མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྨན་ཚོང་གི་ངོ་བོར་འགྱུར་ན་རིག་གནས་རྒྱུན་གནས་ཐུབ་རྒྱུ་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་སྤེན་པའི་ཉིན་༼རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ༽བཞུགས་སྒར་དུ་དབུ་འཛུཊ་གནང་ཡོད་ཅིང་། ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་རྒྱལ་ཁབ་ ༢༡ ལྷག་གིས་སྐུ་ཚབ་དང་སྨན་པ་གྲངས་ ༢༢༧ ལྷག་མཉམ་ཞུགས་ཀྱིས། གཏམ་བཤད་ཁག་ ༣༥ དང་། དཔྱད་རྩོམ་༢༡ བཅས་སྒྲོག་སྦྱང་གནང་རྒྱུ་ཡིན་འདུག 

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག   བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་ངྷ་ས་བོད་ཀྱི་སྨན་རྩིས་ཁང་། ཝ་ནཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན། རྡོར་གླིང་ལྕཊ་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག ༼རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ༽  ངྷ་ས་སྨན་རྩིས་ཁང་གི་མཐོ་སློབ་ཚོཊ་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་དང་། སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་དབུས་པའི་སྨན་པ་རྣམ་པ།  འཕྲོད་བསྟེན་དྲུང་ཆེ་དང་སྨན་རྩིས་ཁང་གི་འགན་འཛིན། ཐེངས་འདིའི་ཚོགས་འདུར་ཆེད་བཅར་བའི་རྒྱལ་ཁབ་ ༢༡ དང་ས་གནས་ཡན་ལག་ཁག་གི་སྐུ་ཚབ། སྨན་རྩིས་མཐོ་སློབ་ཀྱི་དགེ་སློབ་བཅས་མི་ ༥༠༠ ཙམ་མཉམ་ཞུགས་གནང་འདུག  

མཛད་སྒོའི་ཐོག་མར་སྐུ་མགྲོན་དང་ཚོགས་བཅར་ཡོངས་སྐུ་བཞེངས་ཐོག་བོད་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏོང་གནང་མཁན་སྤྱི་དང་། ལྷག་པར་ཉེ་བའི་ཆར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དུས་ཡུན་སྐར་མ་ ༢ རིང་མྱ་ངན་རྗེས་དྲན་དང། ཚོགས་ཞུགས་པ་ཡོངས་ཀྱིས་གཡུ་ཐོག་གསོལ་འདེབས་གསུང་འདོན། སྐུ་མགྲོན་གཙོ་བོ་མཆོག་ནས་སྐུའི་བླ་སྨན་ཟུར་པ་ཨམ་ཆི་ཡེ་ཤེས་དོན་ལྡན་ལགས་སུ་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་དང་། དམིགས་བསལ་སྐུ་མགྲོན་མཆོག་ནས་སྐུའི་བླ་ཞབས་སྨན་པ་ཚེ་རིང་ལགས་སུ་སྨན་སྦྱོར་དེབ་སྐྱེལ་ལག་འཁྱེར་འབུལ་བཞེས་བཅས་གནང་རྗེས།  སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་སོང་།

གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་གནང་དོན་ལྟར་ན། ཐེངས་འདིའི་ཚོགས་ཆེན་ནི། ཕྱི་ལོ་ ༧༢༨ ལོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་དཀར་ནག བལ་ཡུལ།སྟག་གཟིག་སོཊ་ཕྱོཊ་མཐའི་སྨན་པ་གྲཊ་ཅན་ ༩ གདན་དྲངས་ཏེ། བསམ་ཡས་གཙུག་ལག་ཁང་དུ་རྒྱལ་སྤྱིའི་གསོ་བ་རིག་པའི་ཚོཊ་ཆེན་ཐེངས་དང་པོ་ཚོཊ་པ་དང་། དུས་རབས་ ༢༠ དང་ ༢༡ ནང་ས་གནས་འདྲ་མིན་དུ་གསོ་བ་རིག་པའི་ཚོཊ་ཆེན་ཆེ་ཕྲ་མང་པོ་ཚོཊ་ཡོད་ཀྱང་། སྤྱི་སྒེར་ཚོགས་སྡེ་མང་པོས་གོ་སྒྲིག་འགན་འཁུར་དང་རྒྱལ་ཁབ་འདྲ་མིན་ནས་སྨན་པ་མང་པོ་ཕེབས་ཏེ། རྒྱལ་སྤྱིའི་རང་བཞིན་གྱི་ཚོཊ་འདུ་ཚོགས་པ་བརྒྱ་ཕྲག་བརྒྱད་པའི་རྗེས་ཀྱི་ཐོག་མ་ཆཊ་ཡོད་སྟབས། འབྲེལ་ཡོད་ཚང་མས་དགོངས་པ་གཅིག་མཐུན་ལྟར། ཐེངས་འདིའི་ཚོགས་ཆེན་ལ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་འདུ་ཐེངས་གཉིས་པར་ངོས་འཛིན་གྲོས་འཆམ་བྱུང་ཡོད་འདུག ཚོགས་འདུའི་དམིགས་ཡུལ་གཙོ་ནི་འཛམ་གླིང་ནང་བོད་ཀྱི་གསོ་བ་རིག་པ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་ཀྱང་། སྔར་ལྷག་གོང་འཕེལ་གྱིས་ཉམས་པ་སོར་ཆུད་འབྱུང་ཐབས་སྤྱི་དང་། ཁྱད་པར་འཛམ་གླིང་ས་ཕྱོཊ་གང་སར་གནས་པའི་སྨན་པ་རྣམས་ལྷན་འཛོམས་ཀྱིས་ཕན་ཚུན་ཉམས་མྱོང་གོ་རྟོཊ་སྤེལ་རེས་དང་། བགྲོ་གླེང་གོ་བསྡུར་གནང་ཐུབ་ཚེ། སྨན་པ་རང་གི་ཐོས་རྒྱ་མཐོང་རྒྱ་དང་ཤེས་ཚད་གོང་འཕེལ་འགྲོ་བ་ཙམ་དུ་མ་ཟད། གསོ་བ་རིག་པའི་གཞུང་ལུཊ་ཀྱི་མན་ངག་ལག་ལེན་ཕྱུག་ཏུ་འགྲོ་བ། དེ་བཞིན། ཚན་རིག་ཡར་རྒྱས་ཕྱིན་ཏེ་རྫས་མཚོན་འཕྲུལ་ཆས་ཀྱི་གནས་ཚད་མཐོན་པོར་བསླེབས་པ་དང་། ནད་མཚོན་དམག་འཁྲུག་གི་ཡོ་ལང་ཆེ་བའི་དུས་རབས་འདིའི་ནང་བྱུང་དང་འབྱུང་བཞིན་པའི་ནད་རིཊ་གསར་ཐོན་རིཊ་ལ་མཉམ་རུབ་ཀྱིས་ཉམས་ཞིབ་དང་། ཉེན་འགོག་དང་གསོ་ཐབས་ཀྱི་ཐབས་ལམ་འཚོལ་ཐབས། གཞན་ཡང་དེང་དུས་ཀྱི་རིག་གསར་སྨན་དང་། རྒྱ་གར་ཚེ་ཡི་རིག་བྱེད། སིངྷི། ཡོ་ག རང་བཞིན་གྱི་སྨན། ཁ་ཆེའི་ཡུ་ན་ནི། འཛར་མན་གྱི་ཧོ་མོ་པ་ཏི། རྒྱ་ནག་གི་ཀྲུང་དབྱིའི་སྨན་ལ་སོཊ་སྨན་གྱི་གཞུང་ལུཊ་མི་འདྲ་བའི་ཐོག་ཉན་བཤད་སློབ་སྦྱོང་དང་ཕན་ཚུན་གོ་བསྡུར་སྦྱང་བཤད་བརྒྱུད། གཞུང་ལུཊ་སོ་སོའི་མན་ངག་ལག་ལེན་ཕར་སྤྲོད་ཚུར་ལེན་བྱས་ཏེ། མཐར་ཐུག་གི་དམིཊ་ཡུལ་ལུས་སེམས་ནད་ཀྱིས་མནར་བའི་མཁའ་མཉམ་འགྲོ་བ་ཡོངས་ལ་དངོས་ཤུཊ་བརྒྱུད་གསུམ་ནས་ཕན་ཐོཊ་ཞབས་འདེཊ་ཞུ་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་འདུག

ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག རྒྱ་གར་དང་ཨ་རི། རྒྱ་ནག ཐའེ་ཝན། བལ་ཡུལ། འབྲུག སོག་པོ། ཉི་ཧོང་། སུད་སུ། ཧོ་ལན་ཌི། ཨེ་སི་རལ། ར་ཤི་ཡཱ། ཧང་གྷ་རི། སི་པན། ལེ་ཁྲེ་ཝེ་ཡཱ། ཨོ་སི་ཊོ་རི་ཡཱ། སི་ཝེ་ཌན། འཇར་མན། དབྱིན་ལན། ཨི་ཊ་ལི། ཧྥ་རན་སི་བཅས་རྒྱལ་ཁབ་ ༢༡ སྨན་པ་གྲངས་ ༡༧༢ ། དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་ ༢༡། གསུང་བཤད་གནང་མཁན་མཁས་དབང་ ༢༨ བཅས་ཁྱོན་གསོ་བ་རིག་པའི་རྒྱུན་འཛིན་པ་ ༢༢༧ བཅས་འཛོམས་ཡོད་ཅིང་། ཉིན་གསུམ་རིང་སྨན་རྩིས་མཐོ་སློབ་ཚོགས་ཁང་དང་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་བཅས་སུ་ཚོགས་ཐུན་ ༢༠ ཆ་བགོས་ཀྱིས། བརྗོད་གཞི་གཙོ་བོ། དེང་དུས་ཀྱི་ཉམས་ཞིག་འགྲོ་ལུཊ་དང་ལུས་ཀྱི་རྣམ་གཞག ནད་སྣ་འདྲ་མིན། སྨན་རྫས་དང་སྨན་སྦྱོར། གཞུང་དོན་ལ་དཔྱད་ཞིབ་དང་དཀའ་གནད་དོགས་སེལ། དཔྱད་བཅོས་ལག་ལེན་དམར་འཁྲིད། བྱུང་རབས་ལོ་རྒྱུས། གཞན་ཚན་དཔྱད་བསྡུར། སྨན་པའི་སྒོ་གསུམ་གྱི་བྱ་བ། རྩ་ཆུའི་ནད་ཐོག་ཉམས་མྱོང་། སྨན་གྱི་ལུགས་སྲོལ་གཞན་གྱི་ལྟ་གྲུབ་ལག་ལེན། རྒྱལ་ཁབ་འདྲ་མིན་སོ་སོའི་ནང་གསོ་བ་རིག་པའི་གནས་སྟངས། དེང་དུས་རིག་གསར་སྨན་དང་གསོ་བ་རིག་པ་ཐུན་མོང་གིས་ཉམས་ཞིབ་དང་ཟུང་འབྲེལ་ལག་ལེན་བྱ་ཕྱོགས། ཉམས་ཞིབ་གྲུབ་དོན་གཏམ་བཤད། ཉམས་ཞིབ་དཔྱད་རྩོམ་སྒྲོག་སྦྱང་། ཉམས་མྱོང་དང་དགོངས་འཆར་སྤེལ་རེས་བཅས་མཁས་པ་ཁག་གིས་གཏམ་བཤད་གྲངས་ ༣༧ དང་། དཔྱད་རྩོམ་ ༢༡ བཅས་སྒྲོག་སྦྱོང་གནང་རྒྱུ་ཡིན་འདུག

སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཐེངས་འདིའི་ཚོགས་ཆེན་དེ་དུས་རབས་བརྒྱད་པའི་ནང་བསམ་ཡས་ལ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེའི་གཉིས་པ་ཡིན་ཚེ། སྐབས་དེའི་ཚོགས་འདུའི་གནས་ཚད་དང་ཕྱག་ལས་གནང་ཕྱོགས། གྲུབ་འབྲས་བཅས་ལ་ཚོད་དཔག་དང་རིག་སྒོ་ཤུཊ་ཆེར་ཕྱེ་དགོས་པ་ཞིག་ཆགས་ཡོད་པ་དང་། ཚོགས་འདུ་དེ་ཟླ་བ་ཙམ་མིན་པར་ལོ་ནས་ལོ་བསྟུད་དེ་གནང་བའི་བྱུང་རབས་ཤིག་ཡོད་དགོས་པ་མ་ཟད། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་འདི་མཇུག་སྐྱོང་གིས་ལས་རིམ་ནང་ཚོགས་འདུ་གོ་སྒྲིག་གནང་མཁན་སྡེ་ཚན་བཞི་ཡིས་ཐུགས་འགན་མུ་མཐུད་བཞེས་ཏེ། རྗེས་འབྲས་ཀྱི་ཕྱག་ལས་མང་པོ་ཞིག་གནང་ཐུབ་ཚེ་དགེ་མཚན་ཡོད་སྐོར་དང་། དེ་བཞིན། བོད་ཀྱི་གསོ་བ་རིག་པའི་ད་ལྟའི་གནས་སྟངས་ཐད། ཁོང་གིས། “ ད་ལྟའི་གནས་སྐབས་སུ་ང་ཚོའི་རིག་གནས་ཉམས་ཆག་འགྲོ་བའི་འགལ་རྐྱེན་ཆེ་ཤོས། དེང་རབས་སྤྱི་ཚོཊ་ཀྱི་ནང་དུ་རྩ་འགང་ཆེ་བའི་རིག་པའི་གནས་མང་པོ་ཞིག་ཆུད་ཟོས་དང་ཉམས་ཆཊ་འགྲོ་གི་ཡོད། བདག་ཉིད་ཆེན་མོ་གྷན་ངྷིས་རིག་པ་བརྒྱ་ཕྲག་གིས་དེང་རབས་ཀྱི་དཔལ་ཡོན་ལ་དགག་པ་མཛད་པའི་ཞོར་དུ། དེང་རབས་ཀྱི་སྨན་པ་དང་ཁྲིམས་རྩོད་པ། འགྲན་བསྡུར་ལམ་སྲོལ་སོཊ་ཟུར་དུ་བཀར་ནས་ཐེར་འདོན་བྱས་ཡོད། སྨན་གྱི་ལམ་སྲོལ་ཐེར་འདོན་བྱས་དོན། ནད་པ་ཚོང་རྫས་ཆགས་ཏེ་ནད་པ་མེད་ན་སྨན་པ་ལྟོཊ་ཤི་ཐེབས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་སྟབས། སྤྱི་ཚོཊ་ནང་ནད་མེད་པར་བཟོ་རྒྱུ་མིན་པར། སྤྱི་ཚོགས་ནང་ནད་པ་མང་པོ་བཟོ་རྒྱུ་སོགས། སྨན་དེ་སྨན་པའི་འཚོ་ཐབས་ཀྱི་ངོ་བོ་དང་ཚོང་གི་ངོ་བོར་ཆགས་ཀྱི་ཡོད་པ་རེད། ད་ལྟའི་གོ་ལ་གཅིག་གྱུར་གྱི་ལམ་སྲོལ་འདིའི་འོག ཚོང་ལས་ཆེ་ཤོས་འཕྲོད་བསྟེན་དང་སྨན་གྱི་གནས་སྟངས་རེད། བོད་སྨན་གྱི་རིག་གནས་ནང་དམིགས་ཡུལ་དང་པོ་དེ་སྤྱི་ཚོགས་ནང་ནད་པ་མེད་པར་བཟོ་རྒྱུ་དང་ནད་པ་ཉུང་དུ་གཏོང་རྒྱུ་དེ་རེད།  སྔོན་འགོག་གི་ཐབས་ལམ་དེ་གསོ་བའི་ཐབས་ལམ་ལས་གལ་ཆེ་བར་བརྩིས་ཏེ། མི་ན་བ་དང་འཇིགས་རྟེན་ནང་ནད་པ་མི་ཡོང་བའི་ཐབས་ཤེས་གཙོ་བོ་གནང་གི་ཡོད་པ་རེད། གལ་སྲིད། ནད་བྱུང་བ་ཡིན་ན་གང་འདྲ་བྱས་ཏེ་གསོ་མིན་ཟས་དང་སྤྱོད་ལམ་སྣ་ཚོགས་ཀྱི་སྒོ་ནས་དྲག་ཐུབ་ཀྱི་རེད། དེར་བརྟེན། དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་། སྲོལ་རྒྱུན་གྱི་རིག་གནས་དེ་གནས་ཐུབ་ཆེད་ང་ཚོས་བྱ་བ་དེ་ཚོང་ལས་ལ་མི་འགྱུར་བའི་ཐབས་ཤེས་བྱ་རྒྱུ་དེ་རིག་གནས་གཅེས་སྐྱོང་གི་ནང་ཧ་ཅང་གནད་འགག་ཆེ་བའི་དོན་དག་ཅིག་ཡིན་པ་གྷན་ངྷིས་ངོས་འཛིན་བྱས་པ་རེད་ལ། ང་ཚོས་ཀྱང་ངོས་འཛིན་བྱེད་ཀྱི་ཡོད། ” ཅེས་གསུངས་བྱུང་།

ཡང་ཁོང་གིས་བོད་སྨན་ཚོང་ལས་ཀྱི་ངོ་བོར་འགྱུར་བཞིན་པའི་གནས་སྟངས་ཐད། “ ད་ལྟའི་ཆར་ང་ཚོ་བོད་པའི་སྨན་དེ་ཡང་ཚོང་ལས་སུ་འགྱུར་བའི་རྟགས་མཚན་ཞིག་མཐོང་བསྡད་ཀྱི་འདུག ད་ཆར་བོད་སྨན་གྱི་རྒྱབ་ཤ་གང་འདྲ་བྱས་ཏེ་སྙིང་རྗེ་བོ་བཟོ་མིན་དང་རིལ་བུ་ཞིབ་ཞིབ་བཟོ་ཐབས།  དྲིལ་བསྒྲགས་ཀྱི་ཡི་གེ་འདྲ་ཆགས་བཟོ་མིན་སོགས་ལ་དོ་སྣང་བྱེད་ཀྱི་འདུག དེ་མིན་སྨན་གྱི་འགྱུར་འགྲོས་དང་སྔོ་སྨན་བསྒྲུབ་པའི་སྐབས། རྗེས་སུ་སྨན་སྒྲུབ་བྱེད་པའི་ཐད་གནད་འགག་ཆུང་ཆུང་དུ་གཟིཊ་ཏེ་སོང་བ་ཡིན་ན། བོད་པའི་སྨན་གྱི་ཚོང་ཡོང་སྲིད་ཀྱང་། སྨན་གྱི་རིག་གནས་གནས་རྒྱུ་ཁག་པོ་རེད་བསམ་གྱི་འདུག དེའི་ཐད་འབྲེལ་ཡོད་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་མཐོང་བསྡད་ཡོད། ལྷག་པར་ང་ཚོ་རྒྱ་གར་དུ་བསླེབས་པའི་ལོ་ ༥༠ ཡས་མས་རིང་སྨན་རྩིས་ཁང་དང་། སྨན་གྱི་སློབ་སྦྱོང་དང་ལག་ལེན་གནང་མཁན་ཡོད་པ་རེད། ང་ཚོའི་བསམ་བློའི་ནང་རྒྱ་གར་ནང་ཁྲིམས་མཐུན་གྱི་ངོས་ལེན་མེད་སྟབས།  ཁྲིམས་ཁང་གིས་ཁྲིམས་འགལ་ལ་ངོས་འཛིན་གྱིས་སྨན་པ་ཁྲིམས་ཐོག་ཏུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་སྲིད་པ་རེད། ད་ལྟ་ང་ཚོ་ཨ་ཡོ་ཝེ་བརྒྱུད་དེ་ངོས་འཛིན་ཡོད་པར་བཟོས་ཡོད་སྟབས། དེ་དང་སྦྱར་ནས་ཝ་རཱ་ནཱ་སི་སྡེ་ཚན་དེ་རྒྱ་སྐྱེད་དུ་བཏང་སྟེ་ལོ་ལྟར་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་སྐྱེད་སྲིང་བྱ་རྒྱུ་དང་། རྒྱ་གར་ནང་སྡེ་ཚན་གང་མང་རྒྱ་སྐྱེད་གཏོང་རྒྱུ།  དེ་བཞིན། རྒྱ་གར་ཕྱི་ཕྱོགས་སུ་སྨན་འཁྱེར་བའི་ཐད་རྒྱ་གར་འཕྲོད་བསྟེན་ལས་ཁུངས་དང་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་ལས་ཁུངས་དབར་ཁྲིམས་མཐུན་ངོས་ལེན་ཐོག་གཏོང་ཐུབ་པར་བྱ་རྒྱུའི་འབད་བརྩོན་གནང་དགོས་པ་རེད།  ལྷག་པར་དུ་ད་རེས་ཀྱི་ཚོགས་ཆེན་དེ་བསམ་ཡས་ཚོགས་འདུ་དང་པོའི་ཚོགས་ཆེན་གཉིས་པའི་ངོ་བོ་ངེས་པར་དུ་མཚོན་ཐུབ་པར་བཟོ་རྒྱུ་ཡིན་ན། དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་བསླུ་བྲིད་འོག་མི་འགྲོ་རྒྱུ་དང་། དེང་རབས་དང་མཐུན་པའི་ཉམས་ཞིབ་ལས་རིམ་མང་པོ་གནང་རྒྱུ། རྒྱ་གར་གྱི་ཚེ་ཡི་རིག་བྱེད་དང་བོད་ཀྱི་གསོ་བ་རིག་པའི་བར་མཚུངས་བསྡུར་དང་ཁ་གསབ་བྱེད་པའི་ཐབས་ལམ་ལ་གཟིགས་རྒྱུ་དང་། མ་འོངས་པར་སྨན་པ་སློབ་སྦྱོང་གནང་མཁན་ཚོས། བོད་པ་རང་གིས་གཞུང་དང་ལག་ལེན་མན་ངག་གསུམ་ཡོད་པའི་ནང་ནས། གཞུང་དོན་སློབ་སྦྱོང་དང་ལག་ལེན་གཉིས་དོ་མཉམ་པ་དང་ཆ་ཚང་བ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ”ཅེས་གསུངས་བྱུང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 6

  1. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    ད་དངོས་ནས་སེམས་སྐྱོ་བོ་རེད་ཡ། གོང་གི་མཁས་དབང་གི་གསུང་བཤད་དང་། འོག་གི་མཆན་འགོད་མཁན་རྣམས་ལ་བལྟ་དུས། དེང་སང་དུས་རབས་གང་དུ་སླེབས་ཟིན་པ་ད་དུང་ཤེས་ཚོར་མེད་པ་འདྲ། སྨན་རྩིས་ཁང་དུས་རབས་དང་མཐུན་པའི་མདུན་སྐྱོད་ཆེན་པོ་ཕྱིན་ཡོད་པ་དང་། རང་རིགས་མི་དམངས་ལ་མེད་དུ་མི་རུང་བའི་སྨན་སྦྱིན་གྱི་སྦྱིན་བདག་ཆེན་པོ་ཞིག་ཡིན་པ་ཤེས་མེད་པ་འདྲ། སྨན་རྩིས་ཁང་འདི་དང་པོ་ནས་༧གོང་ས་མཆོག་གིས་གཅིག་རིག་གནས་རྩ་ཆེན་འཛམ་གླིང་གི་སྐྱེས་འགྲོ་ཡོངས་ན་ཕན་བདེ་སྒྲུབ་ཆེད་དང་། ཡང་དགོས་བཙན་བྱོལ་དུ་ཡོད་ང་ཚོ་མི་དམངས་ལ་སྨན་སྦྱིན་རག་ཐབས་སུ་རེད། དེ་བཞིན་སྨན་རྩིས་ཁང་ནས་ད་བར་དུ་བོད་མི་ཉམ་ཐག་དང་རྒན་པོ་སློབ་གྲ། བོད་ནས་གསར་འབྱོར་སོགས་ལ་སྨན་སྦྱིན་དང་ཕྱེད་བཅག་སོགས་ལོ་རེ་ཧིན་སྒོར་འབུམ་བརྒྱ་དང་བཅུ་ཙམ་ཕངས་མེད་གཏོང་བཞིན་ཡོད། འདི་ཐམས་ཅད་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྨན་རྩིས་ལས་བྱེད་ཐུན་མོང་གི་དཀའ་ལས་རྒྱབ་ནས་རྒྱ་གར་གྲོང་ཁྱེར་ཁག་ཏུ་སྨན་རིན་ཆ་ཚང་བླང་ནས་ང་ཚོའི་གཞིས་ཆགས་ཁག་ཏུ་གཏོང་གི་ཡོད་པ་རེད། དེ་མ་གནས་རྣམས་བོད་གཞུང་དང་ཕྱི་རྒྱལ་ཚོགས་སྡེ་གང་ནས་ཀྱང་ཡོང་གི་ཡོད་པ་མ་རེད། སྨན་རྩིས་ཁང་རང་ངོས་ནས་ལས་བྱེད་ཐུན་མོང་འབད་པའི་རྔུལ་ཆུ་ལས་ཡོང་གི་ཡོད་རེད། དེ་ངེས་བར་དུ་ཤེས་ན་ཡག་པོ་རེད།

    Reply
  2. རིག་རྒྱམ། says:
    ལོ་ 13 སྔོན།

    བོད་ཀྱི་གསོ་བ་རིགས་པའི་གཞུང་ལུགས་ཇི་ཙམ་ཡར་རྒས་གོང་མཐོར་སོང་ཡང་སྨན་རིགས་ཁེ་སང་ཁོ་ནའི་ཆེད་སྒོར་མོ་སུ་མང་ལ་ཚོང་བསྒྱུར་བྱས་ན་སྤྱི་ཚོགས་ལ་ཞབས་ཞུ་དེ་ཙམ་འགྲོ་ཁེགས་པོ་རེད། ད་དུང་དབུས་དང་ཡན་ལག་གི་ཁྱབ་ཁུངས་སོ་སོར་སྨན་རིགས་དོ་དམ་སོགས་ཀྱི་སྒྲིགས་གཞི་ཚགས་ཚུད་མེད་པའི་རྣམ་པ་སྐྱོ་བོའི་རིགས་ལ་གཞིབས་དཔྱོད་དང་འཐུས་སྒོ་ཇེ་ཚང་དུ་མ་བཏང་ན་ས་གནས་བོད་རིགས་ནད་པ་ཉམས་ཐག་དག་གིས་ཀྱང་སོ་སོར་དགོས་པའི་བོད་སྨན་དེ་ཏག་ཏག་མི་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དཔེར་ན་སྦེལ་ཀོབ་གཙོས་པའི་ཡན་ལག་སྨན་རྩིས་ཁང་མང་པོར་སྔོན་མ་ནས་ནད་པ་ཅི་འདྲའི་ཛ་དྲག་ཡིན་ཡང་རིན་ཆེན་རིལ་བུ་རྡོག་མ་གཉིས་མ་གཏོགས་བཙོང་མི་སྲིད་པ་ཡིན། དབུས་སྨན་རྩིས་ཁང་གི་རིལ་བུ་རྣམས་ཚོང་བསྒྱུར་ཁོ་ནའི་ཆེད་ཁེ་སང་གང་ཇེར་བཙོང་བས་མི་འདངས་པ་ཡིན་ནམ། རྩ་བའི་དཔལ་འབྱོར་དང་ཡང་ན་སྨན་རྫས་སོགས་ཀྱིས་མཐུན་རྐྱེན་མ་འཛོམས་པ་ཡིན། གང་ལྟར་བལ་ཡུལ་དང་ལྷ་ས་དག་ན་ཚོང་པ་ག་གེ་མོ་རེ་ནས་བོད་གཞུང་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཕོན་ཆེན་བཙོང་གི་ཡོད་པའི་གནས་གསལ་བོ་མང་པོ་གོ་རྒྱུ་འདུག་ཚོང་པ་དེ་ཚོས་ལྐོག་དངུལ་སྤད་ནས་འཁྱེར་འགྲོ་ཡི་མེད་ན། ས་གནས་ཁག་གི་ནད་པ་ཉམས་ཐག་དག་ལ་རིལ་རྡོག་གཉིས་རེ་མ་གཏོགས་མི་བཙོང་བའི་རྒྱུ་མཚན་འདུག་གམ། བོད་གཞུང་སྨན་རྩིས་ཁང་ཞེས་མིང་བྱང་རྙིང་པ་དོར་མེད་པའི་རིན་ཆེན་རིལ་བུ་དག་ལྷ་ས་ནས་ཉོས་ན་རིལ་བུ་རྡོག་གཅིག་ལ་རྒྱ་སྒོར་25 དཀར་མཛེས་སོགས་རྫོང་ཁུལ་སོགས་ནས་རིལ་རྡོག་གཅིག་ལ་རྒྱ་སྒོར་50རེ་བྱས་ནས་བཙོང་གི་ཡོད་འདུག དེ་འདྲའི་སྐྱི་གཡའ་བའི་གནས་ཚུལ་གྱི་འབྱུང་རྩ་དག་ལ་གཞིབས་དཔྱོད་ཀྱིས་དབུས་དང་ཡན་ལག་དང་བཅས་པའི་ཀུན་སྤྱོད་ལ་དག་ཐེར་དང་ཕུག་འདུན་ཇེ་ལེགས་སུ་གཏོང་བའི་རེ་སྐུལ་ཞུ།།ོ འདི་ངེས་པར་དུ་འགོད་རོགས་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་བསླུ་བྲིད་འོག་མི་འགྲོ་རྒྱུ་གལ་ཆེ་ཡང་། དེང་རབས་དང་མཐུན་པའི་ཉམས་ཞིབ་ལས་རིམ་མང་པོ་གནང་རྒྱུར་རྗེས་ལུས་ལོ་མང་ཐེབས་ཟིནད་པ་མིན་ནམ། ལགས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་ སྐུ་མགྲོན་གཙོ་བའི་མདུན་གྱི་མཚན་བྱང་དེ། CHIEF GUST PROE SAMDHONG RINPOCHEཞེས་པའི་ཚབ་ཏུ། སྐུ་མགྲོན་གཙོ་བོ། མཁས་དབང་ཟམ་གདོང་རིན་པོ་ཆེ། ཞེས་བཀོད་གནང་ན་དེ་འདྲའི་ལེན་པ་ལ། བོད་ནང་རྒྱ་མིས་བཙན་གྱིས་རྒྱ་ཡིག་གི་མིང་བྱང་བཀོད་བཅུག འདི་ནས་ང་ཚོས་སྣང་བ་རྣམ་རྟོག་རྩ་བ་ནས་མེད་པར་ཨ་གསར་དང་ཧོལ་རྒྱུགས་ཀྱི་དབྱིན་ཡིག་གི་མིང་བྱང་བཀོད་ཀྱང་བྱས་ཚེ། བོད་ཀྱི་ཁྱད་ཆོས་བརླག་འགྲོ་བཞིན་མི་འདུག བོད་ཡིག་གོ་ས་ཤོར་འགྲོ་གི་མི་འདུག་གམ བོད་ཡིག་སྤྱོད་གོ་རྒྱ་ཆེ་ཆུང་དུ་ང་ཚོ་རང་གིས་གཏོང་གི་མི་འདུག་གམ། ་་་་་་་ཟེར།

    Reply
  5. གཙང་ཕྲུག་སྟོབས་ལགས། says:
    ལོ་ 13 སྔོན།

    གོ་སྒྲིག་པ་ལགས། ཚོགས་འདུ་དེ་བོད་ཀྱི་གསོ་བ་རིག་པའི་ཐོག་བོད་ཀྱི་སྨན་པའི་ཚོགས་ཆེན་ཞིག་ཡིན་སྟབས། སྐུ་མགྲོན་གཙོ་བའི་མདུན་གྱི་མཚན་བྱང་དེ། CHIEF GUST PROE SAMDHONG RINPOCHEཞེས་པའི་ཚབ་ཏུ། སྐུ་མགྲོན་གཙོ་བོ། མཁས་དབང་ཟམ་གདོང་རིན་པོ་ཆེ། ཞེས་བཀོད་གནང་ན་དེ་འདྲའི་ལེན་པ་ལ། བོད་ནང་རྒྱ་མིས་བཙན་གྱིས་རྒྱ་ཡིག་གི་མིང་བྱང་བཀོད་བཅུག འདི་ནས་ང་ཚོས་སྣང་བ་རྣམ་རྟོག་རྩ་བ་ནས་མེད་པར་ཨ་གསར་དང་ཧོལ་རྒྱུགས་ཀྱི་དབྱིན་ཡིག་གི་མིང་བྱང་བཀོད་ཀྱང་བྱས་ཚེ། བོད་ཀྱི་ཁྱད་ཆོས་བརླག་འགྲོ་བཞིན་མི་འདུག བོད་ཡིག་གོ་ས་ཤོར་འགྲོ་གི་མི་འདུག་གམ བོད་ཡིག་སྤྱོད་གོ་རྒྱ་ཆེ་ཆུང་དུ་ང་ཚོ་རང་གིས་གཏོང་གི་མི་འདུག་གམ། བདག་གི་བསམ་ཚུལ་ནོར་འདུག་དགོངས་ན་དགོངས་སེལ་ཞུ།

    Reply
  6. མི་རྒོད། says:
    ལོ་ 13 སྔོན།

    གནས་ལྔ་རིག་པའི་པཎྡི་ཏ་ཆེན་མོ་རྫེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་གསུངས་ལ་ཉན་ནས་རང་སེམས་རྣལ་མར་བབས་ཐུབ་ཚེ་དགེ་མཚན་འབུམ་ཕྲག་ནས་བྱེ་བ་ལྡན་ཡིན་ཡང་དེང་སྐབས་ང་ལས་འགྲུབ་པའི་གནམ་གྲུའི་ཤོག་པ་མང་བས་རྫིག་རྫིག་གི་ལྡིང་ཕྱ་ཡུད་ཙམ་སྐྲུན་པ་ལས་ལག་ལེན་དོན་ཐོག་ཏུ་འཁེལ་བ་ཉི་སྐར་རེད། ད་སྨན་པ་རྣམས་བླ་མས་གསུངས་ལ་ཉོན་ཨང་། ད་བར་བྱས་པ་དང་། བྱེད་བཞིན་པ་ལག་མཐིལ་ནང་སྐྱུ་རུ་ར་ནང་བཞིན་གསལ་སྟོན་གནང་འདུག་བཀྲིན་སྙིང་དབུས་ཆེ་སྙིགས་དུས་ཀྱི་མ་ཧ་པཎྡི་ཏ་མཆོག་ཞབས་པད་ཇི་སྲིད་ཇི་སྲིད་དུ་གནས་པ་ཤོག། ད་སྨན་རིན་ནི་ཟླ་བ་ནས་ཟླ་བར་འཕར་འགྲོ་ཡི་འདུག་རང་ལུས་མེར་བསྲེག་མ་ཐུབ་ཀྱང་སྤྱི་ཕན་འདྲ་སྐྲུན་གང་ལེགས། བོད་ཀྱི་གསོ་རིག་བསྟན་འཛིན་སྐྱེས་བུ་རྣམས་རྒྱལ་བ་ཤོག།།།། བོད་ཀྱི་གསོ་རིག་ཚོང་པ་རྣམས་གུད་པ་ཤོག།།།།།
    བོད་ལ་རང་དབང་རྒྱལ་གྱུར་ཅིག།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese