རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོཊ་རྒྱ་ནག་རྟོག་ཞིབ་ཚན་པས་རྒྱ་ནག་གིས་བཟའ་བཏུང་རིཊ་ལ་དུག་རྫས་བསྲེས་ལྷད་དང་སྨན་རིཊ་རྫུན་མ་ཐོན་སྐྱེད་བྱེད་བཞིན་པའི་སྐོར་ལ་ཚོཊ་འདུ་ཞིག་ཚོགས་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན། ཨ་རིའི་གྲོས་ཚོཊ་ནང་། ཨ་རིའི་གྲོས་ཚོགས་རྒྱ་ནག་རྟོག་ཞིབ་སྡེ་ཚན་(CECC)ཞེས་པས། ཨ་རིའི་སྨན་བཅོས་ལས་དོན་ཚན་པ་དང་ཨ་རིའི་ཟས་རིཊ་རྟོག་ཞིབ་ཁང་གི་མི་སྣ། དེ་བཞིན། ཨ་རིའི་ཁོར་ཡུག་སྲུང་སྐྱོབ་པ་དང་གསོ་བ་རིག་པའི་ཆེད་མཁས་པ་སོཊ་གདན་འདྲེན་ཞུས་ཏེ། རྒྱ་ནག་གི་ཐོན་རྫས་རྫུན་མ་དང་མི་མང་གི་འཕྲོད་བསྟེན་བདེ་འཇཊ་ཐད་བགྲོ་གླེང་ལྷན་ཚོཊ་ཤིག་བསྐོངས་ཡོད་འདུག
ལྷན་ཚོགས་ཐོག་ཨ་རིའི་དམངས་གཙོ་ཚོཊ་པའི་འཐུས་མི་སྐུ་ཞབས་ཤི་རོ་ཌི་བྷོན་(Sherrod Brow)ལགས་ཀྱིས་འདས་པའི་ལོ་འགའི་རིང་གི་རྒྱ་ནག་གི་ཅ་དངོས་ནང་འདྲེན་གྱི་དགེ་སྐྱོན་སྐོར་ལ་བརྗོད་དོན། “ ༢༠༠༡ ལོ་ནས་ ༢༠༡༢ ལོའི་བར་ཨ་རིས་རྒྱ་ནག་ནས་ཟས་རིགས་ནང་འདྲེན་བྱས་པ་སྔར་ལས་ལྡབ་ ༣ འཕར་ཡོད་པ་དང་། ལྷག་པར་དུ་ ༢༠༠༣ ལོ་ནས་ ༢༠༡༡ ལོའི་བར་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱས་པ་བརྒྱ་ཆ་ ༨༥ ལ་འཕར་འདུག ཨ་རིའི་མི་མང་ཚོས་རང་གི་བཟའ་བཏུང་དང་སྨན་རིཊ། ཅ་དངོས་མང་ཆེ་བ་རྒྱ་ནག་ནས་དབོར་འདྲེན་བྱས་པ་ཤེས་པ་ཡིན་ན་ཧང་སངས་གི་རེད། རྒྱ་ནག་ནས་ཐོན་པའི་ཟས་རིཊ་དང་སྨན་རིཊ་ཀྱིས་ང་ཚོར་ཉེན་ཁ་ཞིག་བསྐྱལ་ཡོང་གི་ཡོད་པ་རེད། ཚང་མས་དྲན་གསལ་ལྟར། ལོ་ངོ་ ༦ གོང་དུ་རྒྱ་ནག་གིས་ཁྲག་གི་འཁོར་རྒྱུག་མྱུར་ཚད་སྙོམས་སྒྲིག་བྱེད་པའི་སྨན་ (Heparin ) གྱི་ནང་དུ་རྫས་རིགས་བསྲེས་ལྷད་བྱས་ཏེ་ཨ་རི་བ་ ༡༤༩ འདས་གྲོངས་སུ་ཕྱིན་ཡོད། དེ་མིན་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཅ་དངོས་ཀྱི་དུག་རྫས་ལས་ཨ་རི་གཅིག་པུའི་ནང་མི་སྟོང་ལས་བརྒལ་འདས་གྲོངས་སུ་གྱུར་བ་མ་ཟད། མི་དེ་ལས་མང་བའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་ཕོག་ཡོད་པ་རེད” ཅེས་བརྗོད་འདུག
ཡང་ཁོང་གིས་རྒྱ་ནག་ནང་དངོས་ཟོག་རྫུན་མ་དང་དུག་རྫས་བསྲེས་ལྷད་བྱས་པའི་གནད་དོན་རིཊ་ཕྱི་རུ་འདོན་ཐུབ་པའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་མེད་པ་དང་། རང་དབང་ལྡན་པའི་ཁྲིམས་འཛིན་ལམ་ལུཊ་ཀྱིས་ཀྱང་ལྐོག་ཟ་རུལ་སུངས་བྱེད་མཁན་དཔོན་རིགས་ཁེ་ལས་བར་སྟངས་འཛིན་མི་ཐུབ་པ་བཅས་ལ་བརྟེན་ཏེ། རྒྱ་གཞུང་གི་དཔོན་རིཊ་ཚོས་མི་མང་གི་ཁེ་ཕན་སྲུང་སྐྱོབ་དང་ཕྱི་གསལ་ནང་གསལ་གྱི་ཐབས་ལམ་མི་འདེམས་པར། སྔར་ལས་སྦ་གསང་དང་འགན་ལེན་མེད་པའི་བྱ་སྤྱོད་མང་དུ་སྤེལ་བཞིན་ཡོད་སྐོར་སོགས་བརྗོད་འདུག