དོ་དགོང་བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་ཁོངས་སུ་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག
དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༨ ཙམ་གྱི་སྟེང་། བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་རུ། རང་ལོ་ ༢༥ ཡིན་པའི་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱིས། རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་བཙན་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཕུང་དགོན་པར་གདན་ཞུ་བྱས་ཏེ་དགོན་གྲོང་གཉིས་ཀྱི་མི་མང་ཡོངས་འདུ་འཛོམས་ཐོག་ཁ་བཏགས་བསྒྲོན་པ་དང་བསྔོ་སྨོན་གསུངས་ཡོད་འདུག
ཨ་འཇམ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་སྐབས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས་པ་དང་། ༸པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས་པ། བོད་མི་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་འདུག
དོ་དགོང་བོད་ནང་གི་ཆུ་ཚོད་ ༡༠། ༣༠ ཙམ་ལ། དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་འདུ་འཛོམས་ཐོག དཔའ་བོ་ཁོང་གི་སྐུ་གདུང་རྐང་ཚ་དགོན་པའི་མདུན་ཐད་ཀྱི་དུར་ཁྲོད་དུ་གདན་འདྲེན་གྱིས་ཞུགས་འབུལ་གནང་བཞིན་ཡོད་པ་དང་། མི་མང་གིས་སྐད་ཤུགས་ཆེན་པོས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་སྐད་གསེང་མཐོན་པའི་གདུང་འབོད་དང་བསྔོ་སྨོན་གསོལ་འདེབས་གྱེར་བཞིན་པ་མ་ཟད། སེམས་ཀྱིས་མ་བཟོད་པར་ཀི་འབོད་སོགས་ཀྱང་བྱེད་ཀྱིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ནི་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོ་ནས་ཡིན་པ་དང་། ཁོང་ནི་མ་མཁའ་འགྲོ་འཚོ་དང་ཕ་འདས་པོ་བསྟན་འཛིན་གཉིས་ཀྱི་བུ་ཡིན་འདུག
ད་ལྟའི་ཆར་རྒྱ་གཞུང་གི་དམག་མི་མང་པོ་གཅིག་འཕྲོར་གཅིག་བྱས་ཏེ་སྐུ་གདུང་ཞུགས་འབུལ་གནང་སར་འབྱོར་བཞིན་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྨོངས་རླབས་ཀྱིས་འཕྱུག་པའི་གྲོགས་པོ་ཚོ། བསམ་ཤེས་པ་དང་དཔྱོད་ཤེས་པ་ཞིག་ལ་འབད་པ་བྱེད་རོགས། སྔོན་ཆད་ནས་ད་ལྟའི་བར་དུ་སྲིད་སྐྱོང་གཙོས་བའི་གཞུང་ལ་ཤ་ཞེན་ཡོད་མདོག་གི་གཞུང་ཞབས་པ་དེ་ཚོས་མི་བུ་རང་མཚན་པ་ཞིག་ལ་འཁུ་བའི་ལས་འགུལ་ལ་བཀག་སྡོམ་ཅི་འདྲ་བྱས་ཡོད་མེད་ཁྱེད་ཅག་གིས་མཐོང་ཐོས་མ་བྱུང་ངམ། འོན་ཀྱང་། གླིང་ཚ་བ་འདི་ལྟར་རང་ཐག་རང་བཅད་ཀྱིས་ཕར་བསྐྱོད་བྱ་དགོས་བའི་རྒྱབ་ལྗོངས་དངོས་གང་ཡིན་ཁྱེད་ཚོས་ཤེས་ཀྱིན་ཡོད་དམ། གང་ལྟར་ཉེས་སྐྱོན་གང་ཡིན་ཀྱང་ཞིབ་མོ་བློ་ཡིས་བརྟག་པ་ལས་གཡམ་རྒྱུག་བྱ་མི་རུང།
བྱེ་གླག་ཞེས་པས་མ་རབ་ཐལ་ཤལ་གྱིས་བོད་མི་རིགས་དབུ་ཁྲིད་ལ་གཉན་ཕྲང་དུས་ཆིག་སྒྲིལ་བརྒྱབ་སྐྱོར་མེད་པ་རྒྱ་དམར་བཞིན་སྐྱོན་བརྗོད་བྱེད་པ་ཧ་ཅང་གི་ཡིད་སྐྱོ་དེ་འདྲ་ཡིན་ན་བོད་མི་མི་རེ་ངོ་ལས་འགུལ་སྤེལ་ན་འགྲིག་གི་ཡོད་པ་ཤེས་མ་བྱུང་བས་དེ་ལ་དགའ་བསུ་བྱེད་པ་རེད་མ་གཏོགས་བོད་མི་ཆིག་སྒྲིལ་ཅན་སུ་ཞིག་ཀྱང་ངོ་རྒོལ་གཏན་ནས་བྱེད་འདོད་ཀྱི་མ་རེད་རྗེས་སུ་བསམ་བློ་ནན་མོ་གཏང་ནས་བོད་པ་ཙམ་གཟན་ཤེས་པའི་ཐོག་དགྲ་དགའ་བའི་བྱ་བ་གཉན་ཕྲང་དུས་བྱེད་མི་ཐལ་བ་ཡིད་འཇགས་ཞུ།།།།
ང་ཚོའི་སྤྱི་ཚོགས་ནང་གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་རྒྱུན་ལྡན་ཞིག་ཏུ་བརྩི་བཞིན་འདུག་་་་་
རང་ཉིད་འབག་སྐུ་བཞིན་བཞུགས་ནས་གཞན་ལ་འབག་སྐུ་ཞེས་ལབ་ན་དེ་འདྲའི་འོས་འཚམས་ཤིག་རེད་དམ་་་་་དེ་འདྲའི་ལས་འགུལ་སྤེལ་བར་འདོད་ན་གཅིག་པུས་སྤེལ་ན་འགྲིག་གི་ཡོད་པ་རེད་་་་་་་་གླིང་ཚ་ཚེ་བརྟན་རྡོ་རྗེ་ནང་བཞིན་ལས་འགུལ་སྤེལ་དང་་་་་་དེ་ནས་ཁ་ཕྱིར་འཁོར་ནས་སྐུལ་སློང་བྱས་ན་འོས་འཚམས་ཤིག་ཡོད་པ་རེད་་་་་
བོད་གཞུང་གིས་མི་དམངས་ཚོའི་བླ་མ་མེད་པའི་ཚེ་སྲོག་གི་མཆོད་མེ་སྤར་འཇུག་འདོད་འདུག་གམ། འདི་ལས་ལྷག་པའི་ཕན་ནུས་ལྡན་པའི་ལས་འགུལ་འདྲ་སྤེལ་རྒྱུ་མི་འདུག་གམ ཞེས་པའི་འདི་སྒྲ་འཇུག་ཡུལ་དེ་གསལ་བཤད་ཞིག་གནང་རོགས། བྱེ་ཐང་གི་བྱ་རྒན་ལགས།
སླར་ཡང་མི་ཡི་དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།
བོད་གཞུང་གིས་མི་དམངས་ཚོའི་བླ་མ་མེད་པའི་ཚེ་སྲོག་གི་མཆོད་མེ་སྤར་འཇུག་འདོད་འདུག་གམ། འདི་ལས་ལྷག་པའི་ཕན་ནུས་ལྡན་པའི་ལས་འགུལ་འདྲ་སྤེལ་རྒྱུ་མི་འདུག་གམ། བཀའ་ཁྲི་མཆོག་ལའང་གསར་གཏོད་ཀྱི་བྱ་བཞག་རླབས་ཆེན་རེ་རེས་ལམ་སྟོན་བྱེད་རྒྱུ་མེད་དམ། དེ་མེད་ན་སྔར་ནས་བཤད་པའི་རྩ་དམ་གསུམ་པོ་བརྗོད་བྱས་སྟོང་ཞིང་། ཁ་ལག་མེ་ཆུ་ལྟར་འགལ་ཟླར་སོང་བས། བཀའ་བློན་གྱི་བཞུགས་ཁྲིའི་སྟེང་དུ་འབག་སྐུ་བཞིན་བཞུགས་པ་ཐོ་ཡོར་ཙམ་ལས་གཞན་དུ་མ་མཆིས། ང་ཚོའི་སྤུན་ཟླ་ཚོས་འདི་ལྟར་དགྲ་ལ་རྒོལ་བའི་སྙིང་སྟོབས་ཞུམ་དུ་མེད་ན། བྱེས་གྱར་བ་ཚོས་འདི་ལྟར་སྒང་ལ་བུད་ནས། ཁོང་ཚོའི་ཅི་བྱས་ལ་མིག་གིས་འཚོ་བཞིན་གྲགས་འགུལ་མེད་པར་འདུག་དོན་ཅི་ཡིན་ནམ། ངོ་མ་ཡིད་སྐྱོ་ཞིང་ཞེ་སྨྲེང་བ་ཞིག་རེད།