མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀའ་རྙོག་ཅན་གྱི་ཨོ་རི་སར་གཞིས་མགོ་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་རི་ས་བོད་མིའི་གཞིས་ཆགས་ནང་རྒྱ་གར་ཡུལ་མི་དང་ས་ཞིང་བདག་དབང་གི་རྩོད་རྙོག་ཅིག་ལྷག་ཡོད་པའི་ཐོག ཉེ་ལམ་ས་གནས་གཞིས་མགོ་ཡང་འདས་གྲོངས་སུ་ཕྱིན་ཏེ། ད་ཆར་གཞིས་མགོ་གསར་པ་བསྐྱར་དུ་བསྐོ་བཞག་མ་ཐུབ་པར་ལྷག་ཡོད་འདུག    

    ཨོ་རི་ས་བོད་མིའི་གཞིས་ཆགས་ནང་ས་ཐོ་ལག་འཛིན་ཁ་གསལ་མེད་པར་བརྟེན་འདས་པའི་ལོ་འགའི་གོང་ནས་རྒྱ་གར་ཡུལ་མི་དང་བོད་མིའི་བར་ས་ཞིང་བདག་དབང་གི་རྩོད་རྙོག་ཅིག་བྱུང་སྟེ་ད་ལོར་བོད་མི་ཚོས་ས་ཞིང་འདེབས་ལས་མ་ཐུབ་པའི་གནས་ཚུལ་ཞིག་བྱུང་ཡོད་ཅིང་། གནས་ཚུལ་དེའི་སྐོར་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨོ་རི་སའི་ས་གནས་མགོ་འཛིན་ད་ལྟ་འདས་གྲོངས་ཕྱིན་ཟིན་པ་ཨ་མྱེ་ཚང་མགོན་པོ་བཀྲ་ཤིས་ལགས་སུ་སྐད་ཆ་དྲིས་སྐབས། རྒྱ་གར་ས་གནས་གཞུང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་ཞིབ་བཤེར་མགོ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༣༡ བར་དཀའ་རྙོག་གཙང་བཟོ་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་བྱུང་། ཡིན་ནའང་ས་གནས་གཞིས་ཆགས་སུ་ཛ་དྲག་གི་དཀའ་ངལ་འབྱུང་བཞིན་པའི་གཉན་འཕྲང་གི་དུས་སྐབས་འདིར། ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ས་གནས་གཞིས་མགོ་ལགས་གློ་བུར་འདས་གྲོངས་ཕྱིན་ཏེ་ད་ཆར་ས་ཞིང་དཀའ་རྙོག་རང་འཇགས་ལྷག་ཡོད་པ་མ་ཟད། ཨོ་རི་སའི་ས་གནས་གཞིས་མགོ་གསར་པ་ཡང་བསྐོ་བཞག་མ་ཐུབ་པར་ལྷག་ཡོད་འདུག 

    ཉེ་ལམ་དམིགས་བསལ་ཚོགས་ཆེན་ལ་བཅར་བའི་ཨོ་རི་ས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་བཙུན་རྒྱལ་ལགས་སུ། རྒྱ་གར་ས་གནས་གཞུང་གིས་ཞིབ་བཤེར་གནང་ཡོད་མེད་དང་། ཡོད་ན་ཐག་གཅོད་གང་འདྲ་བྱས་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས “ད་ལོ་ས་ཐོ་ལག་འཛིན་བསྐྱར་བཅོས་བྱ་རྒྱུའི་ཐད། ཞིང་ཁའི་ནང་རྒྱ་གར་གཞུང་གིས་ས་ཞིང་ལ་ཚད་ཆ་ཚང་བརྒྱབ་ཚར་བ་རེད། ཕལ་ཆེར་ཐེངས་བཞི་ལྔ་ཙམ་ཞིག་ཚད་བརྒྱབ་ཚར་རེད། ད་ལྟའི་ཆར་ཁོ་ཚོའི་ངོས་ནས་ཚད་བརྒྱབ་ཚར་ཡོད་ཀྱང་། ས་གནས་ཡུལ་མི་ཚོས་དེ་དྲང་མོ་བྱུང་མ་སོང་། ངོས་ལེན་མེད་ཟེར་ནས་ཞིང་ཁ་འདེབས་རྒྱུ་ཕར་ཞོག་ས་ཐོ་ལག་འཛིན་ཡང་ལག་པར་རག་ཡོད་པ་མ་རེད།” ཅེས་བརྗོད་དེ། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ཐོག་ནས་བོད་མི་ཚོར་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་གི་ཡོད་ཀྱང་། ས་གནས་ཡུལ་མིས་གཞུང་གི་ཐག་གཅོད་ངོས་ལེན་མ་བྱས་པར་དཀའ་རྙོག་བཟོ་བཞིན་པར་བརྟེན། དཀའ་རྙོག་སེལ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་དང་། གནས་ཚུལ་དེ་དག་སྲིད་སྐྱོང་མཆོག་དང་ནང་སྲིད་བཀའ་བློན། སྤྱི་འཐུས་ཚོཊ་གཙོ་བཅས་སུ་སྙན་སེང་ཞུས་ཡོད་སྐོར་བརྗོད་སོང་།

    ཕྱི་ཟླ་ ༡༠ ཚེས་ ༨ ཉིན་དབུས་བོད་མིའི་ནང་སྲིད་ལྷན་ཁང་གི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ། ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་དཀའ་རྙོག་སྐོར་ལ་བཀའ་འདྲི་གནང་བར།  ཁོང་གིས་ “ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༡༠ གྲངས་ཤིག་ལ། ས་མཚམས་དབྱེ་བཀར་གྱི་ལས་གཞི་དེ་ཧ་ལམ་གང་འཚམ་ཚར་འདུག ཡིན་ནའང་ས་ཞིང་ཨེ་ཀར་ ༢༠ ནས་ ༣༠ ཙམ་ད་ལྟ་ས་གནས་གྲོང་གསེབ་ཡུལ་མིའི་ལག་ཏུ་ཤོར་འདུག དེ་བཞིན། ང་ཚོའི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་དང་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས། ས་གནས་ལས་དྲུང་བཅས་རྒྱ་གར་ས་གནས་རྫོང་དཔོན་གྱི་སར་བཅར་ཏེ། ས་ཆ་ཞིབ་འཇུག་བྱས་པ་དེར་ང་ཚོས་ངོས་ནས་འདོད་པ་ཞེ་དྲག་ཁེངས་མེད་པ། ས་གནས་ཡུལ་མིའི་ལག་ཏུ་ཤོར་བསྡད་པའི་ས་ཆ་ཨེ་ཀར་ ༣༠ ཡོད་པ་དེ་ཆ་ཚང་ཚུར་བསློག་དགོས་པ། ད་ལོ་བོད་མི་ཚོས་སོ་སོའི་འཚོ་རྟེན་གྱི་ཞིང་ཁ་འདེབས་མ་ཐུབ་པའི་ཐད་གུན་གསབ་སྤྲོད་དགོས་པ་བཅས་དོན་ཚན་གསུམ་སྙན་སང་ཞུས་ཡོད་པ་དང་། དེའི་ཐད་ས་གནས་རྫོང་དཔོན་གྱིས་མངའ་སྡེ་གཞུང་གིས་ལན་འདེབས་ལྟར་གང་ཐུབ་ཅི་ཐུབ་གནང་རྒྱུ་ཡིན་པའི་ཁས་ལེན་ཡག་པོ་གནང་འདུག” ཅེས་བརྗོད་བྱུང་། དཀའ་རྙོག་དེའི་འགག་རྩ་གཙོ་བོ་དེ་རྒྱ་གར་གཞུང་གིས་བོད་མི་ཚོར་འཚོ་རྟེན་ཆེད་སྤྲད་པའི་ས་ཞིང་རྣམས། བོད་མི་ཚོས་སོ་སོས་འདེབས་ལས་མ་ཐུབ་པར་རྒྱ་གར་ཡུལ་མིར་ཕར་བོགས་མར་བཏང་བར་བརྟེན་ཏེ། ད་ལྟའི་གནས་ཚུལ་འདི་བྱུང་བ་ཡིན་པ་དང་། ས་ཞིང་ཐོག་རྒྱ་གར་ཡུལ་མི་ཞིག་གིས་ལོ་གསུམ་ལ་བསྟུད་མར་ཞིང་ཁ་བཏབ་ཚར་བ་ཡིན་ན། ཁྲིམས་ཐོག་ནས་ཞིང་ཁ་དེ་ཧ་ལམ་ཡུལ་མིར་བདག་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་། 

    ནང་སྲིད་དྲུང་ཆེ་མཆོག་ལ་ཛ་དྲག་གི་སྐབས་སུ་ས་གནས་གཞིས་མགོ་བསྐོ་བཞག་མ་ཐུབ་པའི་རྒྱུ་མཚན་དྲིས་སྐབས། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་བཀའ་བློན་དབུ་བཞུགས་ཐོག་ས་གནས་ལ་ཛ་དྲག་གནས་སྟངས་ཆགས་བསྡད་པའི་སྐབས་འདིར། ས་གནས་མགོ་འཛིན་འཕྲལ་དུ་གཏོང་དགོས་པའི་བཀའ་མོལ་རིམ་པར་བྱུང་པ་མ་ཟད། ས་གནས་མགོ་འཛིན་ཁོང་ཚེ་འདས་ཕྱིན་པའི་ཉིན་གཉིས་པ་དེར་ལམ་སེང་བཀའ་ཤག་ལ་སྙན་སེང་ཞུས་ཡོད་ལ།  སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ནས་མི་འགྲོའི་གནས་རིམ་དང་ཆ་རྐྱེན་ཚང་དགོས་ཀྱིན་ཡོད་སྟབས།  ཉེ་ཆར་ས་གནས་མགོ་འཛིན་ཁག་གསུམ་གྱི་མི་འགྲོའི་འོས་གཞི་མཉམ་གཅིག་ཏུ་ཡར་སྙན་ཞུ་ཕུལ་ཡོད་ཀྱང་། འདེམས་བསྐོ་ལྷན་ཁང་ནས་མི་འགྲོའི་ཆ་རྐྱེན་ཡིག་ཆ་གྲ་འགྲིག་མི་འདུག་གསུངས་ཏེ་འགག་བསྡད་ཡོད་སྐོར་དང་། གལ་སྲིད་ས་གནས་མགོ་འཛིན་ལམ་སང་ཛ་དྲག་ཐོག་བསྐོ་འཇོག་བྱེད་ཐུབ་ཀྱིན་མེད་ཚེ། ནང་སྲིད་ལས་ཁུངས་རང་ནས་ཟླ་འགའི་རིང་ནང་ཁུལ་ལས་བགོས་བརྒྱབ་སྟེ་ལས་བྱེད་ཅིག་ཕར་གཏོང་ཐུབ་ན་བསམ་པའི་བཀའ་མོལ་འགྲོ་བསྡད་ཡོད་སྐོར་བརྗོད་སོང་།

    གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་བསྐྱོད་དེ། ལས་བྱེད་འདེམས་ལྷན་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ “མི་གསུམ་གྱི་ཡིག་ཆ་ཞིག་མར་བཏང་གནང་ཡོད་པ་རེད། དེའི་ནང་ནས་གཅིག་ཨོ་རི་སར་བསྐོ་བཞག་བྱེད་རྒྱུ་དེ་རེད། ང་ཚོ་འདེམས་བསྐོ་ལྷན་ཁང་ལ་ང་རང་ཚུད་པའི་ཚོགས་མི་གསུམ་ཡོད་པ་རེད། མི་འགྲོ་འདེམས་བསྐོའི་གནས་ཚུལ་དེ་འདྲ་བསླེབས་དུས་ང་ཚོ་ཚོགས་འདུ་ཚོགས་དགོས་པ་རེད། ཚོགས་འདུ་ཚོགས་ཏེ་སྒྲིག་གཞི་ནང་ལྟར་ཡིག་ཆ་ཚང་མིན་ལྟ་དགོས་པ་རེད། ད་ལྟའི་མི་གསུམ་པོར་ཡིག་ཆ་ཚང་གི་ཡོད་པ་མ་རེད། དེར་བརྟེན། ང་ཚོས་བཀའ་ཤག་ལ་བསྐྱར་དུ་ཡར་ཕུལ་ཡོད། དེ་དག་འདེམས་བསྐོ་ལྷན་ཁང་ནས་ཆོད་གན་ཐོག་ལ་བསྐོ་བཞག་བྱེད་རྒྱུ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ཁོང་ཚོར་ཡིག་ཆ་དེ་དང་དེ་ཚང་མི་འདུག ཡིག་ཆ་དེ་དག་ཚང་ན་མར་གནང་རོགས། ང་ཚོས་བསྐྱར་དུ་གོ་སྡུར་བྱེད་ཀྱི་ཡིན་ཞེས་ང་ཚོས་ཡིག་ཐོག་ནས་བཀའ་ཤག་ལ་ཡར་ཕུལ་ཡོད་ཀྱང་། ད་སྔ་ལན་གང་ཡང་འབྱོར་མ་སོང་” ཞེས་བརྗོད་སོང་།  དེ་འཕྲལ་འདི་ག་གསར་འགོད་པ་བཀའ་དྲུང་ཡིག་ཚང་ལ་བཅར་སྐབས། བཀའ་དྲུང་ལགས་ནས་ཨོ་རི་ས་ས་གནས་མགོ་འཛིན་བསྐོ་བཞག་སྐོར་ལ་བཅར་འདྲི་དང་ལེན་གནང་མ་སོང་། 

 གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༦༩ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese