དེ་རིང་ཉིན་རྒྱབ་བཀའ་སྤྱི་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཐོག སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞིས་བཞུགས་བོད་མི་རྣམས་ལ་བཙན་བྱོལ་བའི་ངོས་ནས་ནུས་བ་གང་ཡོད་འདོན་ངེས་ཡིན་སྐོར་བསྒྲགས་སོང་།
དེ་རིང་སྔ་དྲོ་དྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གསུམ་ལྷན་བཞུགས་ཐོག བཀའ་སྤྱི་གཉིས་ཀྱི་ངོས་ནས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། འདི་ལོར་དམིགས་བསལ་ཚོགས་ཆེན་འཚོགས་དགོས་པའི་རྒྱུ་མཚན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། ཚོགས་འདུའི་སྐབས་ཀྱི་ཉིན་རེའི་བགྲོ་གླེང་བརྗོད་གཞི་ཁག་གོ་སྒྲིག་གི་རིམ་པ། ཚོགས་ཞུགས་མི་འགྲོའི་ཁྱབ་ཁོངས་བཅས་ངོ་སྤྲོད་གནང་རྗེས། ཕྱི་རྒྱལ་དང་བོད་པའི་གསར་འགོད་པ་དག་གི་དྲི་བར་ལན་འདེབས་བཅས་གནང་ཡོད།
གསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གཞིས་བཞུགས་བོད་མི་རྣམས་ལ་ཆེད་དུ་དམིགས་ཏེ་གསུངས་བཤད་གནང་དོན། “ བོད་ནང་ཡོད་པའི་བོད་མི་ཚོར་ཞུ་རྒྱུར། ཁྱེད་རྣམ་པས་སྡུག་དཀའ་ལས་ཞེ་དྲག་མྱོང་གིན་ཡོད་པ་རེད། ཁྱེད་ཚོས་རང་སྲོག་ཡན་ཆད་བློས་བཏང་སྟེ་བོད་སྤྱི་བའི་བདེ་རྩ་དང་། རྒྱ་ཆེ་ས་ནས་འཛམ་གླིང་སྒང་གི་བོད་དང་འདྲ་བའི་སྡུག་སྦྱོང་མྱོང་མཁན་ཚང་མའི་མངོན་འདོད་ཀྱི་ཆེད་དུ། བློས་གཏོང་ཆེན་པོ་གནང་བ་དེར་ཡི་རང་བསྔགས་བརྗོད་ཞུ། ཁྱེད་ཚོས་བློས་བཏང་གནང་བ་རྣམས་ང་ཚོ་བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་ཁྱོན་ལ་གནས་ཚུལ་ཁྱབ་ཐུབ་པ་ཞིག་དང་། ད་རེས་འདིར་ལས་འགུལ་བང་སྒྲིག་བཞིན་པ་རྣམས་ཀྱང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྒྲིག་གི་ཡོད་ལ། ང་ཚོ་བཙན་བྱོལ་བོད་མི་ཚོས་ནུས་པ་དང་འཇོན་ཐང་ག་རེ་ཡོད་པ་དེ་སྤུངས་དགོས་པའི་དུས་ཚོད་ཅིག་ལ་བསླེབས་བསྡད་ཡོད་པ་རེད། བོད་ནང་གི་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན། བོད་ནང་དུ་བོད་རང་གི་ས་ཁུལ་དུ་ཡོད་པའི་བོད་པ་དང་། བོད་རིགས་གཞོན་སྐྱེས་རྒྱ་ནག་ནང་ཡོད་པ་ཚང་མ་མཐུན་སྒྲིལ་སེམས་ཤུགས་གཅིག་པ་གཅིག་རྐྱང་ཡིན་ཞེས་གསུངས་ཡོང་གི་འདུག གནས་ཚུལ་དེ་དག་ང་ཚོ་ཚང་མས་སེམས་ལ་བཞག་པའི་ཐོག་ནས། ད་རེས་ཚོགས་འདུའི་ནང་གོ་བསྡུར་བྱས་ཏེ། བོད་ནང་ད་ལྟ་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་ལས་སྐྱོབ་ཐུབ་པ་བྱ་རྒྱུ་དང་། ཕུགས་རིང་པོའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་རྒྱུར་ནུས་པ་གང་ཡོད་འདོན་ཐུབ་པ་ཞིག་བྱ་རྒྱུ་ཡིན། གཞིས་བཞུགས་བོད་མི་ཡོངས་ཀྱིས་དེ་ཐུགས་འཇགས་ཡོང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་།
བློ་སེང་དང་སྤེན་ཚེ་རྣམ་གཉིས་ནས་བོད་མི་ས་ཡ་དྲུག་གི་བདེ་སླུག་སླད་གོང་མཛུབ་བམ་མཛུབ་ཆེན་མཆོད་མེར་ཕུལ་ནས་འཛམ་གླིང་ལ་ཞུ་བ་བྱེད་མ་ཐུབ་ཚེ། ཡོད་ཚད་ཚར་ཚར་བ་ཡིན་པ་གསལ་བོ་རེད།
ཚོགས་གཙོས། ་་་་་། ད་རེས་ཚོགས་འདུའི་ནང་གོ་བསྡུར་བྱས་ཏེ། བོད་ནང་ད་ལྟ་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་ལས་སྐྱོབ་ཐུབ་པ་བྱ་རྒྱུ་དང་། ཕུགས་རིང་པོའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་རྒྱུར་ནུས་པ་གང་ཡོད་འདོན་ཐུབ་པ་ཞིག་བྱ་རྒྱུ་ཡིན། གཞིས་བཞུགས་བོད་མི་ཡོངས་ཀྱིས་དེ་ཐུགས་འཇགས་ཡོང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་། ཟེར།
མི་རབས་གསར་བ་ལས་སླ་བོ་མ་རེད་མེས་པོ་རྒན་རབས་རྣམས་ཀྱི་ཡིད་ཆེས་དང་རེ་བ་མ་བརླགས་པར།ལྷག་བསམ་རྣམ་དག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་དོན་ཆེད་ཕྱག་ལས་ཉིན་བསྒྲབས་མཚན་བསྒྲུབས་རེད།
བོད་མི་ས་ཡ་དྲུག་གི་ངོ་ཚབ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་ལ་འཚམས་འདྲི་དང་འབྲེལ། ད་རེས་ཚོགས་ཆེན་དེ་དོན་དང་ལྡན་པ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད།