སྤར་མ།།
    ཕྱག་འཚལ་བ་ནི་ཆོས་དབྱིངས་སྐྱིད་མ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྟགས་མ་འདི་ལ། ལེགས་ཆ་བརྒྱ་༧༠%དང་ཉེས་ཆ་བརྒྱ་ཆ་༣༠%མེད་པ་མིན་སྙམ་ལགས།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ད་ག་འདྲ་འདུག རྡ་རམ་ས་ལས་ཐ་ན་གོ་སྐབས་བཟུང་ནས་རྟེན་འབྲེལ་ཞུ་བ་དང་སྦྲགས་རྒྱ་གཞུང་ལ་མུ་མཐུད་དུ་བོད་རིགས་གང་མང་ལ་གོ་སྐབས་སྤྲད་རོགས་ཞེས་པའི་འབོད་བསྐུལ་ཙམ་ཡང་བྱེད་ཐུབ་ཡོད་པ་མ་རེད། ད་དུང་བློ་ཕམ་ཡོད་ཚུལ་ལབ་ཡོད་པ་རེད། ག་རེ་བློ་ཕམ། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འགྲོ་བར་བློ་ཕམ་མེད་པར་བོད་རིགས་ན་གཞོན་ཞིག་ལ་གོ་སྐབས་རེག་པར་བློ་ཕམ་བྱེད་དོན་གང་ཡིན་ནམ། ཁ་བཤད་དོན་ལ་མི་གནས་པ་ཞེས་པའི་དཔེར་མཚོན་འདི་ལས་གསལ་བོ་ཡོད་པ་མ་རེད། ད་ཡིན་ན་བོད་ནང་ནས་ད་དུང་མི་སྣ་གྲགས་ཆེན་མང་པོ་བྱུང་རྒྱུ་རེད་ལ། རྡ་སར་བློ་ཕམ་ཇེ་མང་ལ་འགྲོ་ངེས་པར་མ་ཟད། མཐའ་མར་ནད་དུ་གྱུར་ནས་རང་སྲོག་རང་གིས་གཅོད་ཉེན་འདུག འདིའང་ལོ་རྒྱུས་རང་བཞིན་གྱི་ཆོས་ཉིད་ཅིག་ཡིན་ཡང་སྲིད་པས། བོད་ལ་གྱོང་རེག་སྲིད་ཀྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese