མིག་མི་འཛུམ།
༧གོང་ས་མཆོག་དང་བོད་མི་མང་འཚེ་མེད་ཞི་བ་ཡིན། ལྷག་དོན་༧གོང་ས་མཆོག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔའི་ནང་དོན་ལྟར་མ་འོངས་པའི་བོད་རང་བཙན་གཙང་མའི་སྐབས་ཀྱང་ཞི་བདེའི་བསྟི་གནས་ཤིག་བྱ་རྒྱུ་དེ་ཡིན། འོན་ཀྱང་བོད་མི་མང་གི་ཁྲོད་དུ་དྲག་སྤྱོད་པའང་ཡོད་ཆོག་གི་རེད་དྲན། ད་ལྟའི་གནས་སྟངས་འདི་དང་འབྲེལ་ནས་བསམ་གཞིགས་ཤིག་བྱས་ན། བོད་མི་དཔའ་བོ་རེ་རེས་ལག་གཉིས་ཐལ་མོར་སྦྱར་ནས་རང་ཉིད་ཀྱི་ཚེ་སྲོག་བཏང་སྟེ་ཕར་ཞུ་བ་བྱས་ཀྱང་། ཚུར་མེ་མདའ་དང་སྡུག་སྤྱོད་ཁོ་ནས་ལན་སྤྲོད་ཀྱི་ཡོད་ལ། བཙན་བྱོལ་བོད་གཞུང་ཡང་རང་བཙན་ནས་དབུ་མར་བབ་པ་དང་དབུ་མ་ནས་ཀྱང་སྐད་འབོད་དང་ཐ་ན་དགྲ་བོའི་ཕྱོགས་སུ་བེད་སྤྱོད་གཏོང་ཆོག་པའི་མིང་ཚིག་ཚུན་ཆད་ཀྱང་འགྱུར་བ་བཏང་སྟེ་བསྟུན་ཅི་ཐུབ་བྱེད་ཀྱི་ཡོད་མོད། ཁ་གཏད་ཀྱི་རྣམ་འགྱུར་ཇེ་སྡུག་དང་ད་དུང་ཇག་ཚོགས་དང་དྲག་སྤྱོད་པར་བསྙད་ནས་ཡོད།
འུ་ཅག་གི་ངོས་ནས་བཤད་ན་༸གོང་ས་མཆོག་ནི་འདུ་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་ཅིག་ཏུ་འདོད་ཀྱི་ཡོད་པ་བདེན་ནའང་། ཁོང་སྤྱང་ཁུ་དང་བྷིན་ལ་ཊིན་སོགས་ལ་སྦྱར་བ་ཐེངས་གཅིག་ག་ལ་ཡིན། ད་དུང་འཛུམ་འཚེར་འཚེར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཡོད་རབས་ཁོ་ནས་དུས་ཚོད་བསྐྱལ་གྱི་ཡོད། ཉལ་འདང་ལག་པ་བྲང་ལ་ཞོག་དང་། རང་ཅག་གི་དད་པའི་རིག་གནས་སུ་གྱུར་བའི་ཆོས་བརྫུ་འདིས་ད་དུང་རང་ཅག་ལ་མགོ་སྐོར་གཏོང་གི་ཡོད་པ་མི་ཤེས་སམ། དེང་གི་ཆར་གཞིས་ལུས་སྤུན་ཟླ་དག་གིས་ཉི་མ་རེ་རེ་བཞིན་རང་ལུས་མེ་རུ་བསྒྲོན་ནས་དད་པ་དང་རེ་བ། སྙིང་སྟོབས་བཅས་མཚོན་པར་བྱེད་ཀྱི་ཡོད་ན། ཅིའི་ཕྱིར་ནུས་པ་འདོན་འོས་པའི་རང་ཅག་གིས་བསྔོ་བ་སྨོན་ལམ་རེ་བཏོན་ནས་བྱང་ཆུབ་ཀྱི་སེམས་འཚོལ་གྱི་ཡོད། ངས་མཐོང་བ་ནོར་མེད་ན། འདི་ནི་སྡར་གཤིས་ཀྱིས་གཅུན་པའི་སྒྲིག་འཛུགས་ཤིག་དང་ཕུགས་བསམ་གྱིས་བོར་བའི་ཚོགས་སྡེ་ཞིག་རེད།
ད་ནི་དྲག་སྤྱོད་ཀྱི་དུས་ལ་བབ་འདུག་པ་མཐོང་བྱུང་། དྲག་སྤྱོད་ནི་ཚུར་ཇི་ལྟར་བྱེད་པ་དེ་ལྟར་ཕར་ལ་བྱ་རྒྱུ་དེ་ཡིན། བོད་ཆོས་ལྡན་པ་དག་འདི་ནས་རྩིས་པའི་ལོ་ངོ་དྲུག་ཅུའི་ནང་ཅི་ཙམ་བསད་སོང་བ་རང་རེའི་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་དེ་རེད། དེའི་ཚོད་ཀྱིས་ང་ཚོས་ཕར་བསད་ཡོད་དམ། དེ་གཅིག་བྱས། ལོ་ངོ་འདི་དག་གི་རིང་ལ་ང་ཚོའི་སྟེང་ནས་དགྲ་བོར་ཁེ་ཕན་ག་ཚོད་རག་ཡོད། དེས་མི་ཚད་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆོས་རིག་ཉམ་ཉེ་དང་སེམས་ལ་དཀའ་སྡུག་ག་ཚོད་སྤྲད་སོང་། དེའི་ལན་དུ་ད་དུང་ང་ཚོས་བྱང་ཆུབ་ཀྱི་སེམས་འཚོལ་དགོས་སམ། ང་ཚོས་དེ་རིང་ལ་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་བཙལ་ནས་འོང་བ་རེད། ད་དུང་བྱང་ཆུབ་ཀྱི་སེམས་འཚོལ་གྱི་ཡོད། ཆོས་ཀྱི་གཞུང་ན་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ང་ཚོས་ཏན་ཏན་རྙེད་པར་ཆ་བཞག་ན། ང་ཚོ་ལ་རྒྱལ་ཁབ་ཀྱིས་ཅི་བྱེད་དམ། ང་ཚོ་ལ་རི་ཆུ་ནགས་གསུམ་གྱིས་ཅི་བྱེད་དམ། ང་ཚོ་ལ་མི་རིགས་དབྱེ་འབྱེད་མེད་ལ་ཆོས་དང་རིག་གཞུང་ཡང་མེད། མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་ཕྱིར་རོ།།
མི་ཞིག་ལ་མཚོན་ན་ཁོང་ཁྲོ་ལོས་ཡོད། འབུ་སྲིན་སྲོག་ཆགས་ཐམས་ཅད་ཀྱི་ནང་ན་ཁོང་ཁྲོ་མེད་པ་གཅིག་ཀྱང་མེད། ཡིན་ནའང་ང་ཚོའི་ངོས་ནས་ཕར་དགྲ་བོ་ལ་ཁོང་ཁྲོས་ཡ་ལན་སྤྲོད་མི་ཐུབ་ནའང་། བོད་མི་རེ་རེའི་ངོས་ནས་རང་སྲོག་བློས་གཏོང་ཕོད་པ་དེ་མངོན་གསལ་ཆགས་ཡོད་པ་བཞིན། ད་ནི་རྒྱ་མ་མི་ལ་མེད་པ་དང་རྒྱུ་ཉོག་ཁྱི་ལ་མེད་པའི་ལས་འགུལ་སྤེལ་ཐུབ་ངེས་ཡིན་ལ་སྤེལ་དགོས་པ་ཞིག་ཀྱང་ཡིན། ངས་དེ་རིང་ཅི་ཞིག་བརྗོད་འདོད་དམ་ཞེ་ན། ད་ནི་རང་རེའི་དཔའ་བོ་དཔའ་མོ་དག་གིས་རང་གཅིག་བུ་མ་ཡིན་པར་རང་གི་ཞོར་དུ་དགྲ་བོ་ཡང་འདྲུད་དགོས་པ་ཡིན། གཅིག་རག་ན་གཅིག་དང་གཉིས་རག་ན་གཉིས་གསོད་དགོས་པ་དང་། ལྷག་དོན་སྲིད་འཛིན་ལྟེ་བ་དག་མེར་བསྲེགས་དང་དགྲ་བོའི་རྒྱུག་ཁྱི་དམར་གསོད་སོགས་བྱེད་དགོས་པ་མ་ཟད། ཚོང་དོན་ལྟེ་བ་དང་ཆུ་འགག་གློག་ཁང་སོགས་གཏོར་བ། ལྕགས་ལམ་དང་གཞུང་ལམ་ལ་འབར་རྫས་གས་གཏོར་སོགས་ཕར་རྒོལ་གྱི་རྣམ་གྲངས་མང་བོ་ཡོད་པ་དག་རེ་རེར་བྱ་སྤྱོད་སྤེལ་བའི་དུས་ལ་བབ་པ་མ་ཟད་འཕྱི་དྲག་འདུག
ང་ཚོའི་ངོས་ནས་རྒྱལ་སྤྱིའི་མིག་ནང་གི་མཐོང་དང་རོགས་སྐྱོར་ལ་རེ་ནས་གོང་བརྗོད་ཀྱི་བྱ་འགུལ་དག་ལག་ལེན་དུ་བསྟར་ཚེ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་པར་སྐྲག་ནས་ཡོད་ཀྱང་། རང་དོན་རང་གིས་མ་སྒྲུབ་པར་གཞན་ལ་སྒུག་ནས་འདུག་རྒྱུ་ནི་ལྕེབས་ཐག་རང་གི་མགོ་ལ་གོན་ནས་འཆི་བར་སྒུག་པ་དང་མཚུངས་སོ།། ཇི་ལྟར་འཚེ་མེད་ཀྱི་བྱ་འགུལ་སྤེལ་བ་དེ་བཞིན་དུ་རྒྱལ་སྤྱིའི་མིག་ནང་ན་བོད་ཅེས་པ་ཡལ་ནས་ཡོད་པ་ང་ཚོའི་སུ་ལའང་གསལ་བ་ལྟར་ཡིན་ན། ད་ནི་ཚང་མའི་ལག་ལ་མཚོན་ཆ་ཟུངས་ཞོག འདས་པའི་ལོ་རྒྱུས་ལ་གཞིགས་ན། རྒྱ་གར་དབྱིན་ཇིའི་འོག་ནས་མི་ལོ་སུམ་བརྒྱར་བསྡད་དེ་མཐར་དཔའ་བོ་བྷ་གཱ་སིན( Bhagat singh)གྱིས་དྲག་སྤྱོད་ལ་བརྟེན་ནས་རང་བཙན་ཐོབ་པ་རེད། བྷ་གཱ་སིན་གྱིས་ནང་རུལ་བ་བསད་པ་རེད། བྷ་གཱ་སིན་གྱིས་སྲིད་འཛིན་ལྟེ་བ་བཅོམ་པ་རེད། བྷ་གཱ་སིན་གྱིས་གཞུང་ལམ་དང་ལྕགས་ལམ་གཏོར་བ་རེད། དེ་ལྟར་བཙན་འཛུལ་བར་སུན་པོ་རྣམ་གྲངས་མང་བོ་བཟོས་པར་བརྟེན་མཐའ་མཇུག་གྷན་ངྷི་དང་མཉམ་དུ་གྲོས་མོལ་བྱུང་བ་རེད། ད་ནི་རང་རེའི་བྷ་གཱ་སིན་དག་ཡར་ལ་ལོངས་ཤོག ད་ནི་རང་རེའི་བྷ་གཱ་སིན་དག་གིས་འགོ་རྩོམ་ཞོག རྒྱལ་སྤྱིའི་རྣ་བ་ཐེངས་གཅིག་དཀྲོགས་འདོད་ན་ཐབས་ལམ་ཡག་ཤོས་དེ་ཡིན་ལ། དགྲ་བོའི་བསམ་ཤེས་ཐེངས་གཅིག་དགོས་ནའང་ཐབས་ལམ་ཡག་ཤོས་དེ་ཡིན་པར་འདོད།
ད་ནི་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་འགྲོ་བར་སྐྲག་ཁུལ་གྱི་ཆོས་བརྫུ་དེ་དོར་བའི་དུས་ལ་བབ་ཡོད། སྡར་གཤིས་ཅན་གྱི་ཐབས་ལམ་དག་གཡུག་ཞོག ༸གོང་ས་མཆོག་ནི་ས་ཐོབ་ཀྱི་སེམས་དཔའ་ཡིན་སྟབས་ཞི་བ་ཁོ་ན་ལས་སྲོག་ཆགས་ཕྲ་མོ་ཚུན་གྱི་སྲོག་དང་སྡུག་བསྔལ་ལའང་སེམས་ཀྱིས་མི་བཟོད་པ་ཡིན་པས། ཇི་ལྟར་དུ་འཚེ་བ་མེད་པ་དང་ཞི་བ་ཁོ་ནར་སྙེག་ངེས་ལ། དེ་ལྟར་ཡིན་ཀྱང་འོས། འོན་ཀྱང་ང་ཚོའི་འབངས་མི་ཕལ་བ་ཚོས་ཁོང་གི་ཉམས་ལེན་དེ་ལྟ་བུ་ལུས་ཀྱིས་ལྕོགས་ཀྱང་སེམས་ཀྱིས་མི་ནུས་པས་ན། བླ་མར་དབུ་སྐོར་གྱི་ཆོས་བརྫུ་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་སྐྱག་རྫུན་དག་ཅིས་ཀྱང་སྤང་བར་འོས། ད་ལག་ལེན་དངོས་ཀྱི་སྟེང་ལ་མ་བབ་ཚེ། གཞིས་ལུས་སྤུན་ཟླ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་ཚེ་སྲོག་གསོན་པོ་མེ་རུ་སྒྲོན་པ་དང་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཀེང་རུས་དག་གིས་དུར་ཁྲོད་ན་ང་ཚོར་ཅེར་ནས་ཡོད་པར་རྒྱུ་འབྲས་ཀྱིས་མི་རུང་།
མི་ཞིག་ལ་མཚོན་ནས་བཤད་ན་རང་ཉིད་འཚོ་སྡོད་ཀྱི་མ་མཐའི་ཆ་རྐྱེན་ནི། གཞན་གྱི་ལག་ནས་རང་ལ་གྱོང་མི་རག་རྒྱུ་དེ་རེད། ཚོང་དང་ཆ་བཞག་ནའང་ང་ཚོས་དུས་ནམ་ཡང་རང་གིས་གྱོང་འཁུར་ནས་གཞན་ལ་ཁེ་སྤྲོད་པ་ནི་དམ་པའི་ལྷ་ཆོས་དང་མཐུན་ཡང་འཇིག་རྟེན་མི་ཆོས་དང་གཏན་ཏུ་འགལ་ཡོད་པས་ན། ད་ནི་རང་མགོ་རང་གིས་གཡོག་པའི་ཆོས་བརྫུ་དེ་འདོར་རྒྱུའི་རེ་བ་ཤིན་ཏུ་ཆེའོ།།
སྔོན་མ་བོད་པའི་གཞི་རིམ་མང་ཚོགས་ཁྲོད་དུ་གཏམ་དཔེ་འདི་འདྲ་ཞིག་འདུག
བཞུས་པའི་བཞུས་ལན་མ་སློག་ན།།
ཞུ་མཁན་མང་དུ་མང་དུ་འགྲོ།།
སྦྱིན་པའི་སྦྱིན་ལན་མ་སློག་ན།།
སྦྱིན་མཁན་ཉུང་དུ་ཉུང་དུའགྲོ།། ཞེས་བཤད་སྲོག་གཅིག་འདུག
དེང་དབྱིན་ཇི་བ་ཚོས་དེ་ལས་ཊི་ཕྷོར་ཊས་ཊེ། ”Tit for Tat ” ཟེར་བ་རེད།
ཡང་བོད་མཁས་པ་ཚོས་བརྗོད་ན་ནི།
འཇམ་པོས་འཇམ་པོ་འདུལ་བར་བྱེད།།
འཇམ་པོས་རྩུབ་པོའང་འདུལ་བར་བྱེད།།
འཇམ་པོས་མ་འདུལ་ཅི་ཡང་མེད།།
དེ་བས་འཇམ་ཉིད་སྣོན་པོ་ཡིན།། ཞེས་བཤད་སྲོལ་འདུག
ད་ག་རེ་ཡིན་མིན་ལ་མ་བལྟོས་པར་གང་ལྟར་གཅིག་ངེས་པར་བྱེད་ཐུབ་པ་དགོས་ཀྱི་འདུག
ཁྱི་ཕྲུག་ལགས་ཐུགས་རྗེ་ཁྱེད་རང་དགོངས་ཚུལ་ལ་ངས་མོས་མཐུན་དང་།་གུས་པ་ཞུ།།།།
བོད་སྐྱོབ་ཤོག་ཨང་།
མིག་མི་འཛུམ་ལགས།
༸གོང་ས་མཆོག་གིས། རྒྱ་མི་དགྲ་རུ་བལྟས་པ་ལས། གཉེན་དུ་བཀུག་ན་མི་ལེགས་སམ། གསུངས་པ་འདི། ལག་ལེན་དུ་འཁེལ་ཐབས་མེད་པ་ཅིག་ཡིན་ནམ། ལགས།
གྲོགས་པོ་ཚོ་གལ་སྲིད་ཐབས་ཇུས་ཤིག་བོད་མི་རྣམ་ཀྱིས་སྤྲོད་པ་ཡིན་ན། འཛམ་གླིང་ཡོད་ཚད་རྒྱ་མི་ལ་དགའ་རྒྱུ་དང་ཕར་ཞོག འཛིང་རན་ཁྲིག་གེ་བྱེད་ནས་ལྟ་འདུག་པ་མང་པོ་ཡོད་རེད། བྱེད་ཕོད་པའི་སྙིང་སྟོབས་དང་། དམིགས་ཡུལ་དང་འཆར་གཞི་འགྲིག་པོ་ཞིག་བྱེད་ན། བིང་ལ་ཌན་གཅིག་པོས། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་དུས་ད་ལྟའི་བར་དུ་ཉམས་རྒུད་དུ་བཏང་ཐུབ་མ་སོང་ངམ། སྤྱིར་འཛིང་རེས་ཤིག་བྱེད་དགོས་ན། སྔ་དཔྱད་ཕྱིས་ཉན་ལ་དཔྱད་པ་ཤོར་ན། འཛིང་རེས་ཕམ་ཚར་བ་རེད། དེ་འདྲ་མ་ཡིན་པར། ངོ་མ་ད་ནི་སྡུག་གྱོང་རང་གི་མགོ་ཐོག་ཏུ་གཅིག་པུར་ཞུ་སྡོད་པ་ལས། མཚམས་མཚམས་སུ་(དྲག་པོའི་རྒོལ་ལན་དྲག་པོར་)བྱེད་བཞག་ན་མཐུན་རྐྱེན་ལས་འགལ་རྐྱེན་གཏན་ནས་མིན་པར་འདོད། དེང་རབས་ཀྱི་དྲག་པོའི་གོ་མཚོན་ག་འདྲ་ཞིག་ཡོད་ན་ཡང་། དྲེད་མོང་ལ་ལ་འགྲོ་དུས་མགོན་མགོན་དང་སྐྱབས་སྐྱབས། དྲེད་མོང་མཐུར་ལ་འགྲོ་དུས་ཁུག་ཁུག་དང་བཞེས་བཞེས་ལབ་ཉན་ཞིག་དང་བྱེད་ཉན་ཞིག་ཡོད་པ་ཀུན་གསལ་རེད། ཟིན་བྲིས་འདི་མཐོང་དུས་རང་ངོས་ནས་འདྲ་མི་ཆག་པ་ཞིག་འདུག་པར་སེམས་ཀྱི་མེད། ཁོ་རང་གི་སེམས་ཚོར་དངོས་མའི་བྲོ་བ་ཆེན་པོ་ཡོད་པ་ཞིག་བྲིས་འདུག དཔེར་ན་རྒྱ་མིའི་སྙིང་ནང་ཆུ་བླུགས་པ་དང་གཅིག་མཚུངས་ཀྱིས། ང་ཚོས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན། ནོང་བེལ་བོད་སྐད་རླུང་འཕྲིན་བཅས་བཙུག་ཡོད་པ་རེད། རྒྱ་མིའི་གེ་བྱེད་ཡ་མི་འདུག་པ། ཁོང་ཁྲོ་ལང་གི་ཡོད་རེད། བྱེད་ཡ་སེ་གེ་ཡོད་མ་རེད། དེ་བཞིན་དེ་སྔ་བར་བོད་མི་བརྒྱད་ཅུ་དགུ་བཅུ་ལྷག་ཙམ་གྱིས་གནད་ཆེ་ཤོས་ཀྱི་ས་ཆ་འདྲ་མིན་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་དམར་མོ་མེ་གི་ནང་དུ་གཅེས་དགུའི་ཚེ་སྲོག་ཞུན་མར་ལ་སྦར་ནས་སྐྱབས་འཇུག་འབོད་བསྐུལ་ཞུས་ཡོད་པ་རེད། གོ་མདོག་ཐོས་མདོག་ཞིག་དང་ཕར་ཞོག ནག་ཉེས་འཁྱོག་པོ་ཁོ་ནས། ཁྱི་ཆག་ས་ནས་མི་དཀྲི་རྔ་མ་མི་ཆག་ས་ནས་དཀྲི་བའི་རྒྱུད་བསྒྲག་སྙིང་ནང་ནག་ཐིང་ཐིང་ཟུག་པ་བྱེད་ཀྱི་ཡོད་རེད། ང་ཚོ་ཡང་ཉམས་ཉེས་བྱུང་ན་དགའ་ཉན་དང་མི་བསད་ཁྲག་སྦྱོར་ལ་དགའ་ཉན་ཞིག་བོད་མི་སུ་ཡང་མེད་ན་ཡང་། ཝ་མི་ངུ་ཁ་མེད་འདྲེ་གི་འགྲམ་ལྕག་ཞུས་སྡོད་དུས་མ་བྱས་མི་བྱེད་ཀ་མེད་བྱུང་བ་རེད། འུ་ཐུག་པ་རེད། ཐབས་ཟད་པ་རེད། ང་ཚོ་ལ་ཕམས་ཁ་དང་རྒྱབ་དཔུང་མེད་པ་ཤེས་ཀྱི་ཡོད་རེད། རེད་དེ་སྡུག་ཡུས་མ་ཤོང་བ་རེད། ན་ཟུག་མ་ཐེག་པ་རེད། དུས་ད་ནས་བཟུང་སྐུ་གཟུགས་ལ་མེ་མ་སྦར་རོག སྐུ་གཟུགས་ལ་གཅེས་སྤྲས་བྱེད་རོག གལ་སྲིད་དགོས་དགོས་བྱུང་ན་ད་ནི་རང་ཕམས་མ་ཁུར་རོག འགྲིགས་ཐག་ཆོད་སོང་བ་མ་ཚད་མང་སོང། དཔའ་བོ་ཚོ། བསམ་བློ་བསྐོར། ཚབ་ཚུབ་མ་བྱེད། གཞི་ཆེ་དགོས། ངང་རིང་དགོས། འཕྱི་མེད། ཐབས་ཤེས་ངར་དགོས། དྲེལ་བ་གཏན་ནས་ཡོད་མ་རེད།
མི་ཆུང་ལ་སྙིང་ཡང་ཆུང་ཆུང་ཞིག་མ་གཏོགས་མི་འདུག ངོ་མ་ཁག་ཅིག་མི་འདུག ད་བར་ང་ཚོར་རྒྱལ་སྤྱིའི་ངོས་ནས་སྙིང་རྗེ་ཟེར་བའི་་ཚིག་སྟོང་ཞིག་མ་གཏོགས་ཅི་ཞིག་རེག་སོང་། ལག་ལེན་ངོས་ཀྱི་རོགས་སྐྱོར་མེད་པ་ཁྱེད་རང་ལོང་བ་མིན་ན་མཐོང་ཡོད་ཀྱི་རེད། ན་ཟུག་མེད་ན་ཐོབ་བྱ་མེད་ཅེས་པའི་དབྱིན་ཇིའི་གཏམ་དཔེ་ཞིག་ཡོད། ཁྱེད་ཀྱིས་དང་ཐོག་དེ་སྦྱངས་དགོས་ས་རེད།
དགྲ་བོའི་སྟོབས་ཤུགས་ངོ་མ་དེ་གང་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱུགས་ཆེ་བའི་དཔལ་འབྱོར་གྱི་ཁྲོམ་རྭ་དེ་རེད་དམ། དྲག་པོའི་སྲིད་བྱུས་བཙན་པོ་དེ་རེད། རྒྱ་གཞུང་གི་སྟོབས་ཤུགས་འཚོལ་ཞིབ་བྱེད་དུས། དོན་དངོས་དང་གནས་ལུགས་ཀྱི་སྒོ་ནས་རྙེད་ན་ཁུངས་འཕེར་བ་མ་གཏོགས། ཤ་ཁོན་གྱི་ཚོར་སྣང་གཅིག་པོ་ཙམ་གྱི། རྒྱ་གཞུང་གི་སྲིད་བྱུས་རྒྱབ་ལྗོངས་རྙེད་པར་དཀའ་སེ་ཞིག་མ་རེད་དམ།
དྲག་པོར་དྲག་པོས་རྒོལ་དགོས་ཚུལ་གྱིས་སྐུལ་སློང་ཙམ་ཞིག་གིས། འཐབ་རྩོད་བྱེད་ཕྱོགས་ལ་ལམ་ཞིག་བཏོད་ཨེ་ཐུབ། སྤྱིར་ན། ལམ་གང་ཞིག་ཡིན་རུང་། དོན་དངོས་དང་གནས་ལུགས་ཀྱི་རྒྱབ་རྟེན་ཞིག་ཡོད་ན་མ་གཏོགས། ལག་ལེན་ལ་འབབ་མི་ཐུབ་པའི་དཔའ་གཏམ་གྱིས་རྒྱ་གཞུང་གི་སྲིད་བྱུས་དེ་འདར་སུག་ཅིག་རྒྱག་ཐུབ་ཀྱི་མ་རེད།
རྒྱ་ནག་གི་རིག་གནས་སྙིང་སྟོབས་དང་རྒྱ་གཞུང་གི་སྲིད་བྱུས་རྩུབ་པོ་དེ་འཚོལ་དུས། དུས་རབས་ལ་ཁ་ཕྱོགས་ནས། དོན་དངོས་ལ་ཁ་ཕྱོགས་ནས། རང་གི་མི་རིགས་ཀྱི་གནས་བབ་སྲོག་ཤིང་དུ་བཞག་ནས། ད་གཟོད། འཚོལ་ཞིབ་བྱེད་རྒྱུ་ན། བོད་རང་གི་འཐབ་རྩོད་ཀྱི་སྙིང་སྟོབས་དང་ནུས་པ་གང་ན་ཡོད་མེད་རང་ཤུགས་ཀྱིས་ཤེས་རྒྱུ་མ་རེད་དམ།
གལ་ཏེ། སུན་པོ་བཟོ་ཐབས་སོགས་ཀྱིས་བོད་ཀྱི་འཐབ་རྩོད་ལ་སྟོབས་ཤུགས་འཕེལ་གྱི་རེད་དམ། ཁོན་འཛིན་ཁོ་ནས་གནད་དོན་ཞིག་ཐག་ཆོད་ཀྱི་ཡོད་དམ། སུན་པོ་བཟོ་ཐབས་སོགས་ཀྱི་ཐབས་བྱུས་སྣ་མང་བཀོལ་ན། རྒྱ་ནག་མི་དམངས་ཀྱི་བསམ་བློ་དང་སྤྱོད་པ་གང་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ། དེང་སང་ནི། མང་ཉུང་གིས་ཐག་གཅོད་ཐུབ་པའི་དུས་ཚོད་ཅིག་ཡིན་པ་དེ་ཤེས་དགོས་པ་ཞིག་རེད།
ད་ལྟའི་དུས་སུ། བོད་མི་རིགས་ཀྱི་སེམས་ཁམས་འདི། རིག་གནས་སྒམ་དཀྱེལ་གྱི་བསམ་བློ་དང་སྙིང་སྟོབས་ཤིག་གི་ངོ་བོར་མཆེད་ཡོད་པ་ནི། དངོས་ཡོད་ཀྱི་ཐོག་ནས་གསལ་སྟོན་བྱས་ཚར་བ་རེད། དེའང་། ཤི་གསོན་ལ་མི་སྐྲག་པའི་མི་རིགས་ཤིག་ཡིན་པ་དེ། མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་འཁོད་ཚར་བ་རེད།
ཡིན་དུས། བོད་མི་རིགས་ཀྱི་སྟོབས་ཤུགས་ངོ་མ་དེ། འཚེ་མེད་ཞི་བའི་བློས་གཏོང་དང་ཆོད་སེམས་འདི་རེད། དེར་བརྟེན། འཐབ་རྩོད་བྱེད་སྟངས་འདི་ནི། རང་ཉིད་སྲོག་ཤིང་དུ་བཞག་ནས་མེ་རུ་བསྒྲོན་ནས། གཞན་ལ་གནོད་འཚེ་མ་བྱས་པ་དེ། མིའི་རིགས་ཀྱི་ཡིད་རྟོན་འཕེར་ས་ཞིག་དང་མིག་དཔེ་ཞིག་བཞག་པ་མ་རེད་དམ།