གཟའ་ལྷག་པའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་ཁུལ་རྙོག་གྲ་དེ་ཁོང་ལ་འབྲེལ་བ་མེད་སྐོར་དང་། ཨ་རིའི་རོགས་དངུལ་བེད་ལོག་ཏུ་བཏང་མེད་པའི་ཐད་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཌ་ནཱ་རོ་བྷ་ཆཱར་(Dana Rohrabacher)གྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་ཁུལ་རྙོག་གྲ་དང་། ཨ་རིའི་རོགས་དངུལ་བེད་ལོག་ཏུ་གཏོང་བཞིན་ཡོད་པའི་ཉེས་འཛུགས་ཡི་གེ་ཞིག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཚན་ཐོག་ཏུ་བཏང་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་མཆོག་གིས་ཁོང་ཉིད་རྙོག་གྲ་དེར་འབྲེལ་བ་གང་ཡང་མེད་པ་དང་། ཨ་རིའི་རོགས་དངུལ་བེད་ལོག་ཏུ་བཏང་མེད་པའི་སྐོར་ལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད།
ཨ་རིའི་གྲོས་ཚོགས་འཐུས་མི་ཌ་ནཱ་རོ་བྷ་ཆཱར་གྱིས་སྲིད་སྐྱོང་གི་མཚན་ཐོག་ཏུ་བཏང་པའི་ཡི་གེ་དེའི་ནང་། སྲིད་སྐྱོང་བློ་བཟང་སེང་གེ་དང་། དེ་བཞིན་བོད་ཀྱི་དཔོན་རིགས་གཞན་པ་བློ་བཟང་སྙན་གྲགས་དང་། རྒྱ་རི་བློ་གྲོས། ཟམ་གདོང་རིན་པོ་ཆེ་ལ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་དེ་ཕུལ་བ་ཞིག་ཡིན་པ་དང་། སྲིད་སྐྱོང་དང་དེ་འབྲེལ་གྱི་ཤོག་ཁག་ཚོས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ཞབས་ཞུ་སྡེ་ཚན་དང་། དེར་རྒྱབ་སྐྱོར་དང་དཀའ་ལས་རྒྱག་མཁན་གྱི་ཨ་རིའི་བོད་མི་ལས་བྱེད་པ་རྣམས་ལ་དམའ་འབེབས་དང་གནོད་ཚབ་ཆེ་བའི་བྱ་སྤྱོད་སྤེལ་བ་དེ་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱ་དགོས་སྐོར་བརྗོད་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསར་འགོད་བསྒྲགས་གཏམ་ནང་། “ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ། བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་། ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།” ཅེས་བཀོད་འདུག
ཌ་ནཱ་རོ་བྷ་ཆཱར་གྱིས། “ ངས་ད་དུང་བོད་པར་དམིགས་པའི་ཨ་རིའི་རོགས་དངུལ་དེ་དག་བེད་སྤྱོད་ལོག་པར་གཏོང་ཚུལ་སྐྱོན་བརྗོད་ཤུགས་ཆེ་ཡོང་བ་འདི་ཤེས་ཀྱི་ཡོད། ཨ་རིའི་གྲོས་ཚོགས་ཀྱིས་ལོ་མང་དཀའ་ལས་བརྒྱབ་་ནས་སྲིད་འཛིན་སྡེ་ཁག་ལ་གདེང་སྤོབས་དང་གནོན་ཤུགས་སྤྲད་དེ། བོད་ལ་དབང་སྒྱུར་མཁན་རྒྱ་ནག་དམར་ཤོག་དབང་འཛིན་པ་ཚོར་ཁ་གཏད་འཐབ་རྩོད་བྱེད་མཁན་གྱི་བོད་པ་རྣམས་ལ་སྐྱབས་བཅོལ་དང་། དཔལ་འབྱོར་ཡར་རྒྱས་ཀྱི་རོགས་རམ། དེ་བཞིན་ཕུགས་རྒྱང་རིང་པོར་དགོས་པའི་རོགས་རམ་གཞན་པ་རྣམས་ཐོབ་ཡོད། གལ་ཏེ་ཨ་རིའི་རོགས་རམ་རྣམས་བེད་སྤྱོད་ལོག་པར་བཏང་ཡོད་པའམ། དེ་ཡང་རྒྱ་ནག་དམར་ཤོག་དང་བོད་པའི་དབང་ཆ་སྒྱུར་མཁན་རྣམས་ཀྱི་ལག་ལ་ཕྱིན་ཡོད་ཚེ། ངས་དེ་དག་ཤེས་པར་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན།” ཞེས་བརྗོད་ཡོད།
ཨ་རིའི་རོགས་དངུལ་བེད་ལོག་ཏུ་བཏང་མེད་པའི་ཐད། སྲིད་སྐྱོང་མཆོག་གིས་ “བོད་མིའི་སྒྲིག་འཛུགས་ནང་རོགས་དངུལ་བེད་ལོག་བྱས་རིགས་གཏན་ནས་མེད་པར་ཕྱི་གསལ་ནང་གསལ་ཡིན་པར་ང་ཚོར་གདེང་སྤོབས་ཆེན་པོ་ཡོད། སྤྱི་ཚོགས་བདེ་དོན་དང་འཛུགས་སྐྲུན་ཆེད་གནང་སོན་བྱུང་བའི་རོགས་དངུལ་ཨ་སྒོར་རེ་རེ་བཞིན་རྩིས་ཞིབ་འཕེར་བ་ཡོད་པ་མ་ཟད། རོགས་ཚོགས་སོ་སོར་རྩིས་ཁྲ་འབུལ་དགོས་ལྟར་རོགས་དངུལ་བེད་སྤྱོད་ཇི་བཏང་གི་རྩིས་ཁྲ་ཆ་ཚང་དང་ཁ་གསལ་འབུལ་བཞིན་ཡོད།” ཅེས་གསལ་བཤད་གནང་འདུག
དེ་བཞིན། ཌ་ནཱ་རོ་བྷ་ཆཱར་གྱི་ཡི་གེ་དེའི་ནང་། “ཨ་རིའི་གྲོས་ཚོགས་ནང་གི་བོད་པའི་གྲོགས་པོ་ཚོས་བོད་ནང་རང་སྲོག་གཏོང་མཁན་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་ཡོད་པ་དང་། ཁོང་ཚོ་རྐྱེན་ལམ་དུ་ཤོར་བར་མྱང་ངན་དང་། ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། དེ་མཚུངས་ངས་ཁྱེད་རང་དང་ཁྱེད་ཀྱི་ཤོག་ཁག་ཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱིས་བོད་མི་དམངས་ལ་གུ་ཡངས་བའི་བགྲོ་གླེང་དང་རང་དབང་གི་གནས་ཚུལ་སྤྲོད་ལེན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ་འདིར་ལྐོག་གཡོ་ངན་ཇུས་སྤེལ་ན་དེར་བཟོད་སྒོམ་བྱེད་ཀྱི་མིན། ངས་ད་དུང་བོད་ཕྱི་ནང་གཉིས་ནས་ཨ་རིའི་རོགས་རམ་ལེན་མཁན་རྣམས་ལ་ལྟ་རྟོག་ཞིབ་ཚགས་བྱས་ནས་རོགས་རམ་དེ་དམིགས་ཡུལ་ཐོག་སྐྱོད་པ་དང་། དེ་དག་ཨ་རིའི་ཁེ་ཕན་ལ་མཐུན་པའི་ཐོག་ནས་བེད་སྤྱོད་ཡོང་བར་ལྟ་རྟོག་ནན་པོ་བྱེད་ཀྱི་ཡིན།” ཞེས་བརྗོད་ཡོད་པའི་ཐད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། “ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་གསུངས་འདུག
གཞན་ཡང་། ཨ་རིའི་གྲོས་ཚོགས་འཐུས་མི་ཌ་ནཱ་རོ་བྷ་ཆཱར་གྱི་ཡི་གེ་དེའི་ནང་། “ཐོབ་པར་དཀའ་བའི་ཨ་རིའི་ཕྱི་རྒྱལ་རོགས་དངུལ་དེ་དག་རྒྱ་ནག་དམར་ཤོག་ལ་འཐབ་རྩོད་བྱེད་མཁན་རྒྱ་ནག་དམངས་གཙོ་རྩོད་ལེན་པ་དང་། ཆོས་འཁོར་ཚོགས་པ། དེ་བཞིན་ཡུ་གུར་མི་རིགས་སོགས་ལ་སྤྲོད་དགོས། ཁོང་ཚོས་རྒྱ་ནག་ནང་ལ་རང་དབང་དང་དམངས་གཙོ་གོང་འཕེལ་ཡོང་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ནི་དམར་ཤོག་གི་ལམ་ལུགས་དེ་ཡིན་པའི་ཁུངས་སྐྱེལ་དང་ངོས་འཛིན་གསལ་པོར་བྱས་ཡོད། བོད་པའི་དཔོན་རིགས་ཚོ་དང་མི་འདྲ་བར། ཁོང་ཚོས་ལངས་ཕྱོགས་བརྟན་པོར་འཛིན་ཞིང་། རུལ་སུངས་དང་སྲིད་དབང་སྒེར་གཅོད་པ་དང་མཉམ་སྦྲེལ་བྱ་རྒྱུར་འདོད་པ་མེད།” ཅེས་དང་།
“བོད་མི་རང་བསྲེགས་གཏོང་མཁན་ ༧༥ རྣམས་ཀྱིས་ཁྱེད་ཚོས་རྩོད་ལེན་བྱེད་པའི་སྲིད་བྱུས་ཏེ། རྒྱ་ནག་དམར་པོའི་རྒྱལ་ཁབ་ནང་ལ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞིག་ཡོང་ཆེད་ལས་འགུལ་སྤེལ་གྱི་མེད། དེ་ལས་ལྡོག་ཏེ། རང་དབང་དང་། མི་རིགས་རང་ཐག་རང་གཅོད། དེ་བཞིན་རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་མཚམས་འཇོག་ཡོང་ཆེད་ཁོང་ཚོས་རང་སྲོག་བློས་གཏོང་བྱས་ཡོད།” ཅེས་བཀོད་ཡོད་པ་རེད།
(ཌ་ནཱ་རོ་བྷ་ཆཱར་གྱི་ཡི་གེ་བོད་འགྱུར་གྱི་ནང་དོན་དག་མིན་རིགས་མཆིས་ཚེ་དབྱིན་ཡིག་གི་མ་ཡིག་རང་ལ་གཞི་འཛིན་བྱ་དགོས།)
བོད་ཀྱི་དཔོན་རིགས་གཞན་པ་བློ་བཟང་སྙན་གྲགས་དང་། རྒྱ་རི་བློ་གྲོས། ཟམ་གདོང་རིན་པོ་ཆེ་ལ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་དེ་ཕུལ་བ་ཞིག་ཡིན། ཞེས་བཀོད་ཡོད་པ་ལ་བལྟས་ན་ད་ཕྱི་མིས་ཀྱང་ཧ་གོ་ཡོང་གི་འདུག་ཡ། བོད་པའི་གནད་དོན་གང་ནས་འགག་གི་ཡོད་པའི་སྐོར། ད་དུང་ཞིབ་འཇུག་གནང་ནས་གསལ་ཐག་ཆོད་བཟོ་རོགས་སྐུལ་མ་ཞུ་བཞིན་ཡོད། ནང་གི་སྙིགས་མ་མ་སེལ་ནས་ད་བར་༧གོང་ས་མཆོག་ལ་མཛད་དཀའ་བཟོ་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་དམར་ཤོག་དང་བོད་པའི་དབང་ཆ་སྒྱུར་མཁན་རྣམས་ཀྱི་ལག་ལ་ཕྱིན་ཡོད་ཚེ། ངས་དེ་དག་ཤེས་པར་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན།” ཞེས་གསུངས་པ་བཞིན། ཐུགས་རྗེ་ཆེ་ངེས་བར་དུ་གནང་རོགས་ཞུ་རྒྱུ་ཡིན།
སེམས་དཀར་ལགས་སོགས་མི་རེ་ཟུང་ནས་སྲིད་སྐྱོང་མཆོག་གིས་རང་ཉིད་དཀར་འདོན་བྱེད་པ་ལས་སྒྲིག་འཛུགས་དཀར་འདོན་བྱས་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག འོན་ཀྱང་ཨ་རིའི་ལས་བྱེད་དེས་སྲིད་སྐྱོང་དང། ཟམ་གདོང་རིན་པོ་ཆེ། རྒྱ་རི་བློ་གྲོས་རྒྱལ་མཚན། སྐུ་ཚབ་བློ་བཟང་སྙན་གྲགས་བཅས་མིང་འདོན་གྱིས་གང་ཟག་ལ་སྐྱོན་བརྗོད་བྱེད་པ་ལས། སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་མི་འདུག་པས་སྲིད་སྐྱོང་ནས་དཀར་འདོན་བྱེད་སྟངས་འགྲིག་འདུག་སྙམས།
ཐེངས་འདིའི་གནད་དོན་འདི་རྣམ་པའི་ཐོག་ནས་ཅུང་ཟད་ཛ་དྲག་པོ་ལྟ་བུར་སྣང་ཡང་། དོན་ལ་དེ་ཙམ་ཆེ་རྒྱུ་ཅང་ཡོད་ནི་མ་རེད་སྙམ། སྤྱི་འཐུས་ཚོགས་གཙོ་དང་། བློ་བཟང་སྙན་གྲགས་གཉིས་ཀྱིས་གསལ་གསལ་ཐིང་ཐིང་ཤེས་ཡོད་པ་མ་ཚད་གྲོས་ཕུག་ལ་ཟམ་གདོང་རིན་པོ་ཆེ་ཡོད་པ་རེད་འདུག འོན་ཀྱང་ངན་ཁག་དེ་སྲིད་སྐྱོང་ཐོག་ལ་གཡུག་པ་དེས་བསྒྲགས་གཏམ་ནང་དུ་་”བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན”ཞེས་གསུང་པ་ཡང་ཐུགས་ཁག་གཏན་ནས་མེད། སྔར་གྱི་ཞེ་འཁོན་ཞིག་དང་དེ་ཡང་དོལ་རྒྱལ་དང་འབྲེལ་ཡོད་མོད་ཀྱང་། ཁྱབ་བརྡལ་བྱས་ན་འཛམ་གླིང་མི་དམངས་ཀྱི་རྣ་ལ་སྙན་མོ་ཞིག་ཡོད་ནི་མ་རེད།
ངས་བསམ་ན། གནད་དོན་འདི་ཆུང་ཆུང་ཞིག་མ་རེད། ཟམ་སྟོང་བླ་རྒན་དང་། སྲིད་སྐྱོང་སོགས་ཀྱིས་ལྐོག་ལས་ཀྱི་གསང་བ་ཕྱིར་མངོན་པ་རེད། སྲིད་སྐྱོང་གིས། བོད་གཞུང་ངམ་སྒྲིག་འཛུགས་དཀར་འདོན་མི་བྱེད་པར། ཁོ་རང་གཅིག་པོ་དག་འབུད་བྱས་པ་འདི་ངོ་མ་ཡིད་ཕམ་པའི་གནས་ཤིག་རེད།
ལྷག་པར་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཟེར་བ་དེ་མྱི་ངན་གདོན་འདྲེ་ལྟ་བུ་ཞིག་པ་ཡིན་པ་ཡོངས་གྲགས་རེད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་ཨ་རིར་དུས་དབང་གནང་སྐབས། སྐལ་ལྡན་བློ་གྲོས་དང་ངན་འབྲེལ་བྱས་ནས་དབང་ཡོན་ལྐོག་ཟ་བྱས་པའི་ལོ་རྒྱུས་ཤར་ནུབ་གཉིས་སུ་གྲགས་ཡོད།
ད་ལོར་ཡང་༧གོང་ས་མཆོག་ཨ་རིའི་ཝིར་ཇི་ནི་ཡར་ཟེར་བ་དེར་ཆིབས་བསྒྱུར་བསྐྱངས་སྐབས། ༧གོང་ས་མཆོག་གདན་འདྲེན་ཞུ་མཁན་སྒེར་གྱི་མི་ཚང་རྒྱལ་མཚན་ཚངས་པོ་ཚང་དང་མཉམ་འབྲེལ་བྱས་ནས་ཨ་སྒོར་གྲངས་མེད་ཧམ་བཟོས་བྱས་ཡོད་པ་མ་ཟད། ད་དུང་ཁོས་ཨ་རིའི་བོད་ཀྱི་དོན་གཅོད་ཁང་དང་། ཝིར་ཇི་ནི་ཡའི་བོད་རིགས་ཚོགས་པ་གཉིས་ཀྱི་བར་ལ་འགལ་བ་བཟོས་ཡོད་པའི་ལོ་རྒྱུས་ཡོངས་གྲགས་རེད།
༧གོང་ས་མཆོག་གི་ཆིབས་བསྒྱུར་འདི་དང་པོར་མི་ཚང་དེས་རྒྱ་རི་རིན་པོ་ཆེར་འབྲེལ་བ་ཞུས་སྐབས། རྒྱ་རི་རིན་པོ་ཆེས་༧གོང་ས་མཆོག་མི་ཚང་ཞིག་གིས་གདན་འདྲེན་ཞུས་ན་མི་འགྲིགས་ཚུལ་གསུང་ཏེ། དངས་ལེན་གནང་མི་འདུག དེ་རྗེས་མི་ཚང་འབྱོར་ལྡན་དེས་བློ་བཟང་སྙན་གྲགས་ལ་ལྐོག་དངུལ་སྤྲད་དེ། སྒེར་གྱི་གདན་ཞུས་ཏེ་ལམ་སློང་བྱུང་འདུག
ད་དུང་བློ་བཟང་སྙན་གྲགས་ཟེར་བ་དེས། འབྲུག་པ་དང་བལ་བོའི་མི་སེར་མང་པོའི་ལག་ནས་ལྐོག་དངུལ་བླངས་ཏེ་བོད་མིའི་དཔྱ་ཁྲལ་ལག་དེབ་མང་པོ་བཟོས་ཡོད་ཅིང་། བོད་དང་རྒྱ་གར་ནས་ཨ་རིར་འབྱོར་བའི་བོད་མི་མང་དག་ཞིག་ལ་བོད་མི་མ་རེད་ཅེས་ཉེས་འཛུགས་བྱས་ཏེ། དཔྱ་ཁྲལ་ལག་དེབ་མ་བཟོས་པའི་ལོ་རྒྱུས་ཨ་རིའི་ཉིའི་ཡོཀ་ཀི་གྲོང་ཁྱེར་ནས་ཡོང་འི་བོད་མི་མང་པོ་ཞིག་གིས་བཤད་ཀི་འདུག
དེ་སོགས་བློ་བཟང་སྙན་གྲགས་དང་། སྐལ་ལྡན་བློ་གྲོས་གཉིས་ཀྱིས་བསགས་པའི་ནག་ཉེས་སྐལ་བརྒྱར་འབད་ཀྱང་འདག་མི་སྲིད།
གང་ལྟར་ཨ་རིའི་གྲོས་ཚོགས་འཚོགས་མིས་སྐྱོན་འཛུགས་གནང་བ་དེ་དཀར་འདོན་བྱེད་མ་ཐུབ་ན། བོད་མིར་ཚབས་ཆེའི་གྱོང་གུད་དང་། གཞིས་ལུས་བོད་མི་ཤི་གསོན་གཉིས་ཀར་བློ་ཕམ་ཚད་ལས་འདས་པ་འབྱུང་རྒྱུ་ཡིན་པས། དེའི་ཐད་སྲིད་སྐྱོང་ངམ་ལས་ཀྱི་སྣེ་མོར་གཏོགས་པ་ཚོ་ནུས་པ་ཡོད་ན་འདོན་རན་རེད། དེ་རིང་དེ་ཙམ་ཡིན།
ཨ་རིའི་གྲོས་ཚོགས་འཐུས་མི་ཌ་ནཱ་རོ་བྷ་ཆཱར་གྱི་སྲིད་སྐྱོང་བློ་བཟང་སང་གེ་མཆོག་
གི་མཚན་ཐེར་འདོན་བྱེས་དེ་སྔུལ་ལོར་བེམ་མེད་བྱེས་ཡོད་སེར་བ་དེ་ལ་བློ་ཕམ་ཡོད
ཧ་ཧ། གལ་སྲིད་ཁུག་རྟ་འདི་སྲིད་སྐྱོང་ཡིན་ན། གངས་ཅན་སྐྱིད་གཤོངས་འདི་མུག་གཤོངས་སུ་བསྒྱུར་ཤག་རེད།
གནད་དོན་འདི་ནི་དངོས་གནས་བྱས་ན་ཨེ་ཤ་ཡ་རླུང་འཕྲིན་ལས་བྱེད་ནང་ཁུལ་གྱི་འཐབ་རྩོད་གནད་དོན་ཙམ་ཞིག་དང་། དེ་ཡང་སྐལ་ལྡན་བློ་གྲོས་ཀྱི་བྱ་སྤྱོད་ཅིག་ཡིན་པ་ནི་ལས་བྱེད་གཞན་ཚང་མས་ང་ཕོད་འཇིག་མེད་ལ་རྒྱབ་སྐྱོར་གྱི་ཡི་གེར་ས་ཡིག་བཀོད་ཡོད་ཀྱང་། སྐལ་ལྡན་བློ་གྲོས་གཅིག་པུས་བཀོད་མེད་པའི་གནས་ཚུལ་འདི་ནས་གསལ་པོ་རེད། ཡིན་ན་ཡང་སྐབས་འཚོལ་བ་འགའ་རེས་གནད་དོན་འདི་བེད་སྤྱད་ནས་བོད་པའི་དབུ་ཁྲིད་ཚོར་སྐྱོན་འདོན་ཞུ་བཏུག་བྱས་རྐྱེན། ཨ་རིའི་གཞུང་ཕྱོགས་ནས་ཡི་གེ་དེ་བཏང་ཡོད་གཟོ་འདུག སྲིད་སྐྱོང་མཆོག་ནས་དེ་ལ་གསལ་བཤད་གནད་སྨིན་གནང་འདུག་པ་ནི་དགོས་ངེས་སུ་མཐོང་། ད་དུང་གནད་དོན་འདིའི་འབྱུང་རྩ་བརྩད་གཅོད་བྱེད་རྒྱུ་ཡང་གལ་ཆེ་བར་སེམས།
ཤར་ཕྱོགས་ཁུག་རྟས།
དངོས་གནས་བྱས་ན་གསལ་བཤད་འདི་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་མཚན་ཐོག་གམ་སྒེར་དྲུང་མཚན་ཐོག་ནས་བཏང་ཡོད་ན་ཏག་ཏག་རེད་འདོད། ཡིན་ནའང་ཚར་བ་རེད། སྲིད་སྐྱོང་མཆོག་གིས་འདི་འདྲ་ཞིག་བྲིས་ཡོད་ན། ་་་་་་་
ཤར་ཕྱོགས་ཁུག་རྟ་ཁྱོད་རང་གི་ང་ཚོའི་སྲིད་སྐྱོང་མཆོག་ལ་མ་རབས་ཀྱི་སྐྱོན་བརྗོད་འདི་འི་རིགས་བཞག་ན་ཡག་བགྱིད་རེད་དོ། །
དངོས་གནས་བྱས་ན་གསལ་བཤད་འདི་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་མཚན་ཐོག་གམ་སྒེར་དྲུང་མཚན་ཐོག་ནས་བཏང་ཡོད་ན་ཏག་ཏག་རེད་འདོད། ཡིན་ནའང་ཚར་བ་རེད། སྲིད་སྐྱོང་མཆོག་གིས་འདི་འདྲ་ཞིག་བྲིས་ཡོད་ན།
བརྩེ་བའི་ཨ་རིའི་གྲོས་ཚོགས་འཐུས་མི་Dana Rohrabacherལགས།
ཉིད་ནས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐོར་གྱི་རྙོག་གླེང་དང་འབྲེལ་ཏེ་གྲོས་ཚོགས་ནང་ཚོར་བ་ཐད་སྤྲོས་ཀྱི་བཀའ་མོལ་གནང་བ་དག ཕྱིའི་རྣམ་འགྱུར་གྱི་ཆ་ནས་ང་ཕོད་ལ་རྒྱབ་སྐྱོར་བྱེད་ཁུལ་ཡང། ནང་དོན་ཨ་བོད་དབུས་དམངས་བར་དཀྲོགས་གཏམ་འབྱུང་གཞི་དང། དབུ་མའི་ལམ་གྱི་སྲིད་བྱུས་ལ་དམའ་འབེབས། བོད་རྒྱ་འབྲེལ་མོལ་ལ་བསམ་བཞིན་འགལ་རྐྱེན་བསྐྲུན་འདུག་པས། ཁྱེད་ཀྱིས་ཞིབ་འཇུག་མེད་ལ་གཞན་ཟེར་རྗེས་ཟློས་ཀྱི་བཀོད་མངགས་དང་དུ་བླངས་པ་ནི་མི་གཤིས་དང། རྣམ་དཔྱོད། བཟང་སྤྱོད་གང་གི་ཕྱོགས་ནས་ཀྱང་ཡིད་སྐྱོ་དགོས་པའི་གནང་སྟངས་ཤིག་རེད།
རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱས་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་། ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།
སུས་གསན་ཀྱང་ཡ་མཚན་དགོས་པའི་གནད་དོན་ཞིག་ནི། བོད་ནང་བྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནང་མཁན་གྱི་མངོན་འདོད་ལ་ལོག་འགྲེལ་བྱས་པ་དེ་རེད། རང་སྲེག་གཏོང་མཁན་ཚོའི་སྐད་འབོད་དང་ཞལ་ཆེམས་རྫུན་བཟོ་བྱས་ན་ཉེས་ཚབས་ཆེན་པོ་རེད་ལ། སྐུ་ཉིད་ལ་དེ་བས་ཀྱང་རྫུན་བཟོ་བྱེད་པའི་འོས་བབ་ཅི་ཡང་ཡོད་པ་མ་རེད། དེ་བཞིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་སྟེང་གི་ཞི་བ་དང་དྲང་བདེན། མང་གཙོ་བཅས་ལ་འགན་འཁུར་གནང་ཕྱོགས་ནི་ཨ་རི་རྒྱལ་ཁབ་རང་ཉིད་ཀྱི་རྩ་ཁྲིམས་ཀྱི་མ་ལག་ཐམས་ཅད་ཀྱི་སྙིང་དོན་ཡིན་སྟབས། ཨ་རིའི་གཞུང་ནས་དྲང་བདེན་དང་མང་གཙོ། ཡ་རབས་དང་བྱམས་བརྩེ་ལྡན་པའི་བཙན་བྱོལ་བོད་མི་ཚོར་རོགས་དངུལ་གནང་བཞིན་པ་ནི་ཨ་རི་རྒྱལ་ཁབ་ཆེན་པོའི་རྩ་དོན་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ལ་རླབས་ཆེན་མཛད་འཕྲིན་དེར་གོ་སྐབས་འདིའི་ཐོག་ཏུའང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་ཡིན་སྟབས། དམིགས་དོན་འདི་རྒྱུན་འཁྱོངས་གནང་ཡོད་མེད་ཐད་དེ་ནས་ཐུགས་འཁུར་ཆེ་བཞེས་གནང་རོགས། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྲིད་སྐྱོང་བློ་བཟང་སེང་གེས།།
ད་ཡར་བཤད་མར་བཤད་ཀྱིས་ཕན་ཐོགས་ཀྱི་མ་རེད། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་དང་གྲོས་ཚོགས་ཚོགས་མི་ཞིག་གི་ངོས་ནས་གནང་བའི་ཕྱག་འཕྲིན་རེད། ཁུངས་ལུང་དང་གནས་ལུགས་མེད་པ་ཞིག་རྩ་བ་ཉིད་ནས་ཡིན་ནི་མ་རེད། འདི་ལ་ཁྲིམས་ལྟར་ཐག་གཅོད་བྱེད་ཆོག་གི་རེད། གལ་སྲིད་དོགས་པ་ཡོད་པའམ། ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་སོགས་ཀྱི་རང་ཉིད་དཀར་པོ་བཟོ་འདུན་ཡོད་ན། ཨ་རིའི་ཁྲིམས་ཁང་ལ་གཏུགས་བཤེར་བྱེད་ཆོག་གི་རེད་ལ། དྲང་བདེན་གྱི་ཐག་གཅོད་ཡོང་གི་རེད། དེ་ལས་ལྡོག་ན། ནག་ཉེས་ཁུར་ནས་རྡ་ས་བརླག་མཁན་གྱི་མཚན་གནས་རྗེས་འབྲེལ་སྒང་སྡོད་དགོས་པ་ནི་ས་རིས་ཐང་གསལ་རེད།
གཞན་དེ་ཨ་རིས་འདི་ལྟར་རོགས་བསྐྱོར་གནང་གི་ཡོད་པ་རེད་ལ། དབང་ཆ་གཅིག་སྡུད་མེད་པ་གཏོང་ཐབས་ཡིན་པ་གསལ་བོ་དག་པོ་གསུང་གི་ཡོད་པ་རེད། ཡིན་ནའི། རྒྱ་ནག་གཞུང་ངོས་ནས་དབང་ཆ་གཅིག་སྡུད་སྦས་ནས་ཀྲུང་རྒོལ་ཞེས་མིང་ཞིག་འདོགས་ཀྱི་ཡོད་པ་རེད། དེ་དོན་ཙམ་ཡང་ཧ་གོ་མེད་མཁན་ཚོ་ནི་ངོ་མ་སྨྱུ་གུ་འཛིན་མཁན་དུ་གྱུར་བ་ནི་སྙིང་རྗེ་དགོས་པའི་གནས་རེད།
ཟླ་བ་བསོད་ནམས་ལགས་ཀྱང་ཕེབས་འདུག ངོ་མ་བཤད་པ་ཡིན། གཞུང་འབྲེལ་གྱི་འགྲོ་སྟངས་དེ་ག་རང་རེད། འདི་ལ་དོགས་པ་ཡོད་པ་མ་རེད། ད་ལྟ་དེ་ལྟའི་ལམ་ནང་མི་འགྲོ་བའི་ཐབས་དམ་པ་ནི། སྐུ་ངོ་བློ་སེང་གིས་རང་ཉིད་གཅིག་པུ་གནད་དོན་དེར་འབྲེལ་བ་མེད་པ་གསལ་བོ་བཟོ་རྒྱུ་ཁོ་ན་མ་ཡིན་པར། གནད་དོན་སློང་མཁན་ཚོར་རྡུང་རྡེག་ནན་མོ་གཏོང་ཐུབ་དགོས་ཀྱི་ཡོད་པ་རེད། དེ་ལྟར་ཕྱོགས་གཉིས་ཀ་ནས་འབབ་ས་ཞིག་བརྙེད་ཐུབ་ཀྱི་རེད། དེ་ལས་ལྡོག་ན། འབབ་ས་བརྙེད་ཀྱི་མ་རེད། དེ་ལྟ་ཞིག་མ་རེད་དམ།
ངན་ཕྱོགས་ནས་གླེང་སློང་བྱེད་དགོས་བྱུང་ན་ང་ཚོ་བོད་པའི་མིར་རྣམ་དཔྱོད་དམིགས་བསལ་ཅན་ཞིག་ཡོད་ཐག་ཆོད་འདུག
ང་ཡ་མཚན་སོང་། ནམ་རྒྱུན་གྱི་དུས་བབ་སྟེང་གི་མཆན་གྲངས་གཉིས་གསུམ་དེ་ལྡབ་འགྱུར་མང་པོར་ཕར་ནས་འདུག
སྐབས་འདིར་ང་ཚོས་བརྟག་དཔྱད་དང་ཞིབ་འཇུག་རྒྱུས་མངར་ཞུགས་དགོས་པའི་དུས་ལས་ཁ་ཚིག་བཅད་ནས་ཟིན་མཆན་འགོད་པའི་དུས་ཤིག་མིན་པར་སེམས།
ངོ་མ་ང་ཚོ་གཉན་ཕྲང་གི་དུས་འདིར་རིག་པ་རྣལ་དགོས་པར་འདུག་པས་ཚང་མས་རྒྱལ་ཞེན་ལ་རྒྱལ་གྱིས་དབུས་སུ་བཞུགས་ནས་སྐད་ཆ་ཤོད་ཅིག
གཟིམ་འཇམ་མོ།།
ཡ་ང་ཚོ་བོད་མི་རིགས་འདི་ལ་བར་ཆད་རྟག་ཏུ་ཡོད་པ་རེད། དེ་བཟོ་མཁན་ཡང་བོད་པ་རེད་འདུག་ངས་སྐལ་ལྡན་བློ་གྲོས་ཞེས་པ་གནམ་ཐང་དུ་ཐུག་མྱོང་ཡོད་དེས་སྐབས་མི་དེ་ཧ་ཅང་སྤོ་པ་ཚ་བོ་ང་རྒྱལ་ཆེན་པོ་ཡོད་པས་སྣང་ཚུལ་བྱུང་སོང་ད་དུང་གསར་བསྒྱུར་སྐད་ཆ་བཤད་ཤོད་དུས་བཅོས་མའི་སྒྲ་སྐད་མང་པོ་ཞིག་རྒྱག་གི་འདུག་ཕལ་ཆེར་ཁོ་རེ་ངོས་ནས་ཡག་པོ་ཡིན་བསམ་སྲིད་པ་རེད། ཡིནའང་འདི་གོ་བདེ་པོ་ཡིད་ལ་འཇུག་པ་ཞིག་གཏན་ནས་མིན་འདུག། བོད་པ་སྐལ་ལྡན་བློ་གྲོས་རང་༧ གོང་ལས་མཆོག་གི་དྲིན་ལས་ས་འདིར་སླེབས་མཁན་རེད། དེར་བརྟེན་ཉག་ཕྲའི་དུས་དཀྲུག་སློང་མ་བྱེད་རོགས་ལར་ཡང་རྒྱ་དམར་ལ་དགོས་པའི་བྱ་བ་ཁྱོད་དང་། ང་ཕོད་གཉིས་སུ་མ་བྱེད་རོགས་ད་ལྟ་ཨ་རི་བ་འདིས་རྫིག་སྙམས་ག་འདྲ་བྱས་ནས་ང་ཚོའི་དབུ་ཁྲིད་ལ་དམའ་བེབས་བྱེད་ཀྱི་འདུག། ཁོ་སྤྱང་དྲགས་ནས་མ་བྱས་པ་རེད་མ་གཏོགས་ཁོས་༧ གོང་ས་མཆོག་ལའང་མཚན་ཤས་བཟོ་སེམས་མེད་པ་ཞིག་མ་རེད་འདུག་ཨང་། སྐལ་ལྡན་བློ་གྲོས་རང་ལུས་ལ་སངས་རྒྱས་ཆོས་གོས་གྱོན་མྱོང་མཁན་ཞིག་ཡིན་པས་ངོ་ཚ་དགོས་པ་རེད་ད། ཁྱོ་རང་སྐད་གྲཊ་ཡོད་པའི་རྩེ་རྣམ་རྒྱལ་གྲ་ཚང་གི་གྲ་ལོག་གཅིག་རེད། དུས་རྟག་ཏུ་གོང་ས་མཆོག་མཉམ་ནང་ཆོས་ཐོས་མྱོང་བ་ཞིག་རེད། ད་འདི་འདྲ་རྙོག་གླེང་ནང་ཚུད་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཡོད་དང་འདུག་ཟེར་བའི་དུས་ཉམས་རྟགས་བསྟན་པ་རེད་ད། འདིས་ལས་བྱེད་ཚང་མ་མིང་ངན་དང་། བོད་མི་ནང་དཀྲུག། ང་ཚོའི་དབུ་ཁྲིད་ཚོར་བར་ཆད་བཟོ་ཉེན་ཡོད་པས་ཧ་ཅང་གི་གཟབ་རོགས། ཧ་ཅང་གི་གཟབ་རོགས། མི་ལུས་རིན་ཆེན་བཙོག་ཆུར་མ་རྙོག་ཞེས་འབོད་པ་ཡིན་ནོ་་་་་་་།
ཨ་རིའི་གྲོས་ཚོགས་འཐུས་མི་འདིའི་སྐད་ཆའི་ཧམ་བཤད་གཉིས་འདུག དེ་རྒྱ་ནག་གཞུང་ལ་དགོས་པའི་ཧམ་བཤད་དེ་རེད། རྣམ་པ་ཚོས་ཞིབ་ཏུ་གཟིགས་རོགས།
1 ཨ་རིའི་གཞུང་ནས་བཙན་བྱོལ་བོད་མི་ཚོར་རོགས་སྐྱོང་གནང་བ་མཐའ་དག་གི་དམིགས་དོན་ཨ་རིས་རྒྱ་ནག་ལ་ལྟ་ཕྱོགས་ཤིག་དང་འབྲེལ་ནས་ཡོང་གི་ཡོད་ཚུལ་དང། རོགས་སྐྱོར་བེད་སྤྱོད་ཀྱང་དེ་ལྟར་བྱེད་དགོས་པར་བཤད་པ་ནི་”ནུབ་ཕྱོགས་ཀྲུང་རྒོལ་ཚོགས་པའི་ཏཱ་ལའི་རུ་ཚོགས་བེད་སྤྱོད་བཏང་སྟེ་རང་རྒྱལ་ཁ་ཕྲལ་གཏོང་གི་ཡོད་”ཟེར་བ་དངོས་བདེན་དུ་སྒྲུབ་བྱེད་ཅིག་རེད་འདོད།
2 དེས་མ་ཚད་རང་སྲེག་གཏོང་མཁན་ཚོས་དམར་པོའི་རྒྱལ་ཁབ་ནང་ཁྱེད་ཚོ་ལྟར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞིག་ཡོང་ཆེད་མིན་ཅེས་པ་འདི་ནི་དེ་བས་ཀྱང་སྐད་ཆ་ཁྱད་མཚར་ཞིག་རེད། སྐད་ཆ་འདི་གྲོས་ཚོགས་འཐུས་མི་ཨ་རི་པ་དེའི་མིན་པ་ནི་སྐད་ཆ་འདིས་དམིགས་འབེན་དུ། ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་གཉིས་དྲངས་པ་དང། ཞར་དང་ཞོར་ལ་སྲིད་སྐྱོང་དང་དོན་གཅོད་གཉིས་ཀྱང་དྲུད་ནས་བེད་སྤྱོད་གཏོང་གི་ཡོད་པ་དེ་རེད།
ཨིན་ཇི་མགོ་སེར་ཚོའི་ནང་ན་བོད་ལ་ཤ་ཚ་མིན་ཅི་ལྟར་ཡང་བོད་དོན་ཁ་འཁྱེར་གྱིས་རྒྱ་ནག་གཞུང་ལ་དྲག་གཏམ་གཏོང་ཞིང་དབུ་མའི་ལམ་ལ་རེ་བ་མེད་ཚུལ་བཤད་མཁན་དང་འབྲི་མཁན་ད་བར་མ་བྱུང་བ་མ་རེད། གཅིག་བྱས་ན་བོད་པའི་སྤྱི་ཚོགས་ནང། འཁྲབ་སྟངས་འདི་རིགས་ལ་ཞེ་དྲག་རྒྱུས་མེད་ན་ཐང། ཡིན་ནའང། ཨིན་ཇིའི་སྟེང་གི་དབུ་མའི་ལམ་ལ་སྐྱོན་བརྗོད་ཁག་མཐོང་དུས་ཟློས་གར་ཆུང་ཆུང་འདི་ལ་སྣ་དགོད་ཤོར་འགྲོ་ཡི་རེད།
ཨི་རི་བ་འདི་དམིགས་དོན་གཉིས་ཡོད་པ་ནི། གཅིག་དབུ་མའི་ལམ་ལ་སྐྱོན་བརྗོད་བྱ་རྒྱུ་དང་གཉིས་རྒྱ་བོད་བར་ལ་འགལ་ཟླ་བཟོ་རྒྱུ་དེ་རེད། དེ་ནི་འབྲེལ་མོལ་གྱིས་མཚོན་དབུས་ཀྱི་སྲིད་བྱུས་ལ་ནུས་བ་མི་ཐོན་ཐབས་ལ་འབད་འབུངས་བྱ་རྒྱུ་དེ་རེད། ཡིན་ནའང། འཁྲབ་གཞུང་འདིའི་རྩོམ་པ་པོ་རྣམས་ནི་རྒྱུན་ཏུ་ཕྱི་རྒྱལ་ནང་རང་བཙན་སྨྲ་བཞིན་༧རྒྱལ་བ་རིན་པོ་ཆེ་དང་དབུས་སྒྲིག་འཛུགས་ལ་རེ་གཏོད་མེད་ཚུལ་བཤད་མཁན་གྱི་གང་ཟག་དག་གི་ནུས་བ་ཙམ་པ་བ་ཞིག་ཡིན་སྲིད་མོད། ཡིན་ནའང། འདི་རིགས་ཀྱིས་དཀྲོགས་གཏམ་ཙམ་མ་གཏོགས། མི་མང་ནང་གསལ་བོ་ཆགས་ངེས་པ་དང། ཁོ་པ་ཚོའི་དམིགས་དོན་འགྲུབ་རེ་མེད་པ་ནི་གསལ་བོ་རེད།
3 ཐབས་སྐྱོ་བོ་ཞིག་ལ། སྲིད་སྐྱོང་མཆོག་གིས་ལམ་སེང་དབུས་སྒྲིག་འཛུགས་དང་སྲིད་སྐྱོང་གོང་མ། དམིགས་བསལ་སྐུ་ཚབ་ཟུར་བ་སོགས་ཀྱི་མཚན་བྱང་ལས་ཀྱང་ངའི་མིང་ཞེས་དང་པོར་བོས་ཏེ་ལན་འདེབས་ཤིག་གནང་བ་འདིར། ཨིན་བོད་གཉིས་ཀྱི་ཤེས་ཡོན་ཅན་ཚང་མ་གད་མོ་མི་དགོད་རང་དགོད་ཆགས་ཡོད་པ་དེ་རེད། དེ་ལས་ཀྱང་རང་གིས་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ། རང་སྲེག་གཏོང་མཁན་ཚོའི་མངོན་འདོད་ལ་ལོག་འགྲེལ་བྱས་པ། ཨ་བོད་གཉིས་དང། རྒྱ་བོད་བར་ལ་འགལ་རྐྱེན་བསྐྲུན་པའི་བྱབ་ཆུང་གི་རྣམ་འགྱུར་ལ་ཨ་ལན་བརྡ་ལན་གང་ཡང་མ་གནང་བ་ནི་ཤིན་ཏུ་ཐབས་སྐྱོ་བོ་ཞིག་ཡིན་པ་དེ་ཞོར་དུ་ཞུ་འདོད་བྱུང་ལ།
གང་ལྟར་དབུ་མའི་ལམ་གྱི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ལ་ཤ་འཁོན་ལྟ་བུའི་བསམ་བློ་ཁྱེར་མཁན་གྱི་ཅོལ་ཆུང་ཁག་ཅིག་དང། ཅོལ་ཆུང་དེ་དག་གི་རྒྱབ་ཀྱི་རུལ་སུངས་རུ་ཁག རུལ་སུངས་རུ་ཁག་གི་བློ་འདྲི་བྱ་ཡུལ་རྒྱ་མིན་བོད་མིན། བོད་མིན་ཨིན་མིན་རྣམས་ལ་ཐབས་ཟད་ན་རང་གཟུགས་ཇེ་མཐོང་རེད་ཅེས་ཀྱང་སྐད་གསེང་མཐོན་པོས་སྨྲ་འདོད་བྱུང།།
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ལས་བྱེད་༤༡་ཡོངས་ཀྱིས་ས་རྟགས་བཀོད་དེ་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལ་ཡི་གེ་ཞིག་ཕུལ་ཏེ། ང་ཕོད་ཁོ་རང་ངོས་ནས་མུ་མཐུད་ཞབས་ཞུ་སྒྲུབ་འདུན་ཡོད་པ་ལྟར། བསྐྱར་དུ་ལས་གནས་སུ་འཇོག་རྒྱུའི་རེ་སྐུལ་སྙན་ཞུ་ཞིག་ཕུལ་འདུག སྙན་དེའི་ཐོག་མངོན་གསལ་བཏོད་པོའི་མཐོང་ཐུབ་པ་ཞིག་ནི་མི་གཉིས་ཀྱིས་ས་རྟགས་བཀོད་མི་འདུག གཅིག ནི་ང་ཕོད་རང་ཉིད་རེད། གཞན་དེ། ཚང་མས་བསམ་ན་སུ་ཡིན་རྒྱུ་རེད། དེ་སྐལ་ལྡན་བློ་གྲོས་རེད། འདི་གནད་འགག་གཅིག་རེད།
དེ་མིན་རྙོག་གྲ་འདིའི་རིགས་སྐུ་ངོ་ཚོའི་རྫི་གསང་ཧ་ཅང་མཐོ་སྟབས། ང་ཚོས་ནི་དེའི་ནང་དུ་དབུགས་ཅི་ཞིག་ལེན་གྱི་ཡོད་མེད་རྟོགས་དཀའ་མོ་འདུག
དྲང་མོར་བཤད་ན། རྒྱ་གཞུང་གིས་བོད་མིར་སྨྲ་བརྗོད་རང་དབང་སྤྲོད་ཀྱི་མི་འདུག་ཅེས་བརྗོད་ཞོར་ལ། སོ་སོས་རྒྱ་གཞུང་ལ་སློབ་སྦྱོང་བྱས་ན་དེ་གཏན་ནས་ཡག་པོ་མ་རེད།
གནས་ཚུལ་གང་ཞིག་ཡིན་ཡང་དྲང་ཕྱོགས་ལྡོག་ཕྱོགས་གཉི་ཆ་ནས་གླེང་སློང་བྱེད་དགོས་པ་རེད། ཕྱོགས་ངོས་མི་འདྲ་བའི་གླེང་སློང་དང་བསམ་ཚུལ། དགག་སྒྲུབ་བཅས་ཀྱིས་སྤྱི་ཚོགས་ཧྲིལ་པོའི་མི་མང་ལ་གོ་རྟོགས་འབྱེད་ཐུབ་པ་མ་ཟད། རྣམ་དཔྱོད་ལྡན་པའི་མི་མང་གིས་གྲུབ་པའི་སྤྱི་ཚོགས་ཤིག་ཆགས་ཐུབ་ནི་རེད།
མི་མང་བླུན་ལྐུག་ཏུ་སྒྱུར་བསམ་འདོད་ཀྱི་ཆབ་སྲིད་པ་དག་གིས། ནམ་ཡང་། མི་མང་ལ་ངོས་གཅིག་རང་མ་གཏོགས་སྟོན་གི་མ་རེད། ངོས་དེ་ནི་སོ་སོར་ཁེ་ཕན་གྱི་ངོས་དེ་རེད། རྒྱ་གཞུང་གི་ལས་ཕྱོགས་ཀྱང་དེ་འདྲ་རེད། དེ་འདྲའི་སྤྱི་ཚོགས་ཀྱི་མི་མང་ཚང་མ་བླུན་ལྐུག་མི་མང་ཆགས་བསྡད་ཡོད་པ་རེད། ཆུ་སྣ་གར་འཁྲིད་ཡིན་ནི་རེད། འདི་འདྲའི་མི་མང་གིས་གྲུབ་པའི་སྤྱི་ཚོགས་དེར་ག་དུས་ཡིན་ཡང་ཆག་འཇིག་དང་ཉེན་ཁ་ཁོ་ནས་གཡེང་སུ་བསྡད་ཡོད།
ང་ཚོས་བཙན་བྱོལ་སྤྱི་ཚོགས་ཀྱང་དེ་དང་ཕྱོགས་མཚུངས་ཡོད་པ་རེད། འུར་གཏམ་གཅིག་གིས་ཚང་མ་ཁ་ལོ་སྒྱུར་ཆོག་ཆོག་ཅིག་ཡོད་པ་རེད། གནས་ཚུལ་ཏོག་ཙམ་བྱུང་ནའང་མི་མང་ཚང་མ་ཟང་ཟིང་དང་འཇིགས་ཚོར་གྱིས་ཁེངས་ཡོང་གི་རེད། འདི་ནི་དངོས་གནས་སྙིང་རྗེ་བའི་མི་མང་དང་དགོད་བྲོ་བའི་སྤྱི་ཚོགས་ཤིག་གི་འདྲ་གཟུགས་རེད་དོ།
གནས་ཚང་ལགས། དེ་འདྲ་ཞིག་རེད་དམ། ཧུཧུཧུ
རང་བཙན་མཐུན་ནི་༧གོང་ས་མཆོག་གི་གཅེན་པོ་སྟག་མཚེར་རིན་པོ་ཆེས་བཙུགས་པ་ཡིན་པས། དེ་ལྟར་ཁ་རྡུང་གཏོང་དགོས་ས་ཞིག་ཨེ་ཡིན་ན་བསམ་སོང་།
སྐལ་ལྡན་བློ་གྲོས་སོགས་ཁག་ཅིག་གིས་དཀྲིག་ཤིང་སྣ་ཚོགས་གཏོང་གཏོང་གི་ཡོད་པ་དངོས་ཡོད་རེད་འདུག གང་ལྟར་དཀའ་ལས་ཁག་པ་འདྲ་ཆགས་འདུག གཞུང་གི་སྲིད་ཇུས་དང་མ་མཐུན་མཁན་ཚོར་སྐད་ཆ་བཤད་རྒྱུ་ཨེ་ཤི་ཡ་རླུང་འཕྲིན་ནང་བཀག་ཐབས་བྱས་པ་བདེན་པ་རེད་འདུག
གང་ལྟར་སྲིད་སྐྱོང་མཆོག་གི་གསུང་ལ་ཡིད་ཆེས་བརྟན་པོ་ཡོད། དེ་མིན་གཞན་གྱིས་ཅི་བཤད་ན་བཤད་པྭ།
ཚེ་རིང་མིང་ཅན་ལ་ཟེར་གྱི་ཡོད། ངས་གོ་བ་ལོན་སྟངས་དེ་རང་ཡིན་བཙན་བྱོལ་བོད་བོད་མིའི་ཆབ་སྲིད་ལངས་ཕྱོགས་ནི་ད་ལྟའི་སྐབས་སུ་དབུ་མི་ལམ་གྱི་སྲིད་ཇུས་ཡིན་པར་འཛམ་གླིང་ཀུན་ལ་ཁྱབས་ཡོད། དེ་སྔར་དགའ་ལྡན་ཕོ་བྲང་སྲིད་གཞུང་དང་། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མ་འཇོན་བ་ཞིག་རང་བཙན་ཁ་འཁྱེར་བ་དག་གིས་འཇོན་པས་ཡིད་ཆེས་སུ་གང་ལ་ཡང་མེད། མདོར་ན་སོ་སོའི་ཁ་ཕོར་གྱི་དོན་དུ་མི་ངན་རེ་ཟུང་གིས་འཁྲབ་སྟོན་ཙམ་པར་ཕྱི་གསལ་ནང་གསལ་ཡིན་བཞིན་དུ་མི་ངན་རེ་ཟུང་མགོ་བོ་འཁོར་གྱི་ཡོད་པ་རེད། གཞོན་ལྷན་དང་རང་བཙན་སློབ་ཕྲུག་ཚོགས་པར་སོགས་ལ་ལབ་ཡ་ཅང་མེད།
དེ་རིང་གོང་གི་ཨ་རི་གྲོས་ཚོགས་འཐུས་མི་དེ་ཉེན་བརྡ་དེ་འབྱུང་རྐྱེན་གཙོ་བོ་ནི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོགས་སྐལ་ལྡན་བློ་གྲོས་གིས་བྱས་པའི་འཇུག་འབྲས་རེད། བོད་པའི་གཏམ་དཔེ་ལ། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག སྨན་ངན་གཅིག་གིས་ལུས་ཀྱི་བསྟོད་སྨད་དཀྲུག ཟེར་བ་ནང་བཞིན་རེད། མི་ངན་དེས་བྱས་འབྲས་དེ་བཙན་བྱོལ་བོད་གཞུང་ལའང་སྐྱོན་བརྗོད་འམ་ཟུར་ཟ་དེ་འོང་བ་རེད། སྤྱིར་བཏང་སྐལ་ལྡན་བློ་གྲོས་གི་ལོ་རྒྱུས་མི་མང་པོ་ཞིག་གིས་ཤེས་བཞིན་རེད་ ཁོང་གི་ལོ་ཤས་སྔོན་དུ་ཐས་ཝེན་ནས་༧་གོང་ས་མཆོག་གིས་སྐུའི་ལྟོ་ཕད་ཉེན་རྟོག་པའི་རླངས་འཁོར་བཞག་རབས་དང་དེ་རྗེས་སུ་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་སྐབས་སུ་དབུས་གཞོན་ནུ་ཚོགས་གཙོ་རང་བཙན་བརྩོད་ལེན་བྱེད་མཁན་ཞིག་ཡིན་དུས་ཆབ་སྲིད་དང་འབྲེལ་ཡོད་ཚུལ་བཤད་ནས་ཚོང་རྭ་ནས་ཕྱིར་འབུད་བཏང་བ་དང་། ད་དུང་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་དངུལ་དང་དུས་འཁོར་དབང་ཆེན་སྐབས་སུ་བྱུང་བའི་ཞལ་འདེབས་སོགས་ལས་གནས་བརྩིས་སྤྲོད་མ་བྱས་ནས་ལོ་གཅིག་ཙམ་ཁོ་རང་གི་བཟུང་རབས་སོགས མི་འདི་ལ་སྐྱུག་དྲོ་བའི་ལོ་རྒྱུས་མང་པོ་འདུག ད་དུང་ཨེ་ཤ་ཡ་རླུང་འཕྲིན་ཁང་གིི་འགན་འཛིན་རྒྱ་མོ་དེ་དང་ལྐོགས་འབྲེལ་བྱེད་ནས་ལས་ཁུང་ནས་དགོངས་པ་ཙམ་ཡང་མ་ཞུས་ནས་ཉིན་མང་པོའི་རིང་ལས་ཁུང་ལ་མ་བཅར་ཚུལ་མང་པོ་འདུག གྲོགས་པོ་རྣམས་པ་ཚོ་གཟིགས་དང་ད་དུང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོགས་སྐལ་ལྡན་བློ་གྲོས་དང་ཐོགས་མེད་སོགས་གིས་༧་གོས་ས་མཆོག་བྱང་ཨ་རི་ཁུལ་དུ་ཕེབས་དུས་དབང་བཅས་བྱེད་ཀྱང་བྱས་ནས་བོད་པའི་སྤྱི་ཚོགས་ནང་འདོད་པ་མ་ཚོམས་པའི་ལས་ཀ་མང་པོ་བྱས་རབས་འདུག ཁོང་ཚོ་ལ་དེ་ལྟ་བུ་དབང་ཆ་སྒེར་སྤྱོད་བྱེད་ཐུབ་པའི་ཐོབ་ཐང་གང་ནས་བྱུང་བ་རེད་ཟེར་ན་ སྐུ་སྒེར་ཡིག་ཚང་ནས་སྐུ་ཞབས་བློ་བཟང་དགའ་བ་དང་སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་དེ་བཞིན་དུ་ཨ་རི་དོན་གཅོད་བློ་བཟང་སྙན་གྲགས་སོགས་ངན་གཡོ་ལྐོགས་བྲེལ་བྱས་ནས་བྱུང་བ་རེད་འདུག
ད་ཐེངས་རང་བཙན་མཐུན་ཚོགས་སམ་སེམས་ཤུགས་ཡོད་འདོག་སྟོན་མཁན་གྱི་འཁྲབ་སྟོན་པ་འདི་དག་གི་བསམ་དོན་འགྲུབ་ཡོད་པ་འདྲ། ཉེ་འཆར་ང་ཕོད་ལས་ཀ་ནས་ཕུད་པའི་རྙོག་གླེང་དེ་བྱུང་རྗེས་བྱང་ཨ་རིའི་ནང་བོད་པ་འགའ་ཤས་རི་བོང་ཅལ་འགྲོགས་བྱས་ནས་སྐད་ཅོར་མང་པོ་བརྒྱབས་སོང་མོད། ད་ས་དྲུས་ན་རྡོ་ལྷང་ལ་འབུད་ཀྱིན་འདུག རང་བཙན་མཐུན་ཚོགས་བྱས་པའི་ཚོགས་པ་འདིས་ཨ་རི་གྲོས་ཚོགས་འཐུས་མིའི་ཡི་གེ་དེ་ངོ་དེབ་བརྒྱུད་ནས་་གླིང་ལ་བསྒྲགས་སོང་མོད་་སྲིད་སྐྱོང་མཆོག་གི་གསལ་བཤད་དེ་རྦད་དེ་བཀབས་སོང་།
ཁོ་ཚོའི་ངོ་དེབ་དྲ་བྱང་འདི་ལ་གཟིགས་རོགས།
http://www.facebook.com/pages/Rangzen-Alliance/107878499234275?ref=ts&fref=ts
ད་ནས་རྒྱ་གཞུང་བདམས་ཁ་གཅིག་ལས་མེད། བོད་རང་བཙན་སྤྲོད་དང་། རྒྱ་ནག་མང་གཙོར་བསྒྱུར་རྒྱུ་ཙམ་མོ།
གནད་དོན་འདི་འདྲའི་རིགས་ལ་བགྲོ་གླེང་བྱེད་དུས་དངོས་མིང་མ་སྦས་པར། འགན་འཁུར་གྱི་རྣམ་འགྱུར་མ་བོར་བའི་ཐོག་ནས་བགྲོ་བྱེད་རྒྱུ་གལ་ཆེ་བ་དེ་དྲ་འབུ་རྣམས་དང་རྩོམ་སྒྲིག་པ་ཟུང་ལ་ཞུ་འདོད་བྱུང།
ངེད་ནས་གསར་འགྱུར་འདི་བཀླགས་པ་དང་གློ་བུར་དྲི་བ་གཅིག་སླེབས་པ་ནི། གྲོས་ཚོགས་འཐུས་མིའི་བཀའ་མོལ་འདི་ལ་ཁུངས་ག་ཚོད་ཡོད་མེད་དེ་རེད། སྐབས་དོན་ང་ཕོད་གླེང་རྒྱུ་ལས་རོགས་དངུལ་བེད་ལོག་ཏུ་སྤྱོད་ཀྱི་ཡོད་མདོག་མདོག་བཤད་འདུག་པ་འདི་ཉེན་ཁ་ཚ་བོ་ཞིག་རེད། འཐུས་མི་འདིས་ཞིབ་འཇུག་བྱས་ཏེ་བཤད་པ་རེད་དམ་ཡང་ན་རྒྱུད་སྐུལ་བྱས་ཏེ་བཤད་པ་རེད། འཐུས་མི་འདི་དང་འོད་ཟེར་གྱི་རྩོམ་ཡིག་དེ་གཉིས་ལ་ཚ་ཁ་མིན་ཙམ་མ་གཏོགས་ཅིག་བྲོ་ཡ་ཡོད་པ་གཅིག་མཚུངས་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། ཁོས་ཞིབ་འཇུག་བྱས་མེད་པས་རྟགས་མཚན་གསལ་བོ་འདུག གང་ཡིན་ཞེ་ན། དྲང་བདེན་དང་གནས་ལུགས་ཀྱི་ཚད་འཛིན་ས་ལྟ་བུར་གྱུར་བའི་བློ་གྲོས་ཀྱི་གཏེར་མཛོད་ཟམ་གདོང་རིན་པོ་ཆེའང། ཆབ་སྲིད་པ་སྤྱི་མཚུངས་ཁྲོད་མཚན་འབོད་བྱས་འདུག་པ་ནི་ཧ་ལས་པའི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། དེ་ཙམ་ཞུ།།
འཇམ་གཅེས་ཞེས་པ་དེས་གོ་ལེན་སྟངས། བཙན་བྱོལ་ནང་གི་སྒྲིག་འཛུགས་ལ་གོ་འདུག་བསམ་སོང་། དེ་འདྲ་མ་རེད། ང་ཚོ་རྒྱ་ནག་རྩ་ཁྲིམས་འོག་འདུག་གི་ཡིན་ཞེས་དབུ་མའི་ལམ་གྱི་སྲིད་ཇུས་དེ་ལ་གོ་དགོས་པ་ཞིག་རེད། དེ་བྱས་ན་རྒྱ་ནག་གི་དམར་ཕྱོགས་ཀྱི་སྒྲོག་གཞི་སྲུང་སྐྱོབ་ལས། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཕན་ཐོགས་མེད་པ་ཞིག་རེད། དགའ་ལྡན་ཕོ་བྲང་གི་རིང་ལ་ལས་ཀ་འདྲ་མིན་དང་། ནོར་འཁྲུལ་འདྲ་མིན་རེད། ད་བྱས་རྗེས་ཞིག་འཇོག་རྒྱུར་༌༌༌
གོང་གསལ་གྲོས་ཚོགས་འཐུས་མིའི་འགན་ཁུར་མེད་པས་ཉོག་གཏམ་དེ་དང་། དེའི་བརྒྱུད་བསྐུལ་དང་རྒྱབ་སྐྱོར་མཁན་དག་ལ་འདི་ལྟར་ལོང་བ་ཆུའི་ནང་འཆང་པ་བཞིན་བཟོ་དགོས་པའི་གནད་དོན་ནི་གཙོ་བོ་ནི་བཙན་བྱོལ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་དག་གིས་ཆེ་མཐོང་ལ་མིག་ནང་ཚེར་མ་ནང་བཞིན་དུ་སོང་ནས་ཡིན་པར་ས་རིས་ཐང་གསལ་ཞིག་ཆགས་འདུག །བཤད་ཚུལ་འདིའི་ཤུགས་ནས་༧གོང་ས་མཆོག་གིས་མཚན་དངོས་སུ་སྨོས་མ་ནུས་པ་ཙམ་ལས་དོན་དངོས་ཟུར་ཟ་ཡིན་པ་ཡང་གསལས་པོ་རེད་བསམ་གྱི་འདུག །རྒྱུན་མཚན་མཆན་གོང་མའི་ནང་གསལ་བ་བཞིན་ཡིན། མདོར་ན་ཤེས་དགོས་པ་གལ་གནད་ཞིག་ནི་རྙོག་གླེང་འདི་དང་དོན་རྐྱེན་འདིའི་ནང་དུ་རྒྱ་དམར་གྱིས་ལག་པ་བཅངས་ཡོད་པར་དོགས་པས་རང་བཞིན་ཡིན་པས་ཚང་མིའི་ཡིད་གཟབས་བྱོས། ད་དུང་གྲོས་ཚོགས་འཐུས་མི་དེའི་ལོ་རྒྱུས་ཡང་ཤེས་དགོས་པ་འདོད། ཁོ་ནི་ཀ་ལི་ཕོང་ནེ་ཡ་མངའ་སྡེ་ནས་ཡིན་པ་དང་ལོ་མང་སྔོན་ནས་བོད་དོན་རྒྱབ་སྐྱོར་བཟོས་ཡོད་རུང་། དེང་སོང་ཨ་རི་གྲོས་ཚོགས་ནང་དུ་བོད་དོན་གླེང་སློང་སྐབས་སུ་ཕན་པ་ལས་གནོད་ཚབ་ཆེ་བས་མི་སྣ་ཞིག་ཡིན་པ་ཡང་ཤེས་དགོས། ཁོས་བཙན་བྱོའི་སྒྲིག་འཛུགས་ལ་རྒྱ་དམར་གྱིས་ངན་སྨས་ལྟར་བཟོ་དགོས་གང་ཡིན་ནམ། རྣམ་དཔྱོད་དང་གོ་བ་ཕྲན་བུར་ཡོད་མཁན་ཞིག་ཡིན་ན་ཁོས་བཤད་སྟངས་འདི་རང་གིས་ཐོག་ནས་ཁོ་དང་ཁོའི་ཕྱོགས་གཏོགས་པ་དག་དམར་རྗེན་མ་དོན་གྱི་མི་འདུག་གམ། འདི་ཡིས་བསྐོར་དགོས་གལ་བྱུང་ན་མང་ཙམ་དང་གསལ་ཙམ་འབྲི་ངེས་ཡིན། །
ཨ་རིའི་ཕྱིའི་རོགས་རམ་ཐེབས་རྩ་དེ། རྒྱ་ནག་དམར་ཕྱོགས་ཚོགས་པར་འཐབ་རྩོད་བྱེད་མཁན་ཏེ་རྒྱ་རིགས་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བ་བཅས་ཀྱིས་རྒྱ་ནག་དམར་ཕྱོགས་ཚོགས་པ་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང་། རང་དབང་གི་ཆེད་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་ལ་གཏོང་དགོས་ངེས་ཡིན་ཞིང་། ཁོང་ཚོ་ནི་ལྐོག་ཟ་བ་མེད་པ་བཟོ་འདོད་མེད་པ་དང་། དབང་ཆ་གཅིག་བསྡུས་ཀྱི་གཞུང་གི་སྒྲོམ་རྟེན་ལ་ལངས་མཁན་གྱི་བོད་པའི་དཔོན་རིགས་དང་འདྲ་པོ་མེད་ཟེར། གོང་གསལ་འདི་བཞིན་ཨ་རི་གྲོས་ཚོགས་འཐུས་མིའི་བཤད་པས་སྐད་ཆ་དེའི་ཆ་ཤས་ཞིག་རེད། འོ་ན་༧གོང་ས་མཆོག་ནས་དུས་རྟག་ཏུ་རྒྱལ་སྤྱིའི་སྒང་དུ་གསུངས་སྐད་མཐོན་པོས་ངང་ནས་ང་ཚོར་མང་གཙོ་ཡང་དག་པའི་ལམ་ཁར་འགྲོ་གྱི་ཡོད་ཚུལ་གསུངས་གྱི་ཡོད་ལ་དོན་དངོས་ཡང་དེ་རང་ཡིན་པར་དོན་གྱི་གྲུབ་ཡོད། ཁྱེད་ཚོས་ཞིབ་འཇུག་ཡག་པོ་ཞིག་གནང་དང་། དབང་ཆ་གཅིག་བསྡུས་ཀྱི་གཞུང་གི་སྒྲོམ་རྟེན་ལ་ལངས་མཁན་གྱི་བོད་པའི་དཔོན་རིགས་དང་འདྲ་པོ་མེད་ཟེར་བ་འདི་ཡིས་སུ་ལ་སྐྱོན་འཛུགས་བཟོས་འདུག་གམ། འོ་ན་བོད་པའི་སྲིད་སྐྱོང་དང་བཀའ་ཟུར་སོགས་རེད་པེས། མདོར་ན་ངས་གོ་བ་ནོར་མེད་ན་༧གོང་ས་མཆོག་རང་ལ་ཡང་ཟུར་ཟ་མང་པོ་བཟོས་འདུག་བསམ་གྱི་འདུག །ད་དུང་ཤེས་དགོས་པ་གལ་ཆེར་ཞིག་ནི་ཁོས་ལྟ་གྲུབ་འདི་འདྲ་ཞིག་ཁུར་ནས་བཤད་དགོས་དོན་གང་ཡིན་ནམ། ཁོ་ལ་འདི་ལྟར་ཤོད་ཞེས་བརྒྱུད་བསྐུལ་བཟོ་མཁན་སུ་ཡིན་སོགས་ངེས་པར་དུ་མཁྱེན་རྟོགས་དགོས་གལ་མི་ཆེ་འམ། ཁོས་གང་བཤད་པ་ནི་བཙན་བྱོའི་སྒྲིགས་འཛུག་ནང་དུ་མདུང་བརྩེ་བསྐོར་འདུག་པ་ལས་ཨེ་ཤི་ཡ་རླུང་འཁྲིན་ཁང་གི་གནད་དོན་ནི་ཁ་གཡར་བ་ཙམ་ལས་རྒྱུ་མཚན་གཙོ་བོར་གང་ཡང་འཛིན་མི་འདུག །ད་དུང་ཁོས་འདི་ལྟར་བཤད་འདུག །
བོད་མི་༧༥ རང་ལུས་མེར་སྲེག་བཏང་བ་དེ་ཁྱེད་ཚོས་སྲིད་བྱུས་བཟུང་ནས་རྩོད་བཞིན་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་འོག་ནས་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་ཅིག་ཆགས་རྒྱུའི་ཐོབ་ཐང་གི་ཆེད་དུ་མ་རེད། ཁོང་ཚོས་རང་ཉིད་རང་གིས་བསད་པ་དེ། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། རྒྱ་གཞུང་གིས་ཁྲིམས་འགལ་གྱི་དབང་སྒྱུར་དེ་མཇུག་བསྡུས་པའི་ཆེད་དུ་རེད། འོ་ན་བོད་གཞུང་གིས་སྲིད་ཇུས་འདིར་ནོར་འཁྲུལ་ཅན་ཞིག་ཡིན་པར་འདོད་མཁན་དང་དེའི་ཕྱོགས་གཏོགས་དག་གིས་ཁོ་ལ་བརྒྱུད་བསྐུལ་བཟོས་པར་འདོད་མཁན་དག་གིས་གཟིགས་ཚུལ་དེ་ཏག་ཏག་མིན་ནམ། །
ད་རེས་ཨ་རི་བས་ལས་ཀ་དྲང་བདེན་ཞིག་གནང་འདུག་ལ། འདི་ནི་ཉེན་བརྡ་ཐེངས་དང་པོ་རེད། ད་ཉེན་བརྡ་ཐེངས་གཉིས་པ་འབྱོར་རྗེས། རྡ་རམ་ས་ལར་རོགས་དངུལ་རེག་གི་མ་རེད་ལ། བོད་པ་གཞན་ཁག་ཅིག་བསྐྱེད་བསྲིངས་གནང་གི་རེད།