མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེཊ་ཀྱི་གནས་ཚུལ་དེ་སྨྱོ་རྫས་དང་བཟའ་འཁོན་ལ་རྟེན་ནས་བྱུང་བ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༣ ནས་བཟུང་༸གོང་ས་མཆོག་གིས་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་དབུ་འཛུཊ་གནང་སྟེ། ས་གནས་ཀྱི་དཔོན་རིཊ་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། ས་གནས་ཀྱི་གསར་འགོད་པར་བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ཐད་ལན་འདེབས་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལ་མངའ་སྡེའི་རྒྱལ་ས་ཐི་རུ་ཝ་ནན་ཐམ་པུ་རམ་ (Thiruvananthapuram) གྱི་གནམ་ཐང་དུ། ཡུལ་དེའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་ཕེབས་བསུའི་ཁྲོད། བཞུགས་གནས་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། སྐབས་དེར་མངའ་སྡེའི་འཕྲོད་བསྟེན་དང་བདེ་དོན་བློན་ཆེན་སྐུ་ཞབས་ཝི་ཨེས་ཤི་ཝ་ཀུ་མཱར་( Mr V. S.) མཆོག་དང་མཇལ་འཕྲད་ཀྱིས་མངའ་སྡེ་གཞུང་གིས་ཕུལ་བའི་ཕྱགས་རྟགས་འབུལ་བཞེས་དང་། ཝི་ཝེ་ཀཱ་ཨ་ནན་ཌ་ལཊ་སྐུ་འཁྲུངས་ཏེ་ལོ་ ༡༥༠ འཁོར་བའི་དུས་དྲན་སྲུང་གཙིའི་མཚོན་རྟགས་དབུ་འབྱེད་གནང་བ་དང་།  ཕྱི་ཚེས་ ༢༤ ཉིན་བཞུགས་གནས་མགྲོན་ཁང་དུ་རྒྱ་གར་གཞུང་གི་བརྙན་འཕྲིན་ཌོར་ངྷ་ཤཱན་( Doordarshan)  གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཐོག་དགོངས་ཚུལ་དང་རྒྱ་ནག་གི་སྲིད་འཛིན་གསར་བར་ལྟ་སྟངས། བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ། ཁོང་གི་ཡང་སྲིད་བཅས་ཀྱི་སྐོར་ནས་གསར་འགོད་པར་ལན་འདེབས་གནང་ཡོད་འདུག

སྐབས་དེར་གསར་འགོད་པས་༸གོང་ས་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་གསར་པ་བསླེབས་རྗེས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་ཐུགས་རེ་གང་ཡོད་དང་། བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བཞིན་པའི་སྐོར་ནས་བཅར་འདྲི་བྱས་པའི་ལན་དུ།  ༸གོང་ས་མཆོག་གིས་རྒྱ་རིཊ་ཆོས་གྲོཊ་མང་པོས་དེ་སྔོན་རྒྱ་ནག་གི་མགོ་ཁྲིད་ཚོ་རྡོ་སྐུས་བཟོས་པ་ལྟ་བུའི་མཐོང་ཚུལ་ཡོད་པ་ལྟར། ཁོང་ཚོ་དང་བསྡུར་བ་ཡིན་ན་ད་ལྟའི་སྲིད་འཛིན་གསར་བ་ཞི་ཅིན་ཕིན་གྱི་རྣམ་འགྱུར་དང་ཀུན་སྤྱོད་བག་ཕེབས་ཡོད་པའི་ཚོར་སྣང་བྱུང་ཡོད་ཚུལ་དང་། རྒྱ་ནག་ནང་ལམ་སེང་མིན་ཡང་རིམ་གྱིས་རང་དབང་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོཊ་ཤིག་ཆཊ་རྒྱུའི་ཐད་ཁོང་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང། དེ་འདྲའི་སྤྱི་ཚོཊ་ཤིག་བྱུང་མཚམས། བོད་ཀྱི་དཀའ་ངལ་དེ་བཞིན་ལས་སླ་བོའི་ངང་སེལ་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

དེ་བཞིན། རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ཐད་༸གོང་ས་མཆོག་གིས།  “  བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། གནད་དོན་དེ་དག་ནད་ཀྱི་མཚོན་རྟཊ་ཙམ་ཡིན་པར་ངོས་རང་ནས་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་སྲིད་འཛིན་ཏིང་ཞའོ་ཕིན་གྱིས་དངོས་ཐོག་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེ་གཞིར་བཞག་ཐོག  བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱ་ནག་དཔོན་རིགས་ཚོས་རྒྱུ་མཚན་ཅི་ཡིན་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་བསྲེཊ་གཏོང་མཁན་གྱི་བོད་མི་དེ་དག་སྨྱོ་རྫས་ཀྱིས་བཟི་བ་དང་། བཟའ་ཚང་གི་རྙོག་གྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་བསྲེགས་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་གཞུང་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་ངང་གནས་བཞིན་ཡོད།” ཅེས་གསུངས་ཡོད་པ་མ་ཟད། སྐུའི་ཡང་སྲིད་སྐོར་ལ་དེ་སྔ་རྒྱ་ནག་ཏུ་ནང་ཆོས་དར་ཏེ་ཚེ་ཕྱི་མར་ཡིད་ཆེས་དང་། ནང་ཆོས་ཀྱི་བཀའ་ཆོས་སོགས་ཞུ་སྲོལ་ཡོད་སྟབས། སྐབས་དེའི་རྒྱ་ནག་དབང་འཛིན་པ་ཚོས་ཏཱ་ལའི་བླ་མའི་སྐུ་སྐྱེའི་ཐོག་དོ་སྣང་བྱས་པར་རྒྱུ་མཚན་ཡོད་པར་བརྩིས་ཆོག་ཀྱང་། དེང་སྐབས་གུང་ཁྲན་ཏང་གིས་ཏཱ་ལའི་བླ་མའི་སྐུ་སྐྱེས་ཐོག་ཐེ་བྱུས་བྱེད་དགོས་ཚེ། ཐོག་མར་ཁོ་ཚོས་སྐྱེ་བ་ཕྱི་མ་ཁས་ལེན་དགོས། དེ་ནས་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིང་གི་ཡང་སྲིད་འཚོལ་དགོས་རྒྱུ་དེ་རྒྱུ་མཚན་ལྡན་པ་ཡིན། ཞེས་བཀའ་ལན་བསྩལ་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ནང་ཡོད་པའི་ཡེ་ཤུའི་ལྷ་ཁང་དུ་གཟིགས་སྐོར་གནང་གྲུབ་རྗེས།  ཁུལ་དེར་ཡོད་པའི་ཨིན་ཌི་ཡ་ཝི་ཤན་བརྙན་འཕྲིན་ (Indiavision News) གྱི་གསར་འགོད་པས་དྲི་བར་ལན་འདེབས་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་ཤུཊ་ཆེ་རུ་བཏང་སྟེ། དེང་སྐབས་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་། རྒྱ་ནག་དེ་བཞིན་འཛམ་གླིང་ནང་མི་འབོར་དང་དཔལ་འབྱོར། དམག་དོན་སོགས་ཀྱི་ཐད་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། འཛམ་གླིང་ནང་བཟང་སྤྱོད་ཀྱི་ནུས་ཤུཊ་འདོན་དགོས་ཚེ་འཛམ་གླིང་མི་མང་ལ་ཡིད་ཆེས་བསླེབས་ཐུབ་པ་ཞིག་བཟོ་དགོས་པའི་བཀའ་ལན་སོགས་གནང་ཡོད་པ་མ་ཟད། ཕྱི་དྲོ་ཁུལ་དེའི་ཡེ་ཤུའི་ལྷ་ཁང་ (Malankara Orthodox Syrian Church ) གི་ལོ་བརྒྱ་འཁོར་བའི་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་( Dr Abdul Kalam )དང་། ཀེ་ར་ལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མན་ཅན་དི (Oommen Chandy )།  གནད་ཡོད་མི་སྣ་དང་ཆོས་ལུགས་དབུ་ཁྲིད་བཅས་མི་མང་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད།  དེའི་རྗེས་༸གོང་ས་མཆོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོཊ་གཙོ་སྐུ་ཞབས་སེ་ཐུ་ཊ་སི་ལགས་ཀྱིས་འགྲེམས་སྟོན་ཁང་དུ་ཆིབས་བསྒྱུར་གྱིས། བོད་དོན་དང་འབྲེལ་བའི་པར་རིས་དང་དངོས་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་འདུག  

སང་ཉིན་ཕྱི་ཚེས་ ༢༧ ཉིན་༸གོང་ས་མཆོག་གིས་ཀར་ཎ་ཊ་ཀ་མངའ་སྡེའི་གྲོང་ཁྱེར་ཏུམ་ཀུར་གཙུག་ལག་སློབ་གྲྭའི་ (Tumkur University) ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་གནང་རྒྱུ་ཡིན་ཞིང་། དེ་ནི་གཙུག་ལག་སློབ་ཆེན་དེས་༸གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་དང་ངོས་འཛིན་ཞུས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་མཛད་འཕྲིན་སྐབས་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭ་དེར་དེང་དུས་ཤེས་ཡོན་ལམ་ལུགས་ནང་རྣལ་འབྱོར་ཉམས་ལེན་གྱི་ཐབས་ལམ་ (International Conference on Yoga in Education) ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་དང་། ཏུམ་ཀུར་གཙུག་ལག་སློབ་ཆེན་དང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་བར་ཤེས་ཡོན་བརྗེ་ལེན་ཐོག་གན་རྒྱ་བཅས་འཇོག་རྒྱུ་མ་ཟད། དེར་ཡོད་དགེ་སློབ་དང་མི་མང་ལ་འཛམ་གླིང་ཞི་བདེ་སྐྲུན་ཐབས་( A human approach to world peace) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་མུམ་བྷེ་ (Mumbai) གྲོང་ཁྱེར་དུ་ཆིབས་བསྒྱུར་གྱིས། ཡུལ་དེའི་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ ( Humane Society for International) ༢༠༡༢ ལོའི་བྱམས་སྙིང་རྗེ་ཉིན་མོ་སྲུང་གཙིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་སྩལ་རྗེས། ཕྱི་ཚེས་ ༢༩ ཉིན་མོན་གྷོ་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་་ ཏུམ་ཀུར་གཙུག་ལག་སློབ་ཆེན་དང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་བར་ཤེས་ཡོན་བརྗེ་ལེན་ཐོག་གན་རྒྱ་བཅས་འཇོག་རྒྱུ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese