མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་ནན་ཧེ་ཡི་རུས་ཏཱེན་ཅན་གྱི་འགལ་རྫས་གསར་བ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་པེ་ཅིན་ནས་ནེའུ་ཡོག་ཏུ་བསྐྱོད་པའི་གནམ་གྲུའི་ནང་། རུས་ཏཱེན་ཅན་གྱི་བུད་མེད་ཅིག་འཇུ་བཟུང་བྱས་ཡོད་པ་དེས། ཀྲུང་ནན་ཧེ་རུ་ཡང་བསྐྱར་འགལ་རྫས་གསར་བ་བཞག་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་པེ་ཅིན་ནས་ནེའུ་ཡོག་ཏུ་བསྐྱོད་པའི་རྒྱ་ནག་གི་གནམ་གྲུ་ཞིག་གློ་བུར་མཁའ་ལམ་ནས་ཕྱིར་ལོག་དགོས་བྱུང་ཡོད་པ་ལྟར།  གནམ་གྲུ་དེའི་ནང་འཇུ་བཟུང་བྱས་པའི་མི་སྣ་དེ་ནི།  རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཐེ་ཝན་ཕྱོགས་ཀྱི་གསང་འཕྲིན་སྡེ་ཁག་གི་རུས་ཏཱེན་ཅན་གྱི་བུད་མེད་ཅིག་ཡིན་པ་དང་། ཁོ་མོ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཐེ་ཝན་འབྲེལ་མཐུན་པའི་འགན་འཁྱེར་མཁན་ཡིན་འདུག  གནད་དོན་དེ་ནི་ཀྲུང་ནན་ཧེ་ཡི་རྒྱ་གཞུང་དཔོན་རིགས་ནང་ཁུལ་འཐབ་རྩོད་ཀྱི་འགལ་རྫས་གསར་བ་ཞིག་ཆགས་ཡོད་འདུག    

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བུད་མེད་དེ་ཨ་རིར་བྲོས་བྱོལ་བྱེད་དགོས་པའི་གནད་དོན་དེ་ནི། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་ཏུའུ་ཆིན་ལིན་དང་། རྒྱ་གཞུང་གི་སྲིད་བློན་གཞོན་པ་ཧའེ་ལཱང་ཡུས་གཉིས་ལ་འབྲེལ་བ་ཆགས་ཡོད་སྟབས།  ཕྱི་ཟླ་ ༩ ཚེས་ ༡ ཉིན་གློ་བུར་དུ་ཏུའུ་ཆིན་ལིན་ལས་གནས་ནས་ཕུད་པ་མ་ཟད།  དེའི་ཚབ་དུ་ཧུའུ་ཅིན་ཐའོ་ཡི་བློས་འཁེལ་དཔོན་རིགས་ལེན་ཅིས་ཧྭ་བསྐོ་འཇོག་བྱས་ཡོད་ལ།  དེ་ནི་ཧུའུ་ཅིན་ཐའོ་ཡིས་ཐད་ཀར་བཀོད་འདོམས་བྱས་པ་ཞིག་ཡིན་འདུག 

གནད་དོན་དེའི་གཞི་རྩ་ནི་རྒྱ་གཞུང་དཔོན་རིགས་རྒན་གྲས་ཙུན་ཆིན་ཧུང་གཙོས།  ད་ལྟའི་ཁྲིམས་སྲིད་ལྷན་ཁང་གི་མགོ་གཙོ་ཀྲིག་ཡུང་ཁཱང་། རྒྱ་གཞུང་གི་སྲིད་བློན་གཞོན་པ་ཧའེ་ལཱང་ཡུས་སོགས་ཅཱང་ཤོག་ཁག་གིས།  ཞི་ཅིན་ཕེན་ཕམ་ཉེས་བཏང་སྟེ་པའོ་ཞི་ལའེ་རྒྱ་གཞུང་གི་དབང་འཛིན་པར་འཇོག་རྒྱུའི་གསང་གྲོས་དང་འབྲེལ་བ་ཆགས་ཡོད་པ་དང་། ཉེ་སྔོན་རྒྱ་གཞུང་བདེ་སྲུང་མི་སྣས་རུས་ཏཱེན་ཅན་གྱི་བུད་མེད་དེར་རྩད་ཞིབ་བྱེད་བཞིན་པ་ཤེས་འཕྲལ། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ཏུའུ་ཆིན་ལེན་གྱིས་བུད་མེད་དེ་ཆེད་མངགས་ཨ་རིར་བྲོས་བྱོལ་དུ་བཏང་ཡོད་ཀྱང་། རྒྱ་གཞུང་བདེ་སྲུང་མི་སྣ་གནས་ཚུལ་དེ་ཤེས་རྟོག་བྱུང་སྟེ་གནམ་གྲུ་མཁའ་ལམ་ནས་ཕྱིར་སྐོང་འགུག་གིས། རུས་ཏཱེན་ཅན་གྱི་བུད་མེད་དེ་འཇུ་བཟུང་བྱས་ཡོད་འདུག 

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་པའོ་ཞི་ལའེ་ཡི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་གོ་གནས་ཕྱིར་བསྡུ་བྱས་རྗེས། དེ་སྔོན་པའོ་ཞིས་ལའེ་དང་འབྲེལ་ཡོད་མཐོ་རིམ་དཔོན་རིགས་ཡུས་ཀྲིན་ཧྲིན་དང་། ཀྲང་ཏིག་ཅཱང་། ཀྲང་ཀོ་ལིན། དེ་བཞིན། དམག་ཁུལ་དཔོན་རིགས་ཀའོ་པའོ་ཞུང་། ཡུས་ཚེ་ཧུའུ། ལིག་ཡོན་སོགས་མང་ཆེ་བས་པའོ་ཞི་ལའེ་དང་འབྲེལ་བ་བཅད་དེ།  ཧུའུ་ཅིན་ཐའོ་ཡི་སྣེ་ཁྲིད་དང་བཀའ་མངག་དང་ལེན་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་ལ། དེ་བཞིན། པའོ་ཞི་ལའེ་དང་འབྲེལ་ཡོད་ཀྱི་དམག་ཁུལ་དཔོན་རིགས་མང་པོ་ཞིག་ཀྱང་བརྗེ་སྒྱུར་བྱ་དགོས་བྱུང་ཡོད་པ་རེད། 

ཡིན་ནའང་། ཧའེ་ལཱང་ཡུས་ནི་ཅཱང་ཤོག་གི་གསང་གྲོས་དེའི་མི་སྣ་གཙོ་བོ་ཆགས་ཡོད་སྟབས།   ཁོས་ཏུའུ་ཆིན་ལེན་གསང་བའི་ཐོག་ཙུན་ཆིན་ཧོང་དང་ཐུག་འཕྲད་བྱེད་བཅུག་ཐོག  ཕྱི་ཟླ་ ༧ མཇུག་ཙམ་ལ་ཏུའུ་ཆིན་ལེན་གྱིས་རྒྱ་གཞུང་དམར་ཤོག་ལས་བྱེད་རྒན་པ་ ༡༦༤༤ ཙམ་གྱིས་མིང་རྟགས་བཀོད་དེ།  པའོ་ཞི་ལའེ་ལ་རྒྱབ་སྐྱོར་དང་ཝུན་ཇ་པའོ་རྩ་དགོངས་གཏོང་དགོས་པའི་འབོད་སྐུལ་ཡིག་ཆ་བསྡུ་རུབ་ཀྱིས།  སྲིད་བློན་གཞོན་པ་ཧའེ་ལཱང་ཡུས་ལ་སྤྲད་དེ་ཧུའུ་དང་ཝུན་ལ་ཐད་ཀར་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་འདུག   

ཆབ་སྲིད་དབྱེ་ཞིབ་པ་དག་གིས་བརྗོད་ན།  དེ་སྔའི་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཁྲིན་ལཱང་ཡུས་ནི་ཅཱང་ཙེ་མེན་གྱིས་རང་ཉིད་ཀྱི་རྒྱུན་འཛིན་པར་གཏན་འཁེལ་ཡོད་ཀྱང་།  ༢༠༠༨ ལོར་ཧུའུ་དང་ཝུན་གྱིས་ཁྲིན་ལཱང་ཡུས་སྲིད་སྟེགས་ནས་མར་གཡུག་སྟེ་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཅཱང་ཤོག་ཁག་གིས་པའོ་ཞིས་ལའེ་མ་འོངས་པའི་རྒྱུན་འཛིན་པར་བསྐོ་འཇོག་གི་དམིགས་ཡུལ་བཟུང་པ་མ་ཟད།  ཀྲིག་ཡུང་ཁཱང་དང་ཧའེ་ལཱང་ཡུས་གཉིས་ཀྱིས་ཅཱང་ཤོག་ཁག་གི་ཏུའུ་ཆིན་ལེན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོར་བསྐོ་འཐེན་བྱས་རྗེས།  འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་ཤུགས་དང་རྒྱུ་སྟོབས་གཉིས་ཀ་བེད་སྤྱོད་ཀྱིས།  ཕྱི་ནང་གི་གསང་མྱུལ་བ་རྣམས་བརྒྱུད་དེ་ཧུའུ་དང་ཝུན་གྱི་ནག་ཉེས་བརྩད་གཅོད་དང་། ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ལ་ལྐོག་འབྲེལ་གྱིས་པའོ་ཞིས་ལའེ་ཡི་སྣང་བརྙན་དང་ཁྲུང་ཆིན་གྲོང་ཁྱེར་གྱི་ཆབ་སྲིད་རྣམ་པ་དྲིལ་བསྒྲགས་ཡོང་ཐབས་བྱས་ཡོད་འདུག  

གཟའ་འཁོར་སྔོན་མའི་ནང་ཧུའུ་ཅིན་ཐའོ་ནི་ཨུ་རུ་སུར་ཚོགས་བཞིན་པའི་ཨེ་ཤ་ཡའི་དཔལ་འབྱོར་མཉམ་ལས་ཚོགས་འདུར་བཅར་ཡོད་ཀྱང་། ཚོགས་འདུའི་བར་ལོག་ནས་རྒྱ་ནག་ནང་ཁུལ་གྱི་གནད་དོན་གལ་ཆེན་ཞིག་ཐག་གཅོད་བྱ་དགོས་བྱུང་སྟེ་གློ་བུར་དུ་ཕྱིར་ལོག་དགོས་བྱུང་སྟབས།  ཚོགས་འདུ་དེ་དང་འབྲེལ་བའི་མཐོ་རིམ་དཔོན་རིགས་ཀྱི་གྲོས་བསྡུར་ཚོགས་འདུ་ཞིག་ཀྱང་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།   

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 3

  1. བློ་བཟང་མཐུ་སྟོབས། says:
    ལོ་ 13 སྔོན།

    དངོས་གནས་གསར་འགྱུར་ཡག་པོ་འདུག།བོད་ལ་རེ་བ་འདུག།བཀའ་ཁྲི་ཤུགརྒྱགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་གཞུང་གི་གདོང་པགས་དངོས་གནས་དེ། ཉིན་རེར་ནས་ཉིན་རེར་གསལ་སྟོན་གསལ་སྟོན་ཆེ་རུ་འགྲོ་བགྱིད། མཐོང་འགྱུར་མྱོང་འགྱུར་ལས་ཀྱི་འབྲས་བུ་མཐོང་བའི་སྨོན་འདུན་ཡང་ཡོད་ལགས།

    Reply
  3. རྟ་མགྲིན། says:
    ལོ་ 13 སྔོན།

    གསར་འགྱུར་སྙན་མོ་འདུག བོད་ཀྱི་དུས་བབ་ཚང་ལ་ཐུགས་རྗེ་ཆེ། གསར་འགྱུར་འདི་འདྲ་རྟག་ཏུ་སླེབས་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese