མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དད་ལྡན་དྭངས་པ་འདྲེན་པའི་མིག་རྒྱན་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྙིང་མིག

ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་དབུ་བརྙེས་ཤིང་ད་ལྟའི་བར་དུ་རྒྱུན་མ་ཆད་པར་གཙང་པོའི་རླབས་རྒྱུན་ལྟར་འཕྱོ་བཞིན་པའི་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་ཉིད། ད་དུང་འདི་ལྟར་གྲྭ་མ་ཉམས་ཤིང་གྲུ་མ་ཞིག་པར་ཉེ་བར་འཚོ་བའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་སྟེ། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལྷག་བསམ་གཡོ་བ་མེད་པའི་ངང་ནས་བཤད་པ་དང་སྒྲུབ་པའི་བསྟན་པ་ཆེས་ཆེར་འཛིན་སྐྱོང་བྱས་པས་རེད་ཅེས་ཁ་ཚོན་གཅོད་ནུས། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་དང་མི་གནས་འདིའང་འགྲོ་བའི་ལས་འཕྲོ་ཕུད། དེ་འཛིན་གྱི་སྐྱེས་བུ་རྣམས་ལ་རག་ལས་པ་ཁོ་ན་ཡིན་པར་འཁུམས། དེ་འཛིན་གྱི་སྐྱེས་བུ་ཟེར་དུས་རིན་པོ་ཆེ་དང་སྤྲུལ་སྐུ། ཡང་ན་མཁན་པོ་དང་སློབ་དཔོན་ཙམ་མ་ཡིན་པར་གྲྭ་བཙུན་ཚང་མ་ལ་གོ་ན་ཡང་ཆོག་པར་སྙམ་མོ།།

འུ་ཚོས་ནམ་རྒྱུན་བཤད་ཚོད་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུར་གྱུར་པ་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་པ་འདིའང་རྒྱུ་མཚན་དང་། གནས་ལུགས་ཟབ་མོ་ཡོད་པའི་སྐད་ཆ་ཞིག་ལས་ཤོབ་གཏམ་པ་དང་བྱུང་རྒྱལ་སྨྲས་པ་ཞིག་མ་རེད་འདོད། དེས་ན་འགྲོ་བ་ཡོངས་ཀྱི་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུར་གྱུར་པ་དེ་ལ་སྲུང་སྐྱོབ་དང་མེལ་ཚེ་བྱེད་པ་དེའང་ཉི་མ་འཕུད་ཐབས་ཙམ་དང་། མི་ཚེ་འཁྱོལ་ཐབས་ཙམ་མིན་པར་གཞན་དོན་རླབས་པོ་ཆེ་ལ་སྦྱོར་དངོས་མཇུག་གསུམ་ཚང་བའི་ཧུར་བརྩོན་ཞིག་བྱེད་ཀྱིན་ཡོད་པ་ངོས་འཛིན་བཞིན་མདུན་ནས་མདུན་དུ་བསྐྱོད་དགོས་མོད། འོན་ཀྱང་རང་ཉིད་ཀྱི་ཆོས་ལུགས་དེ་ཉིད་དར་ཞིང་རྒྱས་པའི་ཆེད་ཁོ་ནར་དམིགས་ནས་གཞན་གྱི་ཆོས་ལུགས་བསྒྱུར་བ། གཞན་གྱི་མངའ་རིས་འཕྲོག་པ། གཞན་གྱི་འབངས་མི་བསླུ་བ། གཞན་གྱི་སེམས་ཁམས་དཀྲུག་པ། གཞན་ལ་དོ་ཕོག་གཏོང་བ། གཞན་ལ་མཐོང་ཆུང་བྱེད་པ། མདོར་ན་གཞན་གྱི་ཕུན་ཚོགས་ལ་མ་བཟོད་ནས་དེ་དག་རང་ཉིད་ཀྱི་དཔལ་དུ་ཁུག་རེ་སོགས་ནི་དུས་ནམ་ཡང་འདོར་བྱ་ཞིག་ལས་བླང་བྱ་ཕྲ་མོ་ཙམ་ཡང་མ་ཡིན་ནོ།།

གནད་དོན་འདིའི་སྐོར་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་གཅིག་ཏུ “ སྔོན་ཆད་ངས་སེམས་ལ་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་ཕྱི་རྒྱལ་སོགས་ལ་རྒྱ་བསྐྱེད་ཐབས་ཀྱི་སྐོར་མང་པོ་དྲན་མྱོང་། ད་གཟོད་ཕྱི་རྒྱལ་སོགས་ནས་གཞན་གྱི་ཆོས་ལུགས་ཀྱི་ལེགས་ཆ་དེ་ཚོ་མཐོང་དུས། སྔོན་ཆད་ང་རང་གི་བསམ་བློ་དེ་ནོར་འཁྲུལ་ཡིན་པ་གཞི་ནས་ཤེས་ཤིང་། དེ་ནས་ངས་དེའི་སྐོར་གྱི་ལས་འགུལ་མི་སྤེལ་བ་རྦད་དེ་མཚམས་བཞག་པ་ཡིན” ཞེས་གསུངས་པ་དེ་མཐོང་དུས་ང་དངོས་གནས་ཧང་སངས་སོང་། རི་བོ་གངས་ཅན་པའི་ཆོས་བརྒྱུད་ཆེན་པོ་བཞི་སྟེ། སྔ་འགྱུར་རྙིང་མ་པ་དང་། འགྲོ་མགོན་བཀའ་བརྒྱུད་པ། དཔལ་ལྡན་ས་སྐྱ་པ་དང་། རི་བོ་དགེ་ལྡན་པ་བཞི་པོ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པ་ལ་གཅིག་པ་ཡིན་པའི་མ་ཚད། ཐེག་པ་ཆེན་པོའི་བསྟན་པ་ཡིན་པ་ལ་གཅིག་པ་ཡིན་པ་ཕལ་ཆེར་ཡོངས་སུ་གྲགས། དེས་ན་རང་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གང་ཡིན་པ་དེ་ཉིད་བརྒྱུད་འཛིན་བྱེད་བཞིན། གཞན་གྱི་ཆོས་ལུགས་ཀུན་ལ་དད་པ་དང་དག་སྣང་སྦྱོང་དགོས་རྒྱུ་འདི་ནི་ཆོས་ཚུལ་བཞིན་ཤེས་མཁན་ཞིག་གི་ཉམས་ལེན་མཐིལ་ཕྱིན་པ་ཡང་དེ་ཁོ་ན་ཡིན་པ་ཚོར།

འུ་ཚོས་ངེས་པར་ཤེས་དགོས་ཤིང་ངེས་པར་དུ་ལག་ལེན་བསྟར་དགོས་པའི་གནད་དོན་དེ་དག་ནི་བཤད་སྒྲུབ་གཉིས་སམ་ལུང་རྟོགས་གཉིས་ཀྱི་སྒང་ལ་ཡོད་པ་མ་ཡིན་པར་ཀློག་པ་ཐོས་བསམ་པ་དང་། སྤོང་བ་བསམ་གཏན་པའི་སྒང་ལ་ཡོད་པ་ཤེས་དགོས་གལ་ཆེ་ཞིང་། སྤྱིར་སྙིགས་མ་ལྔ་བདོ་བའི་དུས་ལ་ཁག་བསྔས་ནས་གང་བྱས་ན་ཆོག་ཆོག་ཏུ་མི་རློམ་པར་གྲྭ་བཙུན་གྱི་སྤུས་ཚད་ལ་དག་འདོད་དང་གཅེས་སྐྱོང་བྱ་དགོས། ༸དཔལ་རྒྱལ་དབང་བཅུ་བདུན་པ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་གྱི་སྐབས་སུ་ཆུ་མཆོད་པ་ནས་འདོན་རྟ་དབྱངས་བར་ལ་དྭངས་གཙང་དང་། གོས་ངུར་སྨྲིག་ནས་སེམས་དྲན་ཤེས་བར་ལ་འཐུས་ཚང་། ལུགས་ཧིན་དྷུ་ནས་ཆོས་སངས་རྒྱས་བར་ལ་དམ་གཙང་། རྒྱབ་བེར་ཟླ་ནས་ཕྱག་ལྷུང་བྱེད་བར་ལ་ཆ་ཚང་། མ་ནམ་མཁའ་ནས་བཀའ་བསྟན་འགྱུར་བར་ལ་ཆོག་ཚང་། རྟེན་དགེ་བསྙེན་ནས་དགེ་ཚུལ་སློང་བར་ལ་ཁྲིམས་གཙང་སོགས་ཆེས་ལོ་རྒྱུན་གྱི་རིན་ཐང་ལྡན་ཞིང་སྐྱེ་འགྲོ་ལ་དགེ་ཕན་ཆེ་བ་ངེས་དོན་གྱི་ཞི་བདེའི་སྨོན་ལམ་འདི་དང་འདིའི་ནང་བཞིན་འཚོགས་པའི་སྐབས་སུ་ཡིན་ན་ཡང་རུང་ལ། དེ་ལས་གཞན་དུའམ་དུས་རྟག་ཏུ་གྲྭ་བཙུན་རྣམས་ཀྱིས་དད་ལྡན་དྭངས་པ་འདྲེན་པའི་མིག་རྒྱན་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེ།

སྤྱིར་དད་ལྡན་དྭངས་པ་འདྲེན་པའི་མིག་རྒྱན་ཟེར་དུས་དད་ལྡན་གྱི་མིག་ལ་དག་སྣང་གི་ལོངས་སྤྱོད་ཅིག་སྤྲད་ཐུབ་དགོས་ཤིང་། དེའང་ལུས་ཀྱི་ཆས་གོས་གྱོན་སྟངས་ཙམ་མ་ཡིན་པར་གཙོ་བོ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཀྱི་ཐོག་ནས་དྭངས་པ་འདྲེན་པའི་མིག་རྒྱན་ཞིག་བཟོ་དགོས། ཀུན་སྤྱོད་ནི་ལུས་ངག་ཡིད་གསུམ་གང་རུང་གི་བྱ་སྤྱོད་ལ་གོ་ཞིང་། དེའང་ངག་གི་སྒོ་ནས་སྙན་ཞིང་འཇེབས་པའི་གཏམ་སྟེ། གཞན་ལ་ཕན་པའི་གཏམ། ཆོས་ལ་བསྐུལ་བའི་གཏམ། ཞི་བདེ་དང་ལྷིང་འཇགས་ཀྱི་གཏམ། དོན་སྙིང་ལྡན་པའི་གཏམ་སོགས་འབེལ་ནས་གཞན་ལ་བྱམས་བརྩེ་བསྐྱང་བ་དང་། ལུས་ཀྱི་སྒོ་ནས་ངུར་སྨྲིག་གི་ཚོན་མདོག་རན་པར་མནབ་པ་འདི་ཉིད་ཤིན་ཏུ་གལ་ཆེ་སྟེ། ལ་ལ་དག་གིས་དམར་མདངས་ཅུང་ཟད་ཙམ་ལས་མེད་པའི་སྐྱ་སེང་སེང་ཞིག་བཞེས་པ་དང་། འགའ་ཞིག་གིས་དམར་མདངས་གཏན་ནས་བྲལ་བའི་ནག་ཤས་ཆེ་བར་བགོས་པ་དང་། ཁ་གཅིག་གིས་ནི་དམར་པོ་དམར་རྐྱང་ཞིག་མནབ་པ་སོགས་ནི་མདོ་འདུལ་བ་དང་མི་མཐུན་ཞིང་། སྔགས་བླ་མེད་ལ་མི་རུང་བའི་རང་སྣང་གང་དྲན་གྱི་འཁྲབ་སྟོན་ཙམ་དུ་ཟད།

དེང་སང་བཙན་བྱོལ་ན་བཞུགས་པའི་ཆོས་བརྒྱུད་ཁག་ལས་གཟན་ཤམ་གྱི་ཚོན་མདངས་ནི་དགེ་ལུགས་དམར་རྐྱང་ལ་དགའ་ཞིང་། རྙིང་མ་ནག་རྐྱང་ལ་དགའ། ས་སྐྱ་དགེ་ལུགས་དང་མཐུན་ཤས་ཆེ་ཞིང་བཀའ་བརྒྱུད་རྙིང་མ་ལ་མཐུན་ཤས་ཆེ་བ་སོགས་གཟན་ཤམ་གྱི་ཚོན་མདངས་འདི་ལ་ཏག་ཏག་ཅིག་ཡོང་བཟོ་མི་འདུག་པས་ཏན་ཏན་ཐུགས་ལ་འཇོག་དགོས་ངེས་ཤིག་ཡིན་པར་མཐོང་། གཟན་ཤམ་ལུས་ལ་མནབ་པའི་དུས་སུ་གོས་ཚགས་འཆོས་སྟངས་དང་ཉམས་སྟོན་གྱི་ཆ་ནས་ཀྱང་གཞན་ཡིད་དབང་མེད་དུ་འགུག་ནས། རང་ཉིད་ཀྱང་ཁོང་ཚོ་ནང་བཞིན་གྱི་ལུས་ལ་ངུར་སྨྲིག་བགོ་ཞིང་སེམས་ཀྱི་ཞི་བདེ་འཚོལ་མཁན་ཞིག་བྱ་དགོས་སྙམ་པའི་ཚོར་བ་སྟེར་ནུས་དགོས་པ་ལས། གཟན་ཤམ་གྱོན་སྟངས་མཐོང་བ་ཙམ་གྱིས་སྐྱུག་བྲོ་འགྲོ་བ་ནི་སངས་རྒྱས་བསྟན་པའི་ཞབས་འདྲེན་དུ་འགྲོ་པས་ངེས་པ་གཟབ་པར་འཚལ། སྐབས་འདིར་གཙོ་བོ་ལུས་ངག་གཉིས་ཀྱི་གནད་དོན་ལ་རག་ལས་ཤིང་། དེ་དག་ཀྱང་ཉེས་པའི་དྲི་མ་ཙམ་ཡང་མེད་པ་གཙང་སེང་ངེ་བ་ཞིག་གིས་གཞན་གྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་འཇོག་པར་དགོས་སོ།།

དེང་སང་ནི་སྐྱ་བོ་ཞིག་གིས་གང་བྱས་ཀྱང་ཆོས་འཇིག་རྟེན་གཉིས་ཀ་ནས་གུ་ཡངས་ཡིན་ཞིང་གྲྭ་བཙུན་ཞིག་གིས་གང་བྱས་ཀྱང་ཆོས་འཇིག་རྟེན་གཉིས་ཀ་ནས་ནག་ཉེས་ཡིན་པའི་དུས་ཀྱི་མར་ཤམ་འདིར། གཟབ་ནན་དང་སྤྱང་གྲུང་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་བཞིན་ཐར་འདོད་ཀྱི་སྐྱེ་བོ་རྣམས་གཞན་གྱི་ལྟ་ཕྱོགས་དང་ཐོས་ཕྱོགས་མ་ནོར་མ་འཁྲུལ་བར་མདུན་གྱི་ཐང་ཆེན་པོ་ལ་ཚམ་ཚོམ་མེད་པར་འཁྲིད་དགོས། ཡུལ་ཡར་ཀླུང་ན་བསྡད་ན། ལྷ་ཡར་ལྷ་ཤམ་པོ་བསྟེན་དགོས་ཟེར་བ་བཞིན་ཤཱཀྱ་ཐུབ་པའི་རྩ་ཁྲིམས་ཀྱི་ནང་ལ་འཛུལ་ཚར་རྗེས་ཁྲིམས་དེ་ལས་མ་འདའ་བར་དུ་རྩ་ཁྲིམས་དེ་ལ་གཞི་བཟུང་བྱ་དགོས་པ་ནི་ལམ་དང་ལུགས་སྲོལ་དང་། འགྲོ་སྟངས་དང་འདུག་སྟངས་ཤིག་ཀྱང་རེད། དེ་ལ་ཕྱི་བཤོལ་དང་འཛེམས་དོགས་མེད་པར་བཀའ་མདོ་རྒྱུད་དང་ལུང་མན་ངག་ནས་གང་གསུང་བ་དེ་དག་ཚད་མར་བཀུར་ནས་འདི་བདེ་ཕྱི་སྐྱིད་ཀྱི་ལམ་ལ་ཆས་ན་མི་མཛེས་སམ།།

༢༠༡༢།༡༢།༣། སཱ་ར་བོད་ཀྱི་མཐོ་སློབ་ནས་ཤར་མར་བྲིས་སོ།།

༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. ཚུལ་ཁྲིམས། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ང་ལའང་སྔོན་མ་ནས་གནད་དོན་འདིའི་ཐོག་བསམ་ཚུལ་ཡོད། འོན་ཀྱང་ད་བར་བཤད་མ་ཤེས་ཟེར་ན་འདྲ། གང་ལྟར་སོ་སོའི་ངོས་ནས་ཅི་འབྲི་ཐུབ་མ་སོང་། སྙིང་མིག་ཞུ་བ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    རྩོམ་ཡིག་སྤེལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།། ཁྱེད་རྣམས་རིག་གཞུང་རྩ་འཛིན་པ་ཡིན་པས་དེ་དོན་སེམས་བཞག་དགོས་པ་དང་། ང་ཚོའི་ནང་པའི་བསྟན་པ་ཡང་མི་ཉམས་གོང་འཕེལ་དགོས་པ་ནི་བོད་དོན་འཐབ་རྩོད་དང་དབྱེ་བ་མེད། བོད་ནང་དྲག་གནོན་གྱིས་རིག་གཞུང་ཉམས་ཉེས་སུ་འགྲ་བ་ཆགས་ཡོད་པས་གངས་ལྗོངས་རིག་སློབ་ཡོངས་ནས་སྙིང་རྩ་འཇོག་དགོས་པ་རེད། ང་ཚོ་འཐབ་རྩོད་ལམ་བུ་འདྲ་མིན་གྱིས་འགོ་ནས་བོད་ལེན་དགོས་པ་རེད་ཤག།།། བོད་གངས་རི་བུ་ཕྲུག་དར་མ་རྣམས་ལྷོད་གཡེང་མེད་པ ནན་གྱིས་འབད་ཤོག་ཅེས།།།།

    Reply
  3. བློ་དགའ། says:
    ལོ་ 13 སྔོན།

    རྩོམ་ཡིག་དངོས་ནས་ཡག་པོ་བྲིས་འདུག ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་སོང་གཙང་དུས་རྒྱུན་ཆབ་སྲིད་སྐོར་གྱི་རྩོམ་ཡིག་འབྲི་རྒྱུ་གལ་ཆེན་པོ་ཡིན་ཡང་། སྤྱི་ཚོགས་ཟེར་བ་དེ་སྣ་ཚོགས་ཅན་ཞིག་ཡིན་པས་ན། རྩོམ་ཡིག་གི་རིགས་ཀྱང་སྣ་འཛོམས་པོ་ཞིག་ཡོང་དགོས་པ་མ་ཟད། ལྷག་པར་དུ་བོད་པར་མཚོན་ན་ཆོས་ལྡན་གྱི་ཞང་ཞིག་ཆགས་ཡོད་དུས་ཆོས་ལུགས་དང་འབྲེལ་བའི་ཐོག་ལ་དག་ཐེར་དང་སིན་འབྱིན། ལེགས་བསྒྱུར་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་པོ་འབྲི་ཐུབ་ན་དགེ་མཚན་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese