མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེཊ་གཏོང་དགོས་པའི་རྒྱུ་མཚན་ཁ་གསལ་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ ༥༠ ལྷག་གི་གསར་འགོད་ལས་རིགས་ལ་ཉམས་མྱོང་ཡོད་མཁན་ལྕམ་ཇཱ་ནེ་པཱར་ཀཱེན་ལགས་སུ། བཙན་བྱོལ་སྒྲིག་འཛུགས་དང་སྤྱི་ཚོགས། བོད་དོན་འཐབ་རྩོད། བོད་དོན་རྒྱལ་སྤྱི་ཅན་དུ་འགྱུར་ཐུབ་ཀྱི་ཡོད་མེད་སོགས་ལ་གླེང་མོལ་བྱས་ཡོད།

ལྕམ་ཇཱ་ནེ་པཱར་ཀཱེན་(Jane Perkins)ལགས་ནི་སྐྱེས་ས་དབྱིན་ཡུལ་དང་མི་ཚེའི་དུས་ཚོད་རིང་ཤོས་སྐྱེལ་ས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆགས་ཡོད་འདུག ཁོང་མོས་ ༡༩༥༩ ལོ་ཙམ་ནས་དབྱིན་ཡུལ་དང་ཧོང་ཀོང་། སེང་གྷ་པོར། ཨོ་སི་ཊོ་ལེ་ཡ་སོགས་སུ་ཚགས་པར་དང་དུས་དེབ། བརྙན་འཕྲིན་སོཊ་སུ་གསར་འགོད་པ་དང་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་ཞིང་། ཁོང་མོ་རང་ལོ་ ༣༢ སྟེ་ཕྱི་ལོ་ ༡༩༧༣ ཙམ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོཊ་ལ་འབྲེལ་བ་ཐོག་མར་བྱུང་སྟེ། བོད་ཀྱི་གནས་བབ་ལ་ཞིབ་འཇུག་གིས་དཔེ་དེབ་འབྲི་བ་དང་། ངྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་པ་སོཊ་བཙན་བྱོལ་བོད་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་རྒྱུན་རིང་རོལ་ཡོད་པ་མ་ཟད། ད་ཆར་ངྷ་རམ་ས་ལར་ཁང་པ་ཉོས་ཏེ་གཏན་སྡོད་གནང་ཡོད།

གསར་འགོད་པས་ཁོང་མོ་དང་གླེང་མོལ་བརྒྱུད་ཁོང་མོ་བཙན་བྱོལ་བོད་མིར་ཐོག་མར་འབྲེལ་བ་བྱུང་སྟངས་སྐོར་ཤེས་རྟོགས་བྱུང་བ་ལྟར་ན། ༡༩༧༣ ལོར་ཁོང་མོ་ཧོང་ཀོང་ནས་རྒྱ་གར་དུ་ཡོང་ཡོད་ཅིང་། སྐབས་དེར་རྡོ་རྗེ་གླིང་(Darjeeling)ནས་བོད་པའི་བུད་མེད་ཅིག་དང་ངོ་ཤེས་ཆགས་ཡོད་འདུག བོད་པའི་བུད་མེད་དེའི་ཁྱོ་ག་རིན་པོ་ཆེ་ཞིག་ཡིན་འདུག་ལ། རྗེས་སུ་ཁོང་མོ་རིན་པོ་ཆེ་དེ་བཟའ་མི་གཉིས་ཀྱི་བུ་སྐལ་ལྟ་བུར་ཉར་ཏེ་ཁྱིམ་ཚང་གཅིག་གི་མཛའ་བརྩེ་ཆགས་ཡོད་འདུག

ལྕམ་ཇཱ་ནེ་པཱར་ཀཱེན་ལགས་ ༡༩༧༨ ལོར་བོད་ཀྱི་སྐོར་ལ་དེབ་ཅིག་འབྲི་ཆེད། ངྷ་རམ་ས་ལར་ཡོང་སྟེ་ལོ་གཅིག་ལྷག་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་ནས་ཉམས་ཞིབ་གནང་ཡོད་འདུག་ལ། སྐབས་དེར་ངྷ་སའི་བོད་མི་ཚོ་དང་འབྲེལ་འདྲིས་བྱས་པའི་སྐོར་ནས་བརྗོད་དོན། “དེ་དུས་ང་ལ་དཀའ་ངལ་ཆེན་པོ་འཕྲད་བྱུང་། སྐད་མ་གོ་བའི་དཀའ་ངལ་མ་རེད། ང་ཨེ་ཤ་ཡའི་ལུང་པ་མང་པོར་ཕྱིན་པ་ཡིན་ལ་དཀའ་ངལ་གཙོ་བོ་སྐད་མ་རེད། གཙོ་བོ་བོད་པ་ཚོ་དོགས་ཟོན་ཆེན་པོ་དང་སྐད་ཆ་བཤད་ཀྱི་མི་འདུག དཔེ་མཚོན་ཞིག་ཞུས་ན། བོད་རང་བཙན་མ་ཤོར་གོང་གི་གདན་ས་གསུམ་དང་རང་བཙན་ཤོར་བའི་རྗེས་ཀྱི་རྒྱ་གར་ནང་གི་གདན་ས་གསུམ་གྱི་བར་ལ་དབྱེ་ཞིབ་བྱ་ཆེད་ཆོས་རིག་ལས་ཁུངས་སུ་ཕྱིན་ཏེ། གདན་ས་ཁག་གི་གྲྭ་པའི་གྲངས་ཚད་སྐད་ཆ་དྲིས་སྐབས་ཁྱོན་ནས་བཤད་མ་སོང་། ངས་ཁྱོན་ནས་མགོ་འཚོས་མ་སོང་། ག་རེ་བྱས་ནས་བོད་མི་ཚོ་སོ་སོ་ཕྱིའི་སྤྱི་ཚོགས་ནས་ཁེར་རྐྱང་དུ་སྡོད་ཐབས་བྱེད་ཀྱི་ཡོད་ན། འུ་ཐུག་ཐབས་ཟད་ཀྱིས་ང་ཐེངས་མང་པོར་གཙུག་ལག་ཁག་ཏུ་སོང་སྟེ། གུ་རུ་རིན་པོ་ཆེའི་མདུན་ནས་མིག་ཆུ་གཏོང་བཞིན། གུ་རུ་རིན་པོ་ཆེ། ཐུགས་རྗེ་གཟིགས། བོད་ཀྱི་བཀག་རྒྱ་འདི་གྲོལ་རོགས་གནང་ཞེས་ཞུ་བ་འཐེན་པ་ཡིན”ཞེས་རྩེད་མོ་དང་སྦྲགས་ཏེ་བརྗོད་བྱུང་།

ཁོང་མོས་མུ་མཐུད་དུ་དཀའ་ངལ་དེ་ངྷ་རམ་ས་ལར་ཡོང་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོར་འཕྲད་ཀྱི་ཡོད་སྐོར་བརྗོད་དོན། “དཔེར་ན། ༢༠༠༨ལོར་བོད་ནང་ཡར་ལངས་སྐབས། རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་འགྲོ་འཇུག་གི་མེད་དུས། མང་པོ་ཞིག་ངྷ་རམ་ས་ལར་ཡོང་ཡོད་པ་རེད། ཡིན་ནའང་འདི་ནས་མི་རེ་ཟུང་ཞིག་གིས་མ་གཏོགས་སྐད་ཆ་བཤད་ཆོག་གི་ཡོད་པ་མ་རེད། བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་ཀྱིས་བོད་སྐད་ནང་མང་པོ་ཞིག་བཤད་པ་ལས། སྐད་སྒྱུར་བ་མི་འདུག་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་དཀའ་ལས་ཁག་པོ་འདྲ་ཞིག་ཆཊ་ཡོད་སྟབས། ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གནས་ཚུལ་གང་ཡང་རག་ཡོད་པ་མ་རེད། ཉིན་ཞིག་གཙུག་ལག་ཁང་གི་མཛད་སྒོ་ཞིག་གི་སྐབས་སུ། ངོ་ཤེས་གསར་འགོད་པ་ཁག་ཅིག་གིས་ག་རེ་ཤོད་ཀྱི་འདུག་ཟེར་ནས་ང་ལ་སྐད་ཆ་དྲིས་སོང་། ངས་ཀྱང་ཁོ་ཚོར་འགྲེལ་བཤད་གསལ་པོ་ཞིག་བསྐྱོན་ཐུབ་མ་སོང་། ”ཞེས་བློ་ཕམ་དང་བཅས་བརྗོད་བྱུང་།

ཡང་ཁོང་གིས།“ང་རང་གིས་བསམ་ན། ལས་འགན་ཡོད་མེད་ལ་མ་ལྟོས་པར་གང་ཐུབ་ཀྱིས་གནས་ཚུལ་ཁྱབ་སྤེལ་ལ་ཤུགས་རྒྱག་དགོས་པ་རེད། བོད་ནང་གི་གནས་ཚུལ་དང་ཆབ་སྲིད་སོགས་གནད་དོན་ཆེན་པོ་ཤེས་ཀྱི་མེད་ཀྱང་། སོ་སོ་རང་གི་ལོ་རྒྱུས་ཤོད། ནང་མིའི་ལོ་རྒྱུས་ཤོད། དཀའ་ངལ་དང་སེམས་སྡུག་ནང་དུ་མ་སྦས་པར་ཕྱི་ལ་འདོན་དགོས་པ་རེད། གསར་འགྱུར་བརྒྱུད་ལམ་ཁག་གིས་ཁྱེད་ཚོར་ཁ་ཡོད་ལག་ཡོད་ཐོག་རོགས་པ་བྱེད་ཐུབ་ངེས་རེད་”ཅེས་བརྗོད་དེ། ད་ལྟའི་མགོ་ཁྲིད་གསར་པའི་སྐབས་སུ་ལས་དོན་དང་སྲིད་བྱུས་ཐོག་དམིགས་བསལ་འགྱུར་པ་དེ་འདྲ་ཐེབས་མེད་ཀྱང་། བོད་དོན་དྲིལ་བསྒྲགས་ཐད་སྔར་ལས་ཡར་རྒྱས་ཆེན་པོ་ཕྱིན་སོང་བ་མ་ཟད། གསར་འགོད་གསལ་བསྒྲགས་རིགས་དབྱིན་སྐད་ཐོག་རག་ཆོག་ཆོག་ཡོད་པ་དེ་འགྱུར་བ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

བོད་ནང་གི་རང་ལུས་མེར་བསྲེགས་ལ་རྒྱལ་སྤྱིའི་ཐོག་དོ་སྣང་དེ་ཙམ་ཡོང་ཐུབ་ཀྱི་མེད་པའི་སྐོར་དྲིས་པར། “ མང་པོ་ཞིག་གིས་ལས་འགུལ་གྱི་བཟང་སྤྱོད་ལ་གདུང་སེམས་མཉམ་སྐྱེད་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་མཐོང་སྣང་ཞིག་ཡོང་གི་འདུག འོན་ཀྱང་བཙན་བྱོལ་ནང་ཚ་ཚ་འུར་འུར་དང་གནད་ལ་འཁེལ་བ་ཞིག་ཡོང་ཐུབ་ཀྱི་མི་འདུག བོད་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་རྒྱལ་སྤྱིའི་སྟེང་ཤུགས་ཆེན་པོ་འགྲོ་ཐུབ་ཀྱི་མེད་པའི་ཐད་མང་པོ་ཞིག་ལ་དྲི་བ་ཆེན་པོ་ཆགས་ཡོང་གི་ཡོད་པ་རེད། དེའི་རྒྱུ་རྐྱེན་ནི། མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཁ་གསལ་མེད་པ། མེར་བསྲེགས་ཀྱི་གནས་ཚུལ་ཕྱི་ལ་འབྱོར་པ་ཧ་ཅང་བསྡུས་པ་ཞིག་ལས་མེད་པ། ཕྱིར་འབྱོར་པའི་རིགས་ཀྱང་ངོ་དེབ་དང་ཊི་ཊར་སོགས་ཀྱི་སྟེང་སྤེལ་པ་སོགས་ལ་བརྟེན་ཏེ་བྱུང་བ་རེད། རྒྱུ་རྐྱེན་གཞན་ཞིག་ནི།གནས་ཚུལ་ཕྱིར་བསྒྲགས་བྱེད་སྐབས་ཞིབ་ཚགས་མེད་པས་ལན་པ་རེད་དྲན་ཡོད། གནས་ཚུལ་ཅི་ཞིག་གི་སྐོར་ཕྱིར་བསྒྲགས་བྱེད་སྐབས་ཀླད་ཀོར་ནས་མགོ་འཛུགས་དགོས” ཞེས་བརྗོད་བྱུང་།

གནས་ཚུལ་ཀླད་ཀོར་ནས་མགོ་འཛུགས་ཟེར་བ་དེ་ག་རེ་ཡིན་མིན་དྲིས་པར། “ དཔེར་ན། རྔ་བ་ནས་ཚེ་རིང་ཟེར་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཟེར་བ་ལྟ་བུར་མཚོན་ན། རྔ་བ་ཟེར་ན་འཛམ་གླིང་གི་ས་གནས་གང་ཞིག་དང་། གནས་སྟངས་གང་འདྲ་ཡིན་མིན། ག་རེ་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ། བོད་ཟེར་ན་གནས་སྟངས་གང་འདྲ་ཞིག་གི་འོག་གནས་ཡོད་མེད། འདི་དག་བོད་པ་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཉུང་ཤས་ཤིག་གི་མ་གཏོགས་ཤེས་གི་མ་རེད། འཛམ་གླིང་མི་མང་ཁྲོད་བོད་ཀྱི་སྐོར་ཤེས་རྟོགས་ཡོད་མཁན་ཉུང་ཉུང་རེད། དེར་བརྟེན། གནས་ཚུལ་ག་རེ་སྐོར་ཡིན་ཡང་ཀླད་ཀོར་ནས་མགོ་བཙུགས་ཏེ། ཁ་གསལ་པོ་དང་ཞིབ་ཚགས་འབྲི་དགོས་པ་རེད”ཟེར།

ཡང་ཁོང་མོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་ལ་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར། “ སྤྱིའི་ཆ་ནས་རྒྱ་གར་གཞུང་ནི། འཛམ་གླིང་ནང་གི་གཞུང་ཚགས་ཚུད་སྤུས་དགགནད་དུ་སྨིན་པ། མྱུར་པོ་དེ་འདྲ་ཞིག་མིན་སྟབས། བཙན་བྱོལ་བོད་མིས་རྒྱ་གར་གཞུང་ལ་དཔེ་བྱས་ཏེ་གཞུང་གི་སྒྲོམ་གཞི་བཟོས་པ་དེ་འགྲིག་ཡོད་པ་མ་རེད། འོན་ཀྱང་ཕྱི་དྲགས་པ་རེད་བྱ་ཐབས་གཞན་ཁག་པོ་རེད། གལ་སྲིད། ང་ལྷ་མོ་རྫུ་འཕྲུལ་མའི་དངོས་གྲུབ་འཐོབ་རྒྱུ་ཡོད་པ་ཞིག་ཡིན་ན།རེ་བ་དང་པོ་དེ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་ཡིན། གང་ལྟར་ཛ་དྲག་གི་གསོན་ཉམས་མེད་པར་ལྷོད་སྡོད་རང་བཞིན་དང་། གཞུང་གི་ལས་བྱེད་ལ་མཚོན་ནའང་ཉིན་རེའི་ལས་དོན་ཙམ་ལས་ཕུགས་བསམ་བརྟན་པོའི་ཐོག་ནས་ནུས་པ་འདོན་མཁན་ཉུང་ཉུང་རེད” ཅེས་བརྗོད་བྱུང་།

མཇུག་ཏུ་བཙན་བྱོལ་བོད་རིགས་མི་མང་ཐོག་མཐོང་སྣང་གང་འདྲ་བྱུང་ཡོད་མེད་དྲིས་པར། “ བོད་མི་ཚང་མར་གཅིག་མཚུངས་ཀྱི་མན་ངག་ཅིག་ཡོད་པ་དང་། དེ་ནི། ༧གོང་ས་མཆོག་གིས་ཐག་ག་རེ་བཅད་པ་དང་། ག་རེ་གསུངས་པ་ཡང་དག་པ་ཡིན་པ་དང་། བཀའ་བཞིན་ཞུ།ང་ཚོ་༧གོང་ས་མཆོག་ལ་ཡིད་ཆེས་མཐའ་གཅིག་ཏུ་ཡོད། ཁོང་གིས་ཐག་གཅོད་ག་རེ་གནང་བ་དེར་བསམ་ཚུལ་གང་ཡང་མེད་ཟེར་པ་དེ་རེད། བདེན་པ་རེད། ༧གོང་ས་མཆོག་བོད་མི་ཚོའི་བླ་ན་མེད་པའི་དབུ་ཁྲིད་རེད། ཁོང་བོད་ཙམ་མ་ཡིན་པར་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་ཞིག་རེད། འོན་ཀྱང་། ཁོང་བོད་པ་མི་གཅིག་རེད། བོད་ཀྱི་རྩ་དོན་ཐད་བོད་པ་ཚང་མར་འགན་ཡོད་པ་རེད། བསམ་བློ་གཏོང་དགོས་པ་རེད། ལས་ཀ་བྱེད་དགོས་པ་རེད། ཐ་ན་༧གོང་ས་མཆོག་གི་དགོངས་འཆར་དང་། ཐག་གཅོད་ཐོག་ཏུའང་དོགས་སློང་དང་བསམ་ཚུལ་བཤད་ཚེ།གང་ཟག་རེ་རེ་ལ་བསམ་བློའི་ནུས་པ་མ་འདྲ་བ་དང་། མི་ཚེའི་ཉམས་མྱོང་མ་འདྲ་བ།ཤེས་རྟོགས་ཀྱི་ཁྱབ་ཁོངས་མ་འདྲ་བ་སྣ་ཚོགས་ཡོད་སྟབས། དེ་ལ་དཔག་པའི་བློ་སྐྱེད་གསར་པ་དང་ནུས་པ་ཆེན་པོ་འཐོན་གི་རེད། ལྷག་པར་དུ་ད་ཆར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་མི་མང་ལ་རྩིས་སྤྲོད་བྱས་ཡོད་པ་དེས། བོད་པ་མི་རེ་ངོ་རེ་ལ་འགན་ཆེན་པོ་ཞིག་སྤྲད་ཡོད་པ་རེད་” ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

མཆན། 1

  1. གནས་ཚང་། says:
    ལོ་ 14 སྔོན།

    དོན་དག་ངོ་མ་ཞིག་བཤད་འདུག བོད་མི་ཡོད་དོ་ཅོག་གིས་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག ཐུགས་རྗེ་ཆེ། ཁྱེད་རང་མ་གཞི་གུ་རི་མ་རིན་པོ་ཆེ་ཞིག་ཡིན་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese