རྒྱ་གཞུང་གིས་ཁམས་ལི་ཐང་དགོན་པའི་གྲྭ་འཇམ་དབྱངས་བསྟན་འཛིན་ལཊ་བསྐྱར་དུ་འཛིན་བཟུང་བཙོན་འཇུག་བྱས་འདུག
༢༠༠༧ ལོར་རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲཊ་ལགས་ཀྱིས་ལི་ཐང་རྟ་རྒྱུཊ་སྐབས་རྒྱ་གཞུང་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་རྗེས། ལི་ཐང་ས་ཁུལ་དུ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་དང་། དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཡོད་ལ། སྐབས་དེར་ལི་ཐང་དགོན་པའི་གྲྭ་འཇམ་དབྱངས་བསྟན་འཛིན་ལགས། བོད་རྒྱ་ཁོངས་ཡིན་ཟེར་བ་རྫུན་གཏམ་ཡིན་པའི་གཏམ་བཤད་སྤེལ་བའི་ཉེས་མིང་འོག་ལོ་ ༣ བཙོན་འཇུག་བྱས་ཏེ་ད་ལོར་ཁོང་ཀློད་གྲོལ་ཐོབ་ཡོད་ཀྱང་། བཙོན་ཁང་དུ་ཉེས་རྡུང་ཚད་མེད་བཏང་སྟེ་ནད་གཅོང་ཅན་དུ་གྱུར་ཏེ། ཉེ་ཆར་ཁོང་ཨ་མདོའི་ས་གནས་ཞིག་ཏུ་སྨན་བཅོས་སུ་ཕྱིན་སྟེ་ཕྱིར་ལོག་ཡོད་པ་དང་། ལི་ཐང་དགོན་པའི་ནང་ཆོས་ཚོཊ་སུ་ཞུགས་ཏེ་བསྡད་ཡོད་སྐབས། ཉེན་རྟོག་པས་ཁོང་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་ཡོད་ཀྱི་གནས་ཚུལ་མ་ཤེས་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ