གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་དེ་འཆར་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣ ནས་ ༡༤ ཉིན་བར། ལ་དྭཊ་རྒྱལ་ས་སླེ་རུ་ཡོད་པའི་ཞི་བ་ཚལ་དུ་བསྩལ་གཏན་ཁེལ་ཡོད་པ་རེད།
ལོ་རྗེས་མའི་ཕྱི་ཟླ་ ༧ པའི་ཚེས་ ༣ ནས་ ༡༤ ཉིན་བར་དུས་ཡུན་ཉིན་གྲངས་ ༡༡ གྱི་རིང་། ༸གོང་ས་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་ཞི་བ་ཚལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་བསྩལ་གཏན་ཁེལ་འདུག ཉེ་ལམ་འདི་གའི་གསར་འགོད་པས་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་གིས་ལོ་རྗེས་མར་ལ་དྭགས་སུ་དུས་འཁོར་བཀའ་དབང་ཐེངས་སོ་གསུམ་པ་གནང་གཏན་ཁེལ་ཡོད་པ་དང་། བསྟན་པའི་སྦྱིན་བདག་གཙོ་བོ་ཁག་ནི། ལ་དྭགས་ནང་པའི་ཆོས་ཚོགས་དང་ལ་དྭགས་དགོན་ཚོགས། གཞིས་བྱེས་ཇོ་ནང་ཆོས་བརྒྱུད་དང་གཞིས་བྱེས་ཀོང་པོ་མི་དམངས། དེ་བཞིན་དད་ལྡན་བོད་མི་སྒེར་བ་ཁག་ཅིག་བཅས་ཡིན་སྐོར་བརྗོད་བྱུང་།
བཀྲ་ཤིས་པའི་གཏམ་བཟང་རེད།
ལ་དྭགས་པ་རྣམས་ཀྱི་མདུན་དུ་ཨ་མར་བཱ་ཏིའི་དུས་དབང་བཞིན་ཆོས་ཞུ་ཚང་མས་གཅིག་བསྒྲགས་བསྟོད་བསྔགས་བྱས་པ་ལྟ་བུའི་དུས་དབང་གྲ་སྒྲིག་ཅིག
གླེ་ཞི་བའི་ཚལ། ཞེས་ཡོངས་སུ་གྲགས་པ་རེད། ཞི་བ་ཚལ། སླེ། ཟེར་ཡོང་དུས་མ་བདེ་བ་ཞིག་འདུག
བཅོས་དགོས་པ་རེད། ཁ་སང་མཆན་ཞིག་ནང་བཅོས་ཀྱང་མ་བཅོས་པས་གོ་དོན་ཞིག་ཡོད་ངེས་རེད།