མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་ཁྱད་གསོད་བྱས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་པེན་སེལ་ཝ་ནེ་ཡཱ་སློབ་ཆེན་གྱི་མཐར་ཕྱིན་མཛད་སྒོའི་ཐོག་སྲིད་འཛིན་གཞོན་པ་ཇའོ་བྷེ་ཌེན་གྱིས་སྤེལ་པའི་གཏམ་བཤད་དེས། སློབ་ཆེན་དེའི་རྒྱ་རིགས་སློབ་མ་ཚོར་ཕོག་ཐུག་བྱུང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་ཨ་རིའི་པེན་སེལ་ཝ་ནེ་ཡཱ་ (Pensylvania) སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་མཛད་སྒོའི་སྐུ་མགྲོན་དུ་སྲིད་འཛིན་ཨོ་བྷ་མའི་བཟའ་ཟླ་མེ་ཁཱལ་ལེ་ཨོ་བྷ་མ་ (Michelle Obama ) དང་སྲིད་འཛིན་ཟུར་པ་བྷེལ་ཁི་ལེན་ཊོན (Bill Clinton) ། ཨ་རིའི་སྲིད་འཛིན་གཞོན་པ་ཇའོ་བྷེ་ཌེན་ (Joe Biden) བཅས་གདན་ཞུ་བྱས་ཡོད་ཅིང་། མཛད་སྒོའི་ཐོག་སྲིད་འཛིན་གཞོན་པ་བྷེ་ཌེན་གྱིས་གཏམ་བཤད་སྤེལ་བ་དེས། དེར་ཡོད་རྒྱ་རིགས་སློབ་མ་ཚོར་ཕོག་ཐུག་བྱུང་ཡོད་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་སློབ་ཆེན་དེར་ཡོད་པའི་རྒྱ་རིགས་སློབ་མ་ ༣༠༠ ཙམ་གྱི་མིང་རྟགས་བཀོད་པའི་སྐྱོན་བརྗོད་ཡི་གེ་ཞིག་སློབ་ཆེན་དེའི་མགོ་གཙོ་བརྒྱུད་ཇའོ་བྷེ་ཌེན་ལ་ཕུལ་ཡོད་འདུག

རྒྱ་རིགས་སློབ་མ་ཚོར་ཕོག་ཐུག་བྱུང་དོན་ནི་སྲིད་འཛིན་གཞོན་པའི་གཏམ་བཤད་ནང་།  “རྒྱ་མིས་ང་ཚོའི་ཟ་མ་ཟ་འཆར་ཡོད་པ་རེད། འོན་ཀྱང་ཁོ་ཚོར་དཀའ་ངལ་རྫོགས་མཐའ་མེད་པ་ཞིག་ཡོད། ང་ཚོར་ཡོད་པ་མང་པོ་ཞིག་ཁོ་ཚོར་ཕུང་བསྡད་ཡོད། ” ཅེས་དང་། ཡང་ཁོང་གིས་ “ཨ་རིའི་ཤེས་ཡོན་ལམ་ལུགས་དང་ཁྲིམས་ལུགས། ཁྲོམ་རའི་རྒྱ་ཁྱབ། འཕྲུལ་རིགས་གསར་གཏོད་སོགས་ཚང་མ་བསམ་བློ་མ་འདྲ་བ་བཏང་བ་ལས་བྱུང་ཡོད། ” ཅེས་བརྗོད་ཡོད་པ་མ་ཟད། ཁོས་རྒྱ་རིགས་སློབ་མ་ཚོར་ཁ་ཕྱོགས་ཏེ། “ཁྱེད་རང་ཚོས་རང་དབང་གི་མཁའ་དབུགས་འབྱིན་རྔུབ་བྱེད་མི་ཐུབ་པའི་མི་རིགས་ (Nation) དེའི་ནང་བསམ་བློ་འདྲ་མིན་གཏོང་ཐུབ་ཀྱི་མེད།  ཁྱེད་རང་ཚོས་མཁྲེགས་འཛིན་ལམ་ལུགས་ (Orthodoxy) ལ་ངོ་རྒོལ་བྱེད་མི་ཐུབ་པའི་མི་རིགས་ (Nation) དེའི་ནང་བསམ་བློ་མ་འདྲ་བ་གཏོང་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། འགྱུར་བ་ནི་མཁྲེགས་འཛིན་ལམ་ལུགས་ལ་ངོ་རྒོལ་བྱེད་པ་ཁོ་ན་ལས་འབྱུང་གི་ཡོད། ” ཅེས་བརྗོད་འདུག

ཐེངས་འདིའི་སྲིད་འཛིན་གཞོན་པའི་གཏམ་བཤད་དེར་ངོ་རྒོལ་ཞུ་ཡིག་དང་མིང་རྟགས་བསྡུ་རུབ་བྱེད་མཁན་གཙོ་བོ་རྒྱ་རིགས་སློབ་མ་ཀྲང་ཐེན་པུ་ (Zhang Tianpu) ཟེར་བ་ཞིག་ཡིན་པ་དང་། ཁོ་ཚོས་གནས་སྟངས་མང་པོ་ཞིག་གི་ཐོག་ཇའོ་བྷེ་ཌེན་གྱིས་བཤད་པ་བདེན་ཡང་། རྒྱ་རིགས་སློབ་མ་ཚོས་ལོ་མང་རིང་དཀའ་ལས་བརྒྱབ་སྟེ་རྒྱལ་ཁབ་གཞན་གྱི་སློབ་མ་དང་མཉམ་དུ་དགའ་སྤྲོའི་མཐར་ཕྱིན་མཛད་སྒོར་ཞུགས་ཡོད་སྟབས། སྲིད་འཛིན་གཞོན་པས་ཁོ་ཚོར་མ་མཐར་ཡང་ངོ་སོ་ཞིག་སྤྲོད་དགོས་ནའང་། དེ་ལས་ལྡོག་སྟེ་མཛད་སྒོའི་སྟེང་ཁོ་ཚོར་ངོ་ཚ་དང་རྒྱལ་ཁབ་ལ་ཁྱད་གསོད་བྱས་ཡོད་སྐོར་བརྗོད་འདུག

རྒྱ་རིགས་སློབ་མ་ཚོས་གནད་དོན་གཙོ་བོ། ཇའོ་བྷེ་ཌེན་གྱིས་རྒྱ་ནག་ལ་རྒྱལ་ཁབ་ (Country or state) ཅེས་མ་བརྗོད་པར་མི་རིགས་ (Nation) ཙམ་གྱི་ངོ་བོར་དམའ་འབེབས་ཁྱད་གསོད་བྱས་ཡོད་སྐོར་བརྗོད་འདུག་ལ། ཀྲང་ཐེན་པུ་ཡིས་སྲིད་འཛིན་གཞོན་པའི་གཏམ་བཤད་དེ་ཡིག་ཐོག་ལ་ཕབས་ཏེ་རན་རེན་དྲ་གནས་ (renren.com) ཞེས་པའི་རྒྱ་ནག་གི་ངོ་དེབ་སྟེང་བཀོད་པར། ཉིན་གཉིས་གསུམ་རིང་རྒྱ་རིགས་ཁྲི་ ༤ ལྷག་གིས་ལྟ་ཀློག་དང་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་འདུག

སློབ་ཆེན་འདི་ནི་ཨ་རིའི་ནང་གི་རྒྱ་རིགས་སློབ་གཉེར་བ་མང་ཤོས་ཤིག་ཡིན་པ་དང་། ད་ཆར་སློབ་ཆེན་དེར་རྒྱ་རིགས་སློབ་ཕྲུག་སྟོང་ཕྲག་འགའ་ཡོད་འདུག་ལ། རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་གིས་ཐེངས་འདིའི་ཇའོ་བྷེ་ཌེན་གྱི་གཏམ་བཤད་དེ་དངོས་ཡོད་ཡིན་པར་བརྗོད་དེ་ངོ་རྒོལ་ནང་ཞུགས་མི་འདུག
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༡༠ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

མཆན། 3

  1. བོད་དགའ། says:
    ལོ་ 13 སྔོན།

    ཨ་རིའི་སྲིད་འཛིན་གཞོན་པའི་སྐད་ཆ་འདི་དོན་སྙིང་ལྡན་པ་དང་གནད་ལ་ཁེལ་བ་ཞིག་རེད། སྐབས་དེར་ཁོང་གིས་ Nation ཞེས་འབོད་དགོས་པར་རྒྱུ་མཚན་ཆེན་པོ་འགའ་ཡོད་པ་རེད་དྲན།
    སྤྱིར་དུས་རབས་ཉེར་གཅིག་པའི་ནང་འགྲོ་བ་མི་ཡི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། ཆོས་དད་རང་མོས། མི་མང་གིས་སྤྱི་ཚོགས་བདག་དབང་དང་རྒྱལ་ཁབ་སྟངས་འཛིན་བྱེད་པ་སོགས་ནི་རྩ་བའི་རྒྱལ་ཁབ་ཅིག་ལ་ཚང་དགོས་པ་དེ་རེད། རྒྱ་ནག་ལ་མཚོན་ན་འདི་དག་ཡོངས་སུ་རྩ་འགག་ཡིན་སྟབས་ཚད་དང་ལྡན་པའི་དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་ཅིག་མ་རེད་ཟེར་གྱིན་ཡོད་པ་རེད།
    ངོ་རྒོལ་བྱེད་མཁན་གྱི་རྒྱ་རིགས་སློབ་མ་དེ་ཚོ་དམར་པོའི་ལྟ་བས་འཆིང་སྡོད་མཁན་ཡིན་པ་ཧ་གོ་དོན་གསལ་རེད་འདུག་བ། དེ་མིན་འཛམ་གླིང་རྒྱལ་ཁབ་ཆེ་གྲས་ཁྱོན་ཡོངས་སུ་རྒྱ་རིགས་ཀྱིས་ས་མ་བཟུང་ས་ཞིག་དང་ཁྲིམས་འགལ་མ་བྱས་ས་ཞིག་ཕལ་ཆེར་མེད་པ་རེད།

    Reply
  2. སྐར་མདའ། says:
    ལོ་ 13 སྔོན།

    ཨོ་སྦ་མ་དང་། སྲིད་སྐྱོང་བློ་སེང་སོགས་ལྟར་རྒྱ་ནག་ལ་སྤྲེལ་ལད་འཁྲབ་ནས་མི་འདུག་པར། ཁོང་ལྟར་བདེན་པ་བདེན་ཐོག་གིས་གཏམ་བཤད་བྱེད་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད། རྒྱ་རིགས་ཚོས་ཨ་རིར་ཁྲིམས་འགལ་ལུགས་ངན་རིགས་བྱེད་སྟངས་ལ་བལྟས་ན། དངོས་གནས་རྒྱ་རིགས་ཀྱིས་ཨ་རིའི་ཟ་མ་ཟ་འཆར་ཡོད་པ་རེད།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    ཤེས་པ་ཅན་ལ་བདེན་པའི་ཉི་འོད་འཕྲོག དཀྲུག་ཐུ་ཅན་ལ་དགའ་བའི་གཏམ་རྙེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese