མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱ་ངན་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་བཞུཊ་སྒར་དུ་རྒྱལ་གཅེས་དཔའ་བོ་དོན་འགྲུབ་ལཊ་སུ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་འདུ་འཛོམས་ཤིག་བསྐངས་སོང་།  

ཕྱི་ཚེས་ ༢༢ གྱི་དགོང་དྲོའི་ཆུ་ཚོད་ ༧།༠༠ ཡས་མས་སུ་ངྷ་ས་ས་གནས་གཞོན་ནུ་དང་ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག ཁ་སང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༡།༣༠ ཡས་མས་སུ་མདོ་སྨད་བླ་བྲང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་ཁ་གྱའི་དོན་འགྲུབ་ལགས་ལ་མྱ་ངན་ལས་འགུལ་ཞིག་སྤེལ་སོང་ལ། ལས་འགུལ་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་དང་ཕྱི་རྒྱལ་བ་བཅས་མི་ ༡༠༠ ལྷག་འདུ་འཛོམས་ཐོག བྱང་ཆུབ་སེམས་མཆོག་དང་ཚད་མེད་ཡོན་ཏན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཅས་སྐྱོར་ཏེ། བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དོན་འགྲུབ་ལགས་གཙོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གནང་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། རྒྱལ་གཅེས་དཔའ་བོད་དོན་འགྲུབ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་བཏང་བའི་ཞིབ་ཕྲའི་གནས་ཚུལ་དང་། འདི་ལོའི་ཕྱི་ཟླ་ ༨ པ་ནས་མདོ་སྨད་ཀན་ལྷོ་ཁུལ་དུ། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་དང་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ། རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ། རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་བཅས་ཀྱིས་རིམ་པ་བཞིན་རང་ལུས་མེར་བསྲེཊ་བཏང་བའི་གནས་ཚུལ་ངོ་སྤྲོད་དང་འབྲེལ།  ད་བར་བོད་མདོ་དབུས་ཁམས་གསུམ་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྐྱེན་གཙོ་བོ། རྒྱ་ནག་དབུས་དང་ས་གནས་རིམ་པས་ས་གནས་ཁག་ཏུ་བོད་མིས་རང་ལུས་མེར་བསྲེཊ་རིམ་པར་བཏང་ཡང་། བོད་མི་ཚོའི་དགོས་འདུན་དང་རེ་བར་བདག་པོ་གང་ཡང་མ་བརྒྱབ་པར། སུན་གཙེར་དམ་དྲག་རིམ་པ་བྱས་པའི་དབང་གིས་ཡིན་པའི་སྐོར་དང་། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་ཚུལ་དེ་དག་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་སུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རིམ་པ་གསལ་བསྒྲགས་གནང་བཞིན་པ་ལྟར།  བོད་མི་མི་རེ་ངོ་རེས་གནས་སྟངས་ཤེས་པའི་ཐོག་གནས་ཚུལ་ཁྱབ་བསྒྲགས་དང་ལས་འགུལ་ཁག་ལ་རྒྱབ་སྐྱོར་གནང་རྒྱུ། རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་ཀྱིན་པ་ལྟར། མ་འོངས་པར་རང་ལུས་མེར་བསྲེཊ་གཙོས་བོད་ཀྱི་གནས་ཚུལ་ཁག་ལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་།

མཇུག་ཏུ་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དབྱིན་སྐད་ཐོག་གནས་ཚུལ་ངོ་སྤྲོད་གནང་རྗེས། ངག་དབང་ཆོས་འཕེལ་ལགས་ཀྱིས་བསྡུ་སྒྲིག་བྱས་པའི་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་འདྲ་པར་ཡོད་པའི་སྐར་མ་ ༩ ཅན་གྱི་གློག་བརྙན་གཟིགས་འབུལ་བཅས་གནང་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༨ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese