མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷག་བསམ་གཞེན་སྐུལ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ལྷག་བསམ་གཞེན་སྐུལ།

སེར་སྨད་མཁན་ཟུར་བྱམས་པ་དོན་ཡོད།

འཕགས་མཆོག་འཇིག་རྟེན་མགོན་པོ་ཕྱག་ན་པདྨོས་བོད་ལྗོངས་འདི་ཉིད་བདག་གིར་བཞེད་དེ་གང་ལ་གང་མཚོན་གྱི་སྤྲུལ་པའི་གར་གྱི་རྣམ་པར་རོལ་ཞིང་། ལྷག་པར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དགུང་གྲངས་བཅུ་དྲུག་ནས་ད་ལྟའི་བར་སྐུ་ངལ་ཁྱད་བསད་ཀྱིས་བོད་ལྗོངས་དམངས་གཙོའི་ལམ་བཟང་སྲ་བརྟན་ཆ་ལག་ཡོངས་སུ་ཚང་པའི་གཞི་རྩ་ཚུགས་ཏེ། བོད་ཆོལ་ཁ་གསུམ་གྱི་མི་རིགས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཐོག བོད་རྩ་དོན་རང་དབང་ཐོག་ལ་རང་རང་ལུས་སྲོག་ཡན་ཆད་ཡོད་ཚད་བློས་བཏང་སྟེ། རྒྱལ་གཅེས་སེམས་ཤུགས་ཀྱི་བདེན་པའི་མེ་ལྕེ་ཕྱོགས་ཀུན་ཏུ་རབ་ཏུ་འཕྲོ་ཞིང་། རྒྱ་གར་གྱིས་མཚོན་འཛམ་གླིང་གང་ས་ནས་རང་རེའི་རྩ་དོན་ལ་རྒྱབ་སྐྱོར་ཇེ་མང་འགྲོ་བཞིན་པའི་སྐབས་འདིར། ཚོགས་པ་དང་སྒེར་རེ་ཟུང་ནས་དོན་མེད་དཀྲོག་རྐྱེན་དགྲ་དགའ་གཉེན་སྡུག་བཟོས་ཏེ། སྤྱིའི་རྩ་དོན་ལ་གནོད་གཞིའི་འཆལ་གཏམ་འདྲ་མིན་སྣ་ཚོགས་ཐོན་པ་འདིས་༸གོང་ས་སྐྱབས་མགོན་ཆེན་པོར་ཐུགས་ཕམ་བཟོས་ཡོད་སྟབས། བསམ་ཡུལ་ལས་འདས་པའི་མ་རབས་ཐ་ཆད་ཀྱི་སྤྱོད་ངན་འདིའི་དམིགས་ཡུལ་དང་། སྒེར་སོ་སོའི་ཁེ་ཕན་ཅི་ཡིན་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་བསམ་ཞིབ་བྱེད་དགོས་པ་ཞིག་ཆགས་ཡོད།

བོད་རིགས་རྣམས་ཐོག་མར་རྒྱ་གར་ལ་འབྱོར་སྐབས། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་ཐོག་ནས།  ༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་ཐོག་ཤར་བསྐྱོད་ཀྱིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་མནའ་གན་མཐུ་བོ་ཆེ་སོགས་རིམ་པར་འབུལ་ལམ་ཞུས་ཡོད་པ་ཚང་མའི་བློ་ངག་ལྟར་ལས་གསལ་བཤད་ཞུ་མི་དགོས་པ་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་སུའང་རྒྱ་ཕྱོགས་ཨ་བཱན་སོགས་ནས་སྐུ་ངལ་ཚད་མེད་བཟོས་ཡོད་ཀྱང་། ཐབས་ཤེས་གང་ཡོད་གནང་འབྲས་ཐ་མར་བོད་རང་བཙན་གསལ་བསྒྲགས་གནང་སྟེ། སྐུ་ཚེ་རིང་དུ་བཞུགས་རྒྱུའི་དགོངས་བཞེད་རྒྱ་ཆེར་ཐོག་རྒྱལ་ཁབ་སྲ་བརྟན་དང་། ས་མཚམས་སུའང་ཕ་རོལ་མགོ་ནོན་ངེས་སྲུང་དམག་ཚགས་ཚུད་ཡོང་ཐབས་ཀྱི་དགོངས་བཞེད་རྒྱ་ཆེར་ཡོད་ཀྱང་། དགོངས་བཞེད་ཇི་བཞིན་མ་འགྲུབ་པར་ཆུ་སྤྲེལ་ལོར་ཞལ་གདམ་བཀའ་སློབ་ཡོངས་ལ་ཁྱབ་འགྲེལ་མཛད་དེ་དགུང་གྲངས་ལྔ་བཅུ་ང་བརྒྱད་སྟེང་དགོངས་པ་ཞི་དབྱིངས་སུ་མནལ་ཚུལ་བསྟན་པ་དེ་བྱུང་བ་རེད། རང་རེའི་ཐོག་ཏུ་མྱོང་བྱ་མི་བཟོད་པ་ཇི་བྱུང་རྣམས་ཞལ་གདམ་ནང་དུ་ཞིབ་ཕྲ་འཁོད་ཡོད།

ཚང་མའི་བློ་ངག་ལྟར་༸གོང་ས་བཅུ་གསུམ་པ་ཆེན་པོ་དགོངས་པ་ཞི་དབྱིངས་སུ་མནལ་ཚུལ་བཞེས་ནས། བར་སྐབས་བོད་ཀྱི་ཆབ་སྲིད་ཐ་ཞན་དུ་གྱུར་པའི་སྐབས་སུ་ཅི་བྱ་གཏོལ་མེད་ཀྱི་དུས་དེར། ལྷ་མི་ཡོངས་ནས་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགུང་གྲངས་བཅུ་དྲུག་ལས་ཕེབས་མེད་ཀྱང་། འ་ཆད་འུ་ཐུག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་བྱ་ཡོང་པའི་ཕྱག་འཚལ་གསོལ་འདེབས་ཞུ་ནན་བྱས་ཡོད། མགོན་པོ་གང་ཉིད་ཀྱིས་སྔོན་གྱི་ཐུགས་བསྐྱེད་བདག་གིར་བཞེས་ཏེ་དགུང་གྲངས་བཅུ་དྲུག་ནས། ད་ཆ་དགུང་གྲངས་བདུན་ཅུ་དོན་དྲུག་བར་བཀའ་དྲིན་ཇི་ལྟར་བསྐྱངས་ཡོད་པ་ལོང་པས་ལྟས་ཀྱང་ཁམ་གསུམ་དཔེ་ལྟར། བཀའ་དྲིན་བསམ་ཤེས་མེད་པར་འདྲེ་ངན་ཁོག་ཞུགས་ལྟ་བུས་སྐུ་ཕྱཱ་དང་། བོད་རྩ་དོན་ལ་གནོད་གཞི་དཀྲོག་རྐྱེན་ཕུང་སྦྱོར་འདི་རིགས་༸རྒྱལ་བའི་སྐུ་ཕྱཱར་བློས་འགན་བཟོད་མིན་ལ་སོང་། བོད་མི་སེར་སྐྱ་ཚང་མས་ཡིད་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད།

༸སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྐུ་ཕྲེང་རིམ་པས་བཀའ་དྲིན་ལ་བརྟེན་ནས་བོད་རྒྱལ་ཁབ་འདི་ཉིད་གསོན་པོར་གནས་ཡོད་པ་ལས་མིང་མེད་བཟོད་ཐུབ་མེད། ༸གོང་ས་ཆེན་པོའི་བཀའ་དགོངས་ཇི་བཞིན་བསྒྲུབ་ན་བོད་ཀྱི་བདེན་མཐའ་གསལ་རྒྱུའི་ཡིད་ཆེས་གཙང་མ་ཡོད། བོད་མི་རིགས་ཐོག་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན། དོན་མེད་དཀྲོག་གཏམ་རང་དོན་ཁོག་བཅུག་གིས་སྤྱིའི་སྒྲིག་འཛུགས་ལ་གནོད་གཞིའི་དོན་མེད་འཆལ་གཏམ་འདི་རིགས་མཚམས་འཇོག་གིས་བོད་གཞིས་ལུས་རྣམས་ཀྱི་རེ་བའི་མིག་འབུར་དང་། གཞོན་སྐྱེས་ཡན་གྱི་གཅེས་ལུས་འཕང་མེད་མེར་བསྲེགས་བཏང་བའི་ཐ་ཚིག་ལ་བསམ་བཞེས་ཀྱིས་རྩ་དོན་ཐོག་འཁུར་མཉམ་བསྐྱེད་ཀྱི་དོན་ངོ་མ་ལག་ལེན་དུ་འཁེལ་བ་བྱ་རྒྱུ་གལ་ཆེ། ༸གོང་ས་སྐྱབས་མགོན་ཆེན་པོས་ལ་དྭགས་བཀའ་སློབ་ཞལ་གསལ། བསམ་བློ་ཏན་ཏན་མ་བཏང་ན་རྗེས་སུ་འགྱོད་པ་སྐྱེ་དུས་ཕྱི་དྲགས་པ་ཡིན་ཞེས་གསུངས།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    མངོན་པར་བསྟོད་དོ།།བཀའ་བཞིན་ཞུའོ།།

    ཅུང་བློ་ཡུལ་མ་ཚིམས་པའི་ཆ་ཞིག་ཡོད་པ་ནི། ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་ཡིན་ཀྱང་སྲིད་དེ་ཁ་གསལ་བོ་དེ་ཙམ་མེད་པ་དེ་རེད། དངོས་ཡོད་ཁ་གསལ་ཏེ་དཔེར་ན་ཚོགས་པ་འདི་དང་མི་སྒེར་འདི་ལྟ་བུ་ཞེས་མཚན་གཞི་རེ་སྨྲས་ཏེ་གསུངས་ཡོད་ན་ཅི་མ་རུང་ཨང་། འོན་ཀྱང་མགོ་བདེ་དྲན་འཕྲུལ་དང་རང་ཁེ་གྲགས་སྙན་ཁོ་ནའི་འཁོར་ལོ་སྐོར་བཞིན་པའི་ང་ཚོའི་སྤྱི་ཚོགས་འདིའི་ནང་འདི་ལྟ་བུའི་བཀའ་གསུངས་ཤིག་གནང་བ་ཡང་ཐལ་མོ་སྙིང་ཁར་སྦྱོར་འོས་པ་ཞིག་གོ །

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ༄་། །མཁས་མང་བྱེ་བའི་དབུས་ན་ལྷུན་པོ་སྟུགས།
    མཁན་ཟུར་ནོར་གྱི་བང་མཛོད་དེ་བས་སྟུགས།
    ཀུན་མཁྱེན་པདྨོར་བསྟོད་པ་གང་ཉིད་ཙམ།
    ང་ཡི་ཙིཏྟའི་ཡུལ་ནས་བཀུར་བར་ཞུ།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese