མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོན་ཆ་ ༡༠༠༠ ལྷག་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་མདོ་ཁམས་རྫ་ཆུ་ཁར་མཁན་པོ་དང་བླ་སྤྲུལ་རྣམས་ཀྱི་སྣེ་འཁྲིད་འོག  ས་གནས་བོད་མི་ཚོས་མཚོན་ཆ་འདྲ་མིན་ཆིག་སྟོང་ལྷག་མེར་བསྲེཊ་བཏང་ཡོད་འདུག 

རྫ་ཆུའི་ཟླ་བ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཉེ་ཆར་ཁམས་རྫ་ཆུ་ཁ་དགེ་མིང་སྡེ་བའི་ནང་མཐུན་སྒྲིལ་གཏིང་ཟབ་དང་ཡ་རབས་ཚུལ་མཐུན་གྱི་ཕྱོགས་ལ་འབད་འབུངས་བྱ་ཆེད། དགེ་མིང་དགོན་པའི་མཁན་པོ་དོན་གྲུབ་ཉི་མ་མཆོག་དང་ས་གནས་ཀྱི་བླ་སྤྲུལ། ས་གནས་ཁག་གི་འཐུས་མི་བཅས་ཀྱི་སྣེ་འཁྲིད་འོག་སྡེ་བའི་ནང་གི་མི་སྐྱ་ ༡༠༠༠ ཡས་མས་འདུ་འཛོམས་ཀྱིས་དེང་ཕྱིན་ལུས་ལ་མཚོན་ཆ་མི་འདོགས་པའི་དམ་བཅའ་ཕུལ་ཡོད་པ་མ་ཟད། ཉིན་གཅིག་ནང་མཚོན་ཆའི་རིགས་འདྲ་མིན་གྲངས་ ༡༠༠༠ བརྒལ་བ་མེར་བསྲེགས་བཏང་ཡོད་འདུག

ཐེངས་འདིའི་མཚོན་ཆ་མེར་བསྲེཊ་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། ཆོལ་གསུམ་བོད་རིགས་ཡོངས་ཀྱི་མཛའ་བརྩེའི་མཐུན་སྒྲིལ་རྒྱ་སྐྱེད་དང་འཛམ་གླིང་ཐོག་ངོམ་ཆོག་པའི་གངས་ཅན་བོད་མིའི་ཡ་རབས་བཟང་སྤྱོད་སྔར་ལྷག་གོང་སྤེལ། དགེ་བཅུའི་ཁྲིམས་ལ་བརྩི་བཀུར་དང་ལེན་བྱ་ཆེད་ཡིན་པ་མ་ཟད། མིའི་ལུས་ལ་གྲི་རིང་དང་ལྕགས་མགོར་སོགས་མཚོན་ཆའི་རིགས་འཁུར་བ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་དང་། སྤྱི་ཚོགས་ནང་དེའི་རིགས་བསམ་ངན་གདུག་རྩུབ་དང་རྐུ་འཕྲོག་གསོད་རྡུང་བྱེད་བའི་ཇག་པའི་རིགས་ཀྱི་དན་རྟགས་ཤིག་དང་། མི་རིགས་ཀྱི་ཆོས་ལུགས་དང་བཟང་ཕྱོགས་ཀྱི་རྣམ་འགྱུར་མཐའ་དག་ལས་རྒྱབ་འགལ་དུ་འགྲོ་གི་ཡོད་པ་སོགས་ལ་གཞིགས་ཏེ་ལས་འགུལ་སྤེལ་བ་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༨ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 5

  1. རྣམ་རྒྱལ། says:
    ལོ་ 14 སྔོན།

    ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོར་བརྗེ་མཆོག་ནས་དྲི་ལན་འདི་ལྟར་འདུག་དགོངས་ཚུལ་གང་འདྲ་ཡོད།
    http://www.hindustantimes.com/India-news/NewDelhi/I-strongly-wish-self-immolations-would-stop-soon/Article1-971493.aspx#.UMhNb6kuaRM.facebook

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁ་ཡོད་ལག་ཡོད་ཀྱི་ཡར་རྒྱས་དང་། འཚེ་མེད་ཞི་བའི་ཉམས་ལེན་རེད་དོ། །

    Reply
  3. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    ཧེཧེཧེ་་་བླ་སྤྲུལ་འདི་ཚོ་སྨྱོན་པ་རང་རེད། མེས་བོ་བརྒྱུད་པའི་ཤུལ་རྫས་མེར་བསྲེགས་པ་འདི་དོན་གྱི་རང་གི་སྐེ་ལ་ལྕེབས་ཐག་བརྒྱབ་དང་འདྲ་བོ་རེད། ཕྲན་གྱི་བསམ་པར་མཚོན་ཆ་འདི་རིགས་ཀྱིས་དམག་དོན་བསྒྲུབས་བསམ་པ་གང་ཡང་མེད། འོན་ཀྱང་། ཤུལ་རྫས་གཅེས་སྐྱོངས་དགོས་བ་འདི་རིག་གཞུང་གཅེས་འཛིན་བྱེད་པའི་ཆ་ཤས་ཅིག་རེད། དངོས་ནས་བོད་ཀྱི་བླ་སྤྲུལ་འདི་ཚོ་ལྐུགས་རྟགས་འདི་འདྲ་སྟོན་རྒྱུ་ཡོད་བ་རེད། དངོས་ནས་ངུ་རྒྱུ་ཡོང་གི་འདུག

    Reply
  4. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    ངས་བསམ་ཚུལ་ཡིན་ན། རྫ་ཆུ་ཁ་ནས་མཚོན་ཆའི་རིགས་འདྲ་མིན་གྲངས༡༠༠༠བརྒལ་བ་མེར་བསྲེགས་བཏང་ཡོད་ན་ཅུང་མ་འགྲིག་པ་རེད། ད་དུང་མཚོན་ཆ་དེ་དག་གི་ཁྲོད་བོད་རང་གི་མགར་བ་སོགས་ཀྱིས་བརྡུངས་པའི་སྒྱུ་རྩལ་གྱི་དངོས་རྫས་ཤིག་ཡོད་ན་དེ་བས་ཀྱང་མ་འགྲིག་པ་རེད། ཅི་བཤད་ཀྱང་མ་བཤད་ཀྱང་། བོད་མི་རིགས་འདི་སྲམ་གཟིག་གི་པགས་པ་གྱོན་མཁན་ཞིག་དང་མཚོན་ཆ་འདོགས་མཁན་ཞིག་ཡིན་པ་བོད་པར་དོ་སྣང་ཡོད་པའི་འཛམ་གླིང་མི་མང་གིས་ཤེས་ཀྱི་རེད། ད་ལྟའི་ཆར་བེད་སྤྱོད་མ་གནང་ན་ཡག་པོ་རེད། མཚོན་ཆ་དེ་དག་འགྲེམ་སྟོན་ཁང་ཞིག་ཏུ་ཉར་ཚགས་གནང་པ་ཡིན་ན། དེའི་ལོ་རྒྱུས་སམ་དུས་ཚོད་ཀྱི་འཕོ་འགྱུར་ཞིག་མཐོང་གི་རེད། ལེགས་ཉེས་ལ་མ་ལྟོས་པར་མི་རིགས་སུ་ཡིན་རུང་རང་གི་གོམས་སྲོལ་དང་སྒྱུ་རྩལ་མཚོན་པའི་བྱ་དངོས་དག་ལོ་རྒྱུས་ཀྱི་དེབ་ཐེར་དང་། འགྲེམ་སྟོན་གྱི་ཤེལ་ཁང་དུ་སྦས་སྐུང་བྱེད་ས་མེད་ལ། དེ་ལྟར་བྱ་མི་རུང་པ་རེད

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    སྤྱིར་མཚོན་ཆ་བྱེད་སྤྱོད་མི་གཏོང་བའི་ལས་འགུལ་འདི་ཡག་པོ་རེད་ལ་ཞི་བདེ་ལ་དགའ་མཁན་ཡོངས་ཀྱིས་རྒྱབ་བྱེད་དགོས་པ་ཞིག་རེད། འོན་ཀྱང་མཚོན་ཆ་འདི་དག་མེར་བསྲེགས་གཏོང་བ་ནི་ཐལ་དྲག་པའི་ལས་ཀ་ཞིག་ཏེ་རིག་དངོས་རྩ་བརླགས་བྱས་པ་ཞིག་ལ་འགྱུར་གྱིན་པས་རྗེས་ཕྱོགས་ཐ་དྲག་པས་ལས་འགུལ་མ་སྤེལ་ན་ཡག་ངེས་རེད། འདི་དག་ཀྱང་བོད་ཀྱི་རིགས་དངོས་ནི་ཡིན་ངེས་རེད། ཕངས་པ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese