མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་གི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་ཨ་རིའི་ཕོར་ཊི་ལན་གྲོང་ཁྱེར་ནང་མཛད་འཕྲིན་བསྐྱངས་ཏེ་སློབ་ཆེན་གྱི་དགེ་སློབ་དང་ཆོས་ལུགས་དབུ་ཁྲིད་ཚོར་བཀའ་སློབ་གནང་འདུག

དེ་རིང་ཨ་རིའི་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག་༧གོས་ས་མཆོག་འདི་གའི་ཕོར་ཊི་ལན་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་ཕོར་ཏྲི་ལན་སློབ་གྲྭ་ཆེན་མོའི་ཆའ་ཡལ་སུ་(University of Portland, Chiles Center) ཞེས་པའི་ཚོགས་ཁང་དུ་ཕེབས་ཏེ། དུས་ཡུན་ཆུ་ཚོད་གཉིས་རིང་ལ། ཆོས་དད་དང་ཁོར་ཡུག་ཅེས་པའི་བརྗོད་གཞིའི་ཐོག་ས་ཁུལ་འདིའི་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་རྣམ་པ་དང་ལྷན་དུ་བགྲོ་གླེང་གནང་སོང་།

དེ་རིང་གི་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་གྱི་མི་སྣ་དག་ནི། ཕོར་ལན་སློབ་ཆེན་གྱི་སློབ་སྤྱི་ཝེ་ལེམ་བྷོ་ཤམ་( William Beauchamp) མཆོག་དང་། ཇོའུ་ཆོས་ལུགས་ཀྱི་དབུ་ཁྲིད་རའ་བྷིས་མཡེ་ཀལ་(Rabbi Michael Cahana) མཆོག ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད། མོ་ཧ་མི་ཌི་ནའ་ལྗིབ་( Muhammed Najieb )མཆོག ཨ་རིའི་གདོད་མའི་མི་རིགས་ཀྱི་སོ་ལི་ཚི་ཞེས་པའི་ཚོ་ཁག་གི་དབུ་ཁྲིད། རྨོ་ཨེག་ནིས་བྷེ་ཁིར( Grandmother Agnes Baker pilgrim)མཆོག་བཅས་བཅོས་པའི་མི་མང་ ༥༠༠༠ ཙམ་འདུ་འཛོམས་བྱུང་སོང་།

བགྲོ་གླེང་སྐབས་༧གོང་ས་མཆོག་གིས། “འཇིག་རྟེན་འདིར་ཆོས་ལུགས་ཚང་མ་འདྲ་མཉམ་དང་། ཞི་བདེ་བག་ཕེབས་ངང་གནས་ཐུབ་པར་ཆ་རྐྱེན་གལ་ཆེ་ཤོས་དེ་ཆོས་ལུགས་མ་འདྲ་བར་ཆ་སྙོམས་ཀྱི་ལྟ་ཚུལ་དང་། ཕན་ཚུན་གུས་བརྩི་བྱ་རྒྱུ་དེ་རེད། ང་ཚོས་ནམ་ཡང་སའི་གོ་ལ་འདིའི་སྟེང་གི་འགྲོ་བ་མི་ཡོད་ཚད་ནང་པར་ཡང་བསྒྱུར་མི་ཐུབ་ལ། ཡེ་ཤུའི་དང་ཁ་ཆེའི་ཆོས་ལུགས་སོགས་ལའང་བསྒྱུར་ཐབས་མེད།” ཞེས་དང་། ཡང་ཁོང་གིས། “ཚན་རིག་གི་འཕེལ་རིམ་ལ་བརྟེན་ནས་ང་ཚོ་རྒྱུ་སྐར་མིག་དམར་དང་ཟླ་བ་སོགས་ཀྱི་སྟེང་དུ་བསྐྱོད་ཐུབ་ཀྱི་ཡོད་ཀྱང་། དེ་དག་ཏུ་འགྲོ་བ་མི་གནས་སྡོད་བྱེད་ཐབས་གཏན་ནས་མེད་པར་འདོད། དེར་བརྟེན། ང་ཚོས་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་འདི་ལ་བདག་གཅེས་ལེགས་པོ་གནང་དགོས་པ་མ་ཟད། སའི་གོ་ལའི་དྲོད་ཚད་ཀྱི་གནད་དོན་འདི་ལའང་ངེས་པར་དུ་བསམ་བློ་ཞིབ་ནན་གཏོང་དགོས་ཀྱི་འདུག” ཅེས་གསུངས།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ ༣།༠༠ བར་སླར་ཡང་ཚོགས་ཁང་དེའི་ནང་མཛད་འཆར་བསྐྱངས་ཡོད་པ་དང་། ཐོག་མར་ཕོར་ཏྲི་ལན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཆར་ལིས་ཧེལ་སུ་( Charlie Hales, City Mayor) མཆོག་གིས་༧གོང་ས་མཆོག་ངོ་སྤྲོད་དང་སྦྲགས་དགའ་བསུའི་འཚམས་འདྲི་ཞུས། དེ་ནས་༧ གོང་ས་མཆོག་གིས་ཀུན་ཁྱབ་འགན་འཁྲི་དང་ནང་གི་ཁོར་ཡུག སེམས་ཀྱི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་དོན། “མཚམས་རེར་ང་ཚོས་ཚན་རྩལ་ཡར་རྒྱས་ཀྱིས་ཡོད་ཚད་དབང་བསྒྱུར་བྱེད་ཐུབ་པར་འདོད་ཀྱི་ཡོད་མོད། ཕྱོགས་ཁ་ཤས་ནས་བལྟས་ན་དེ་བདེན་པ་རེད། འཕྲུལ་རྩལ་ལ་བརྟེན་ཏེ་ང་ཚོས་ཁང་པ་ཆེན་པོ་འདིའི་ནང་ལོགས་ཚ་བོ་དང་གྲངས་མོ་བཟོ་ཐུབ་ཀྱི་རེད། འོན་ཀྱང་། འཛམ་བུ་གླིང་གཞིར་བཞག་སྟེ་བཤད་ན། རང་བྱུང་ཁམས་ཀྱི་ནུས་པ་ལ་འགྲན་ཟླ་ཡེ་ནས་མེད” ཅེས་གསུངས།

ཡང་༧གོང་ས་མཆོག་གིས། “ང་ཚོས་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། རྒྱལ་ཁབ་མང་པོའི་ནང་། མི་སེར་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཁྲུག་ལ་ཞུགས་པ་ནི་རྒྱལ་ཞེན་དང་། སྤོབས་པར་བརྩིས་ཡོད་ཀྱང་། བསམ་བློ་དེའི་རིགས་རིམ་གྱིས་འགྱུར་བཞིན་ཡོད་པ་རེད། དཔེར་ན། དུས་རབས་ཉི་ཤུ་པའི་མཇུག་ནས་ཨ་རི་སོགས་ལུང་པ་མང་པོའི་ནང་མི་མང་གིས་དམག་འཁྲུག་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད། ཡང་མི་ཁ་ཤས་ཀྱིས་ཤར་དང་ནུབ་ཅེས་མི་ལ་དབྱེ་འབྱེད་བྱེད་མཁན་ཡོང་གི་ཡོད་པ་དེ་ནི་ངོ་མ་བྱབ་ཆུང་རེད། མི་ཚང་མ་གཅིག་པ་ཡིན། དཔེར་ན། ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་ཚོ་ཡང་ཕན་ཚུན་གཉེན་སྒྲིག་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱི་ཡོད་ལ། བུ་ཕྲུག་ཀྱང་སྙིང་རྗེ་བོ་སྐྱེ་བཞིན་ཡོད་པ་རེད།”ཞེས་གསུངས།

ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༢༠ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༣ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese